རང་ཁུལ་གྱིས་བྱེད་ཐབས་བཞི་བླངས་ནས་ཞིང་སྡེའི་འཐུང་ཆུ་གཙང་མའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-12-07

     ད་ལོ་ནས་བཟུང་། རང་ཁུལ་གྱིས་ཞིང་སྡེའི་འཐུང་ཆུ་གཙང་མའི་གནད་དོན་ལ་མཐོང་ཆེན་བླ་ན་མེད་པ་བྱས་ནས་རྒྱུན་ཆད་མེད་པར་འཇོག་ཤུགས་ཆེ་རུ་བཏང་སྟེ་ཞིང་སྡེ་ཡུལ་མིའི་འཐུང་ཆུའི་སྤུས་ཀ་ལེགས་སུ་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།      རྫོང(གྲོང་ཁྱེར་)དཔོན་གྱི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱས་ནས་རིམ་པ་བཞིན་དུ་འགན་འཁྲིའི་ཡི་གེ་བཞག་ཡོད། མ་དངུལ་སྒོར་ཁྲི200ཡན་ཆད་གྱི་ཆུ་འདོན་སྤྲོད་བྱེད་སའི་ལས་གཞི་དང་ཆུ་འདོན་སྤྲོད་བྱེད་ས་ཆུང་གྲས་ཀྱི་ཨར་ལས་འཛུགས་སྐྲུན་ལས་ཀར་རིགས་བགོས་ཏེ་སྐུལ་འདེད་བཏང་བ་རེད། ལྟ་སྐུལ་ཁྲིད་སྟོན་ལས་ཀར་འགན་འཁྲི་བདའ་དེད་ནན་གཏོང་བྱས་པ། གཙོ་གནད་དང་གཅིག་སྡུད་ཀྱི་ཆུ་འདོན་སྤྲོད་ལས་གཞིར་ཚད་འཛིན་རིན་ཡོན་ལེན་པའི་ལམ་ལུགས་བཙུགས་པ་དང་ཆུ་འདོན་སྤྲོད་ས་ཚུགས་བཙུགས་ཏེ་བདག་གཉེར་བྱས་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་སྲིད་གཞུང་དང་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱིས་དངོས་སུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་གན་རྒྱ་བཞག
  • ལེ་ཚན་རྗེས་མ།:འགག་མདོ་ཚོད་འཛིན་གཏོར་ནས་འགྲིམ་འགྲུལ་སྔོན་སྤེལ་མགྱོགས་སུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།