བོད་ལྗོངས་སུ་རིག་དངོས་སྲུང་སྐྱོང་བྱ་ཡུལ་1424ཡོད་པར་གྱུར་པ།

    མི་དམངས་དྲ་བ།    2017-11-23

     མིག་སྔར། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཚན་ཁག་བདུན་པའི་སྲུང་སྐྱོང་བྱ་ཡུལ་225ཁྱབ་བསྒྲགས་བྱས་པ་དང་། བོད་ལྗོངས་ཀྱི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པ། རྫོང་རིམ་པ་བཅས་རིམ་པ་གསུམ་གྱི་རིག་དངོས་སྲུང་སྐྱོང་བྱ་ཡུལ་ཁྱོན་བསྡོམས་1424ཟིན་པར་གྱུར་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་ཁྱབ་བསྒྲགས་བྱས་པའི་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་བྱ་ཡུལ་225ནི་བོད་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ཁྲོད་ཀྱི་ལོ་རྒྱུས་དང་ཚན་རིག སྒྱུ་རྩལ། རིག་གནས་བཅས་ཀྱི་རིན་ཐང་ཆེ་ཙམ་ལྡན་པ་ཡིན་ལ། ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་རྫོང་ངམ་ཆུས་62ལ་ཁྱབ་ཡོད་པ་དང་། དེའི་ཁྲོད་དུ་གནའ་བོའི་རྗེས་ཤུལ་དང་དུར་ས། གན་བོའི་བཟོ་བཀོད། བྲག་ཕུག་ལྷ་ཁང་།  རྡོ་བརྐོས་སོགས་ཁྱོན་བསྡོམས་213དང་། དེང་རབས་དང་ཉེ་རབས་ཀྱི་དེབ་ཐེར་གལ་ཆེན་དང་མཚོན་བྱེད་རང་བཞིན་ལྡན་པའི་་བཟོ་བཀོད་12བཅས་ཚུད་པ་རེད། ཐོག་མར་འཛུགས་སྐྲུན་བྱས་པའི་དུས་ཚོད་ནི་རྡོ་ཆས་དུས་རབས་གསར་པའི་བར་དུ་ཕུགས་འདེད་བྱས་ཆོག་པ་དང་། ཕྱི་ཤོས་སུ་ཡང་ལོ་ངོ་60ལྷག་གི་ལོ་རྒྱུས་ལྡན་པ་རེད།


  • ལེ་ཚན་སྔོན་མ།:2017ལོའི་གྲ་ནང་གི་སྤུ་ཕྲུག་རིག་གནས་དུས་ཆེན་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཀོ་རྩལ་ཞབས་བྲོ།
  • དོ་སྣང་ཆེ་བའི་རྩོམ།