ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོའི་ལག་རྩལ།

        2017-09-20

ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོའི་ལག་རྩལ།

ཆབ་མདོ་ནི་བོད་དང་ནང་སའི་རིག་གནས་བར་སྤེལ་རེས་བྱེད་ས་གལ་ཆེན་ཞིག་ཡིན་ལ།   ཆབ་མདོའི་དམངས་ཁྲོད་ལྕགས་རིགས་ལག་རྩལ་དེ་ལོ་རྒྱུས་སྟེང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོ་ལག་རྩལ་གྱིས་མདོ་དབུས་མཐོ་སྒང་གི་ས་ཆ་མང་ཆེ་བའི་ཆོས་ལུགས་སྒྱུ་རྩལ་ལའང་ཤུགས་རྐྱེན་ཆེན་པོ་ཐེབས། ལག་རྩལ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྕགས་རིགས་བཟོ་རྩལ་ཞིག་ཡིན་ལ་འཛམ་གླིང་གི་གཅིག་པུའང་ཡིན།  གཙོ་བོ་ཆབ་མདོའི་ཁ་རུབ་ཆུས་ཀྱི་ཀརྨ་ཤང་དང་ཚེར་དབད་ཤང་གི་རྒྱུད་དུ་དར་ཁྱབ་བྱུང་ཡོད།

   ཀརྨ་ཤང་གི་ལྷ་སྐུ་རྡུང་བཟོའི་ལག་རྩལ་གྱིས་ཐང་རྒྱལ་རབས་ནས་བཟུང་ནང་སའི་ལྕགས་རིགས་བཟོ་རྩལ་གྱི་སྲོལ་རྒྱུན་བརྒྱུད་འཛིན་བྱས་པ་མ་ཟད་བལ་པོའི་ལྕགས་རིགས་བཟོ་རྩལ་ཡང་བསྡུ་ལེན་བྱས་ཡོད།   ཀརྨ་བཀའ་རྒྱུད་པའི་མ་དགོན་ཀརྨ་དགོན་གསར་ཕྱག་བཏབ་དེས་ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོའི་ལག་རྩལ་འཕེལ་རྒྱས་ལ་ཐད་ཀར་འབྲེལ་བ་ཆེན་པོ་ལྡན་པ་དང་།     བཀའ་རྒྱུད་པའི་བླ་མ་དུས་གསུམ་མཁྱེན་པས་སྤྱི་ལོ༡༡༤༧ལོར་བཞེངས་དུས་ནང་ས་དང་བལ་པོར་ནས་བཟོ་བོ་མཁས་ཅན་མང་པོ་གདན་དྲངས་ནས་བཟོ་སྐྲུན་བྱས་རྗེས་ཕུལ་དུ་བྱུང་བའི་ཟངས་མགར་ཁག་ཅིག་དུས་ད་ལྟའི་བར་དུ་ཉར་ཚགས་བྱས་ཡོད།།

ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོའི་ལག་རྩལ།

ཀརྨ་རྒྱུད་ཀྱི་ལྷ་སྐུ་རྡུང་བཟོའི་ལག་རྩལ།

  • ལེ་ཚན་སྔོན་མ།:ཆབ་དགོན་བྱམས་པ་གླིང་གི་མེ་ཏོག་མཆོད་པའི་ལག་རྩལ།
  • ལེ་ཚན་རྗེས་མ།:བོད་ཀྱི་གྲུ་དང་གཟིངས་བཟོ་ཐབས།
  • དོ་སྣང་ཆེ་བའི་རྩོམ།