བོན་པོའི་བཀའ་བསྟན་འགྱུར།

བཀྲ་ཤིས་ནས་བསྡུས།        2011-03-18

བོན་པོའི་བཀའ་འགྱུར་གྱི་པར་ཤིང་ནི་ཆུ་ཆེན་རབ་བརྟན་རྒྱལ་པོའི་མངའ་འོག་གི་གཡུང་དྲུང་ལྷ་སྟེང་དུ་ཉར་ཚགས་བྱས་ཡོད་ཀྱང་ས་དེ་གར་འཐབ་འཁྲུག་གི་གནོད་སྐྱོན་ཐེབས་པས་རྗེས་སུ་ཁྲོ་ཆེན་རྒྱལ་པོའི་དྲུག་ཟུར་ཕོ་བྲང་དུ་ཚགས་ར་བྱས་ཏེ་ད་ལྟ་ད་དུང་ཤུལ་དུ་ལུས་པའི་པར་ཤིང་པུས་དག་འགའ་མཐོང་ཐུབ།པར་ཤིང་དེ་དག་ནི་ཀུན་གྲོལ་འཇའ་ཚོན་སྙིང་པོས་ཞུས་དག་མཛད་ཅིང་ཁྲོ་སྐྱབས་རྒྱལ་པོ་ཀུན་དགའ་ཕུན་ཚོགས་བསྟན་འཛིན་གྱིས་སྦྱིན་བདག་བྱས་ནས་བརྐོས་པ་རེད།
   བཀའ་འགྱུར་དང་བསྟན་འགྱུར་གྱི་པར་ཤིང་ཆ་ཤས་ནི་རབ་གནས་གཡུང་དྲུང་གླིང་དང་མཁར་མགོན་བསམ་གཏན་གླིང་།བདེ་ལྡན་སྒྱེའུ་གླིང་།ཤར་རྫའི་རི་ཁྲོད།ཉག་ཁོག ཁྱུང་པོ་དཀར་རུ་བཅས་ལ་ཉར་ཚགས་བྱས་ཡོད་དོ།
   ཁྲོ་ཆེན་རྒྱལ་པོའི་ཕོ་བྲང་དུ་ཐུབ་པའི་མཛད་ཐང་བཅུ་གཉིས་དང་ཆོ་ག་བཅུ་གཉིས།གསས་མཁར་མཆོག་ལྔ།རྒྱ་བོད་དྲན་པའི་ཞལ་ཐང་།མ་རྒྱུད་ཀྱི་ཞལ་ཐང་ལྔ་བཅས་ཀྱི་པར་ཤིང་སྤུས་དག་ཡོད་དོ།
  • ལེ་ཚན་སྔོན་མ།:གཡུང་དྲུང་བོན་གྱི་སྲིད་པའི་ལྟ་ཚུལ་སྐོར་མདོ་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:སྟོན་པ་གཤེན་རབ་ཀྱིས་བཀའ་ཡི་འཁོར་ལོ་ཇི་ལྟར་བསྐོར་ཚུལ།
  • རྩོམ་གསར། 10