རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ལས་སྒྲུབ་ཚོ་ཆུང་གིས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2017-12-11

      ཟླ་བ11པའི་ཚེས29ནས་ཚེས30ཉིན་གྱི་བར། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་སློབ་གསོ་ཚན་རྩལ་སིའི་སྐོར་ཞིབ་པ་གཞོན་པ་ཝང་ཧུང་ཞའོ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཝུན་ཀྲི་དང་བཅས་པས་རང་ཁུལ་གྱི་དར་མདོ་དང་ཉག་ཆུ་སོགས་ཀྱི་ས་གནས་སུ་རང་ཁུལ་གྱིས་སྐད་ཡིག་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཚུལ་གྱི་ལས་ཀར་བརྟག་ཞིབ་གནང་བར་མ་ཟད། ཚེས30ཉིན་གྱི་ཕྱི་དྲོར་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཀའོ་ཀྲན་སྙན་ཞུའི་ཚོགས་འདུར་ཞུགས་པར་མ་ཟད། བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་ལ་འབྲེལ་ཡོད་གནས་ཚུལ་སྙན་ཞུ་ཕུལ་བ་རེད།

      བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གི་ལྷན་ཕེབས་བཅས་པ་སྔོན་རྗེས་སུ་རང་ཁུལ་གྱི་ཉག་ཆུ་རྫོང་དང་དར་མདོ་གྲོང་ཁྱེར་དུ་ཕེབས་ནས་ས་གནས་དེ་གའི་མངགས་གཏོང་ཁང་དང་སློབ་གྲྭ སྲིད་དོན་ལྟེ་གནས་སོགས་དུ་ཕྱིན་ནས་རང་ཁུལ་གྱིས་སྐད་ཡིག་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་རེད།

      སྙན་ཞུའི་ཚོགས་འདུའི་ཐོག ཀའོ་ཀྲན་གྱིས་བརྟག་ཞིབ་ཚོ་ཆུང་གི་ལྷན་ཕེབས་བཅས་ལ་རང་ཁུལ་གྱི་གཞི་རྩའི་གནས་ཚུལ་དང་སྐད་ཡིག་གཉིས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེའི་ད་ཡོད་གནས་ཚུལ། འབྲེལ་ཡོད་ཡིག་ཆའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་དང་། སྐད་ཡིག་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ནང་རང་ཁུལ་ལ་་ཡོད་པའི་གནད་དོན་དང་འབྲེལ་ཡོད་ཐབས་ཇུས་གྲོས་འགོ་ངོ་སྤྲོད་བྱས་པ་རེད།

      ཝང་ཧུང་ཞའོ་ཡིས་བསྟན་དོན། དཀར་མཛེས་ཁུལ་གྱིས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ནན་ཏན་གྱིས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་སྙིང་དོན་དོན་འཁྱོལ་བྱས་པ། སྡེ་ཁག་སོ་སོས་བྱེད་ཐབས་ཏན་ཏིག་བླངས་ནས་ལས་དོན་དེའི་ཇུས་འགོད་མགོ་མཇུག་ཡོད་པ་དང་གྲོན་དངུལ་འཇོག་ཡོད་པ། གསོ་སྐྱོང་དང་གསོ་སྦྱོང་བྱས་ཡོད་པ། ལམ་སྲོལ་གྱི་འགན་ལེན་ཡོད་པ་དང་དོ་དམ་སྡེ་ཁག་ཡོད་པ། ཞིབ་བཤེར་ལྟ་སྐུལ་ཡོད་པ། ལས་ཀའི་ཕན་འབྲས་ཡོད་པ་བཅས་བྱས་ཐུབ་སོང་བ་རེད།

ཝང་ཧུང་ཞའོ་ཡིས་ཕྱིན་ཆད་ཀྱི་ལས་ཀ་ནང་དཀར་མཛེས་ཁུལ་གྱིས་ངོས་འཛིན་སྔར་བས་ཟབ་མོ་བྱས་ནས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྱོང་ལས་དོན་གྱི་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་། སྔར་ལྷག་གིས་གཙོ་གནད་ཁོང་དུ་ཆུད་པ་བྱས་ནས་ནུས་ཤུགས་ཡོད་རྒུས་དམིགས་བསལ་གྱི་གནད་དོན་ཐག་གཅོད་བྱ་དགོས། སྔར་ལྷག་གིས་གསོ་སྐྱོང་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འགན་སྲུང་ཇེ་དྲག་ཏུ་ཡོང་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་ལྕགས་ཟམ་དང་སྡེ་དགེ སྡེ་རོང་། ཉག་རོང་བཅས་རྫོང་ཁག་ཏུ་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བྱེད་ཐབས་སྣ་ཚོགས་བླངས་ནས་དབུལ་ཐར་གང་ཐུབ་བྱས།
  • དོ་སྣང་ཆེ་བའི་རྩོམ།