འགག་མདོ་ཚོད་འཛིན་གཏོར་ནས་འགྲིམ་འགྲུལ་སྔོན་སྤེལ་མགྱོགས་སུ་བཏང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-12-07

     ཟླ་བ12པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་ཁྲིད་ནས་ཞིང་ཆེན་འགྲིམ་འགྲུལ་འགྲིམ་ཐིང་དུ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ལས་ཀར་འབྲེལ་མཐུད་བྱེད་དུ་ཕེབས་པ་རེད།

      ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་དང་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པོ་བཞུགས་མོལ་ཚོགས་འདུའི་ནང་ཞུགས་ཡོད།

      ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་འགྲིམ་འགྲུལ་ཐིང་གི་ལོ་མང་རིང་ལ་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་བྱ་གཞག་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་རེད། ཁོང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་ལ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་གནང་འོག་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཤུགས་ཆེན་པོས་རྒྱབ་སྐྱོར་གནང་འོག ཁུལ་ཡོངས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་བྱུང་ཡོད། ཡིན་ན་ཡང་འགྲིམ་འགྲུལ་ནི་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། མི་རིགས་འབྲེལ་བ་དང་སྤེལ་རེས་བྱ་རྒྱུར་ལ་ཚོད་འཛིན་བཟོས་པའི་གནད་འགག་ཡིན་ལ། རང་ཁུལ་དང་རྒྱལ་ཡོངས།ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འགག་མདོ་ཆེ་ཤོས་ཡིན་པ་རེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཧ་ཅང་དབུལ་ཕོངས་ས་ཁུལ་གྱི་འབྲེལ་ཡོད་སྲིད་ཇུས་དང་ཟུང་འབྲེལ་བྱས་ནས་དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་སྔོན་སྤེལ་གྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་རོགས་བྱས་ཏེ་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རོགས་བྱ་རྒྱུའི་རེ་བ་ཡོད།

      ཞའོ་ཡིའུ་ཚའེ་ཡིས་མྱུར་བགྲོད་གཞུང་ལམ་དང་རྒྱལ་སྲུང་གཞུང་ལམ། ཞིང་ཆེན་རིམ་པའི་གཞུང་ལམ། གྲོང་གསེབ་གཞུང་ལམ། འཕྲུལ་ཆས་ཅན་གྱི་བདག་སྐྱོང་ལྟེ་གནས། འགྲུལ་སྐྱེལ་ས་ཚུགས་འཛུགས་སྐྲུན་སོགས་ཕྱོགས་དྲུག་གི་ཐད་ནས་ཞིང་ཆེན་འགྲིམ་འགྲུལ་ཐིང་གིས་རྒྱབ་སྐྱོར་དང་རོགས་རམ་བྱ་དགོས་པའི་འབྲེལ་ཡོད་དོན་དག་སྙན་སེང་ཞུས་པ་རེད།

      གནས་ཚུལ་ངོ་སྤྲད་ལ་གསན་འཇོག་གནང་རྗེས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཝང་དབྱང་གིས་ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་འགྲིམ་འགྲུལ་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཕྱིན་ཆད་མུ་མཐུད་ནས་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་བྱ་གཞག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་དང་། ཐིང་དང་ཁུལ་གྱི་མཉམ་ལས་བྱ་རྒྱུར་སྔ་ལས་ལྷག་པར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་དུ་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པར་སྐུལ་འདེད་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་བྱེད་ཐབས་བཞི་བླངས་ནས་ཞིང་སྡེའི་འཐུང་ཆུ་གཙང་མའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་ལྕགས་ཟམ་དང་སྡེ་དགེ སྡེ་རོང་། ཉག་རོང་བཅས་རྫོང་ཁག་ཏུ་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།