ད་ལོ་ནས་བཟུང་ནང་སོག་གིས་ངལ་རྩོལ་པར་གླ་ཕོགས་ཐོབ་ཐང་སྒོར་དུང་ཕྱུར4.28རྗེས་སྙེགས་བྱས་ནས་སྤྲད་ཡོད།

ཚེ་རིང་གཡང་འཛོམས་ཀྱིས་བསྒྱུར།        2017-11-20

      ཞིན་ཧྭ་གསར་འགྱུར་ཁང་ཧུའོ་ཧོ་ཧའོ་ཐེ་ནས་གཏམ་གསར། ནང་སོག་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་ནང་སོག་གིས་ངལ་རྩོལ་འགན་སྲུང་བྱ་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མི་སྤྱོད་མཁན་ལས་ཁུངས་ཁྱོན་བསྡོམས་ཁྲི2.64ལ་བརྟག་དཔྱད་བྱས་ཏེ་ངལ་རྩོལ་གྱི་གན་རྒྱ་ཁྲི1.79གསབ་འཇོག་བྱས་ནས་ཞིང་འབྲོག་དམངས་ཀྱི་གླ་པ་སོགས་ངལ་རྩོལ་པ་ཚོར་གླ་ཕོགས་སྒོར་དུང་ཕྱུར་4.28རྗེས་སྙེགས་བྱས་ནས་སྤྲད་ཡོད་པ་རེད།

     ནང་སོག་གི་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་གསར་འགྱུར་སྨྱན་སྦྱོར་བརྒྱུད་ནས་ངལ་རྩོལ་ལ་ལྟ་སྐུལ་དང་ཐེར་འདོན་ཞུ་གཏུག་གི་ཁ་པར་ཨང་གྲངས་སྤྱི་བསྒྲགས་བྱས་ནས་ཐེར་འདོན་ཞུ་གཏུག་བྱེད་སའི་ལྟེ་གནས་དང་འཕྲིན་སྒམ་བཙུགས་པར་མ་ཟད། ད་རུང་དྲ་བའི་ཐོག་ཏུ་ཐེར་འདོན་ཞུ་གཏུག་གི་ཡིག་སྒམ་བཙུགས་ནས་ཉིན་གང་ལ་ཞིང་འབྲོག་དམངས་ཚོས་ཐེར་འདོན་ཞུ་གཏུག་བྱེད་པར་དང་ལེན་དང་ཐག་གཅོད་བྱས་པའི་དུས་མཚུངས་སུ། སྔར་ལྷག་གིས་ངལ་རྩོལ་འགན་སྲུང་གི་ལྟ་ཞིབ་ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ཡོད། མི་སྤྱོད་མཁན་ལས་ཁུངས་ཀྱིས་ངལ་རྩོལ་མི་ལག་དགོས་པ་དང་སྤྱི་ཚོགས་འགན་སྲུང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་བྱས་ཚུལ་ལ་ཆེད་དོན་བརྟག་དཔྱད་བྱས་པ་དང་། ཁྲིམས་འགལ་གྱིས་གླ་པ་སྤྱོད་པར་རྡུང་རྡེག་དང་ཞིང་འབྲོག་དམངས་ཀྱི་གླ་ཕོགས་སྤྲོད་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པའི་བྱ་སྤྱོད་སྤེལ་ཏེ་ཕྱོགས་ཡོངས་ནས་ཞིང་འབྲོག་དམངས་ཀྱི་གླ་ཕོགས་དུས་འགྱངས་ཆད་ལུས་བྱས་པའི་བྱ་སྤྱོད་ལ་སྔ་སྣུར་དུ་གཙང་བཤེར་དང་ཐག་གཅོད་བྱས་ཡོད་པ་རེད།

     མིག་སྔར། ནང་སོག་གིས་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་དོགས་ཡོད་ཉེས་བསགས་ལ་གཏན་འཁེལ་བྱེད་པའི་ཚད་གཞི་བཏོན་པ་དང་། ངལ་རྩོལ་པ་གཅིག་ལ་ཟླ་གསུམ་ཡན་གྱི་དུས་ཚོད་ལ་ངལ་རྩོལ་ཐོབ་ཆ་མི་སྤྲོད་པ་དང་གྲངས་འབོར་སྒོར5000ཡན་ཆད་ཀྱི་གླ་ཕོགས་མི་སྤྲོད་པ། མི་ལག་བཅུའི་ངལ་རྩོལ་ཐོབ་ཆ་མི་སྤྲོད་པ་དང་གྲངས་འབོར་སྒོར་ཁྲི3ཡན་ཆད་མི་སྤྲོད་པའི་གནས་ཚུལ་ཚང་མ་ཉེས་བསགས་དོགས་ཡོད་ཀྱི་ཁོངས་སུ་བཞག་པ་རེད།།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་ཞིང་ཆེན་བཞིའི་བོད་ཁུལ་དུ་མི་ཁྲི270ལྷག་ལ་ཐུམ་འབུའི་ནད་འགོས་ཡོད་མེད་ཀྱི་ནད་བརྟག་བྱས་ཡོད།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར 192.67བཏང་ནས་སྐྱེ་ཁམས་སྲུང་སྐྱོང་བྱེད།
  • དོ་སྣང་ཆེ་བའི་རྩོམ།