ཞའོ་ཡིའུ་ཚའེ་ཡིས་ཏ་ཐང་སི་ཁྲོན་གློག་འདོན་སྤྱི་གཉེར་ཁང་གི་ལས་འཛིན་འགོ་འཛིན་ཕན་མིང་དང་མཇལ་འཕྲད་གནང་།

འཇམ་དབྱངས་ཆོས་འཕེལ་དང་བཀྲ་ཤིས་དཔལ་ལྡན་གྱིས་བསྒྱུར།        2017-11-14

      ཟླ་བ11པའི་ཚེས2ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་དར་མདོ་རུ་ཏ་ཐང་སི་ཁྲོན་གློག་འདོན་སྤྱི་གཉེར་ཁང་གི་ལག་བསྟར་ལས་འཛིན་འགོ་འཛིན་ཕན་མིང་དང་བཅས་པར་ཐུགས་འཕྲད་གནང་བ་རེད། ཏ་ཐང་སི་ཁྲོན་གློག་འདོན་སྤྱི་གཉེར་ཁང་གི་དཀར་མཛེས་ཁུལ་ཆུ་གློག་གསར་སྦོལ་ཐད་ཀྱི་གནས་ཚུལ་སྙན་ཞུ་ལ་གསན་འཇོག་གནང་བ་དང་འབྲེལ་ཡོད་གནས་ཚུལ་ཞིབ་དཔྱད་ཐག་གཅོད་བྱས་པ་རེད།

      ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་སྤྱི་ཁྱབ་བཟོ་བཀོད་པ་ཝང་ལེན་ཧྭ་མཇལ་འཕྲད་གནང་སྐབས་ཞུགས་པ་དང་ཁུལ་དཔོན་གཞོན་པ་ཧོ་པིའོ་ཡིས་ཚོགས་འདུའི་གཙོ་སྐྱོང་གནང་བ་རེད།

      ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན། ས་གནས་སྲིད་གཞུང་དང་ཆུ་གློག་གསར་སྦོལ་ཁེ་ལས་ཁག་གིས་ངོ་འཛིན་ཇེ་ཟབ་དང་ཡིད་ཆེས་བརྟན་པོའི་ངང་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར། བརྩི་འཇོག་བཅས་བྱས་པའི་རྨང་གཞི་ཐོག་མུ་མཐུད་ནས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་དུ་དཀར་མཛེས་ཁུལ་གྱི་དྭངས་གཙང་ནུས་ཁུངས་གསར་སྦོལ་ཡག་པོ་བྱས་ནས་ཆུ་གློག་གསར་སྦོལ་གྱིས་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཞིང་ས་གནས་དཔལ་འབྱོར་འཕེལ་བར་སྐུལ་འདེད་གཏང་དགོས། ཁོང་གིས་ཏ་ཐང་སི་ཁྲོན་གློག་འདོན་སྤྱི་གཉེར་ཁང་གི་དཀར་མཛེས་ཁུལ་གྱི་ཆུ་གློག་གསར་སྦོལ་བྱས་ཚུལ་སྙན་སེང་ཞུ་བར་གསན་རྗེས་བསྟན་དོན། དུས་ཡུན་རིང་པོའི་ནང་ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་གི་མིག་རྒྱང་རིང་མོས་རང་ཁུལ་དུ་ཐོན་ཁུངས་གསར་སྦོལ་བྱེད་སྐབས་ས་གནས་དེ་གའི་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཁེ་ཕན་ལ་རག་ལས་ནས་ཁེ་ལས་རང་ཉིད་ཀྱི་སྟོབས་ཤུགས་ཇེ་ཆེ་རུ་གཏོང་བ་དང་། ཆུ་གློག་གསར་སྦོལ་དང་འཆམ་མཐུན་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོང་སོགས་བར་གྱི་འབྲེལ་བ་ཡང་དག་པའི་སྒོས་ཐག་བཅད་བྱེད་པ་དང་ས་གནས་སྲིད་གཞུང་དང་གཞོགས་འདེགས་ལེགས་པོ་བྱེད་ཐོག་གཉིས་ཕན་མཉམ་ཐོབ་ཡོད།

      ཁོང་གིས་ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་གིས་སྔ་བཞིན་དུ་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་ལ་རྒྱབ་སྐྱོར་བྱེད་པའི་རེ་མདུན་ཡོད། ཐོན་ཁུངས་གསར་སྦོལ་དང་དཔལ་འབྱོར། སྤྱི་ཚོགས། ཁོར་ཡུག་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱེད་པ་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། ཐོན་ཁུངས་གསར་སྦོལ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཁེ་ཕན་བར་གྱི་འབྲེལ་བ་ལ་ཐག་གཅོད་ཡང་དག་པ་བྱས་ནས། མང་ཚོགས་ཀྱི་རྗེས་སྐྱོར་ཐོན་ལས་དེ་ཨང་དང་པོར་འཇོག་སྟེ་མང་ཚོགས་ཀྱི་ཁེ་ཕན་ལ་བསམ་གཞིགས་གང་ལེགས་བཏང་ནས། ཕྱོགས་ངོས་གཅིག་ལ་ཐོན་ཁུངས་གསར་སྦོལ་བྱས་པ་དེས་ཡུལ་གཅིག་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱ་དགོས། ཡུལ་དེ་གའི་མི་དམངས་ལ་འབྱོར་ཕྱུག་ལྡན་པའི་འཚོ་བ་རོལ་ཏུ་བཅུག་རྒྱུའི་རྣམ་པ་མངོན་འགྱུར་ཡོང་བ་བྱ་དགོས།།


  • ལེ་ཚན་སྔོན་མ།:འགྲིམ་འགྲུལ་ལས་གཞི་འཛུགས་སྐྲུན་མགྱོགས་སུ་བཏང་ནས་འགོག་རྐྱེན་བཅུར་འགག་གཏོར་ཤུགས་ཆེ་རུ་གཏང་དགོས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་ལག་རྩལ་གསར་པ་བསླབས་ཏེ་འབྱོར་ཕྱུག་གི་ལམ་བུ་རྒྱ་ཆེར་བཏང་།
  • དོ་སྣང་ཆེ་བའི་རྩོམ།