ཁུལ་ནགས་ལས་ཅུང་ཀྱི་ལས་སྒྲུབ་མི་སྣ་གཞི་རིམ་དུ་ཕྱིན་ནས་ནགས་ཚལ་སྔོན་འགོག་ལས་ཀར་ལྟ་ཞིབ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2018-02-08

ཉེ་ཆར། ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་དང་ཁུལ་ནགས་ཚལ་མེ་འགོག་གཞུང་ལས་ཁང་། ཁུལ་ཐོན་ཁུངས་སྲུང་སྐྱོང་གཞུང་ལས་ཁང་བཅས་སྡེ་ཁག་གིས་ལྟ་ཞིབ་ཚོ་ཆུང་ཞིག་བཙུགས་ནས། ཁུལ་ནགས་ལས་ལས་གྲྭ་ཁྲུའུ་ཡི་ནགས་ལས་མེ་འགོག་ལས་ཀར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས་པ་རེད།

ཞིབ་བཤེར་བྱེད་པའི་སྐབས་སུ། ལྟ་ཞིབ་ཚོ་ཆུང་གིས་ཁྲུའུ་དེས་མེ་འགོག་ལས་རེས་ཐོ་འགོད་དང་ནགས་ཚལ་མེ་གསོད་རུ་ཁག་འཛུགས་སྐྱོང་། མེ་འགོག་ལམ་ལུགས་འཛུགས་སྐྱོང་། ནགས་ཚལ་མེ་འགོག་གི་དངོས་རྫས་གྲ་སྒྲིག ནགས་ཚལ་མེ་འགོག་འཕྲལ་སྡོམ་རོགས་སྐྱོར་འཆར་གཞི། ནགས་ཚལ་མེ་འགོག་དྲྭ་མིག་ཅན་གྱི་དོ་དམ་སོགས་ཀྱི་ཐད་ནས་ཞིབ་བཤེར་བྱས་པས་མ་ཚད། ཁུལ་ནགས་ལས་ལས་གྲྭ་ཁྲུའུའི་ནགས་ཚལ་མེ་འགོག་གཞུང་ལས་ཁང་གི་འགན་ཁུར་པས་ནགས་ཚལ་མེ་འགོག་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པར་ཉན་འཇོག་བྱས་པ་རེད།

ཞིབ་བཤེར་བྱས་པར་བརྒྱུད། ལྟ་ཞིབ་ཚོ་ཆུང་གིས་ཁྲུའུ་དེས་ནགས་ཚལ་མེ་འགོག་ལས་ཀར་ཁས་ལེན་གང་ལེགས་བྱས་པས་མ་ཚད་ཉེ་ལམ་དུས་ཚོད་ནི་ནགས་ཚལ་མེ་འགོག་གི་འགག་རྩའི་དུས་ཡིན་ཞིང་། གནམ་གཤིས་དྲོ་ཚད་འཕར་བ་དང་བསྟུན་ནས་ནགས་ཚལ་སྐམ་པས་ཕྱི་རོལ་ཏུ་མེ་སྐྱོན་དོ་དམ་བྱེད་པའི་དཀའ་ཚེགས་ཆེ་རུ་ཕྱིན་པ་དང་། ནགས་ཚལ་མེ་ཉེན་ཆེ་བའི་རིམ་པ་མཐོ་བ། ནགས་ཚལ་མེ་འགོག་གི་རྣམ་པ་ཛ་དྲག་ཆེ་བ་རེད། ཁུལ་ནགས་ལས་ལས་གྲྭ་ཁྲུའུ་ཡིས་ནགས་ཚལ་མེ་འགོག་ལས་ཀའི་གལ་ཆེའི་རང་བཞིན་དང་ཡུན་རིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ཀྱི་ངོས་འཛིན་མཐོ་རུ་གཏང་དགོས་པ་དང་། དོགས་ཟོན་ཚད་མཐོན་པོ་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཁྱོན་ཡོངས་ནས་སྔོན་འགོག་བྱ་རྒྱུ་གཙོ་བོ་དང་མེད་པ་གཏང་རྒྱུར་ཧུར་བརྩོན་བྱེད་པའི་ལས་ཀའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱ་དགོས། ཆུ་ཚོད24ལ་ལས་རེས་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་རོལ་མེ་བཀོལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཏན་ཏིག་གིས་མགོ་ཁུངས་ནས་མེ་སྐྱོན་འབྱུང་ཁུངས་ཚོད་འཛིན་བྱས་ནས་ནགས་ཚལ་ཐོན་ཁུངས་ཉེན་མེད་འགན་སྲུང་བྱ་དགོས་ཞེས་བསྟན་པ་རེད།།

 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱེད་ཐབས་དྲུག་སྤྱད་ནས་དགུན་དུས་གནོད་འགོག་གནོད་སེལ་གྱི་ལས་ཀ་སྒྲུབ།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་སྐྱེས་ཁམས་འཛུགས་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པར་སྣེ་ཁྲིད་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10