རང་སྐྱོང་ལྗོངས་རིམ་པའི་སྤོ་ལོའི་ཤིང་བརྐོས་བརྒྱུད་འཛིན་པ་རྣམ་རྒྱལ།

དཔལ་ཐར་རྒྱལ་གྱིས་བསྡུས།        2017-09-20

རང་སྐྱོང་ལྗོངས་རིམ་པའི་སྤོ་ལོའི་ཤིང་བརྐོས་བརྒྱུད་འཛིན་པ་རྣམ་རྒྱལ།

འཇོ་མདའ་རྫོང་སྤོ་ལོ་རྒུ་རྩའི་དཔར་བརྐོ་ནི་སྤྱི་ལོ1676ལོར་སྡེ་དགེ་རྒྱལ་པོ་སྐུ་ཐོག་བཅུ་གཉིས་པ་དང་ཆོས་རྗེ་བསྟན་པ་ཚེ་རིང་སྐུ་ཕྲེང་དྲུག་པ་རྣམ་གཉིས་ནས་སྲོལ་བཏོད་པའི་ཆབ་མདོ་འཇོ་མདའ་རྫོང་སྤོ་ལོ་རྒུ་རྩའི་དཔར་བརྐོའི་ལོ་རྒྱུས་རིང་ལ།  དཔར་ཤིང་གི་རྒྱུ་ཆ་ནི་ས་གནས་དེ་གའི་སྟག་ཤིང་ཡིན་པ་དང་དཔར་བརྐོའི་སྣག་ཚ་དམར་པོ་དང་ནག་པོ་གཉིས་སྤྱོད་ཀྱི་ཡོད།  སྤོ་ལོ་རྒུ་རྩའི་དཔར་ཤིང་གི་དཀྲོལ་ཚགས་དམ་པ་དང་སྤུས་ཀ་ལེགས་པས་སྡེ་དགེ་པར་ཁང་གི་དཔར་ཤིང་བརྒྱ་ཆ་བརྒྱད་ཅུ་ནི་སྤོ་ལོ་ཤང་ནས་ཐོན་ཞིང་།  ལག་རྩལ་དེ་དེང་སང་ཡང་བརྒྱུད་འཛིན་ལེགས་པོ་བྱུང་ནས་སྙན་གྲགས་ཀྱང་གང་སར་ཁྱབ་ཡོད།   རྣམ་རྒྱལ་ནི་དེའི་ནང་གི་ལག་རྩལ་བརྒྱུད་འཛིན་པ་ཞིག་ཡིན།

རྣམ་རྒྱལ་ནི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་རང་སྐྱོང་ལྗོངས་རིམ་པའི་སྤོ་ལོའི་ཤིང་རྐོའི་བརྒྱུད་འཛིན་པ་ཞིག་ཡིན།  ཁམས་པའི་ཕོ་གསར་དེས་དཔར་ཤིང་ཐོག་རི་མོ་དང་ཡི་གེ་གསེག་གཅོད་ཀྱིས་རྐོ་སྐབས། ཧ་ཅང་བདེ་ལྕག་འཁྱུག་པས་ཡུད་ཙམ་ནང་ལེགས་པར་སྒྲུབ་བཞིན་ཡོད།

སྤོ་ལོའི་དཔར་ཤིང་ལག་རྩལ་དར་ནས་ད་བར་ལོ་ངོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད།  2008ལོའི་ཟླ6པར་རིག་གནས་པུས་དངོས་སུ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་མིང་གཞུང་ཁག་གཉིས་པའི་ནང་སྤོ་ལོའི་དཔར་ཤིང་ལག་རྩལ་ཚུད་ཡོད།

ད་ཆ་སྤོ་ལོའི་ཤིང་དཔར་དེ་དཔེ་ཆ་དཔར་བ་ཙམ་མ་ཡིན་པར་ལོ་རྒྱུས་དེབ་ཐེར་དཔར་བ་དང་། སྲིད་ཇུས་དྲིལ་བསྒྲགས།   ཡུལ་སྐོར་དྲན་རྟེན་དངོས་པོ་བཟོ་བ་སོགས་ནང་སྤྱད་དེ་ལག་རྩལ་སྔར་བས་འཛིན་སྐྱོང་སྤེལ་གསུམ་ཐུབ་ཡོད།

རྣམ་རྒྱལ་གྱིས་སྤོ་ལོའི་དཔར་ཤིང་སྤུས་ཀ་དག་པས་བོད་ལ་འདི་ནས་ཐོན་པའི་དཔར་ཤིང་ཁྲོད་ལག་རྩལ་ལེགས་པར་རྩི་ཡི་ཡོད། དཔར་ཤིང་ཆེ་བ་ཡག་ཤོས་རེར་སྒོར་800ནས1000བར་རག་པ་དང་།  ཆུང་བར་སྒོར400ནས500བར་རག་གི་ཡོད་ཅེས་བཤད།

རང་སྐྱོང་ལྗོངས་རིམ་པའི་སྤོ་ལོའི་ཤིང་བརྐོས་བརྒྱུད་འཛིན་པ་རྣམ་རྒྱལ།

དཔར་ཤིང་རྐོ་བ་ཕུད།  རྣམ་རྒྱལ་གྱིས་མིག་རྒྱང་དེ་འབྲེལ་གྱི་ཐོན་ལས་ཐོག་བཞག་ཅིང་།  2013ལོར་རྣམ་རྒྱལ་གྱིས་མ་རྩ་སྒོར་ཁྲི་བརྒྱ་ལ་ཉེ་བ་བཏང་ནས་འཇོ་མདའི་སྤོ་ལོ་ཤང་ཞིང་འབྲོག་ལག་ཤེས་མཉམ་ལས་ཁང་བཙུགས་ཏེ་དཔར་ཤིང་རྐོ་བ་དང་།  པར་རྒྱག་པ།  མི་རིགས་ལག་ཤེས་བཟོས་རྫས་བཟོ་བ་སོགས་བྱས་པར་ལོ་རེར་སྒོར་ཁྲི20ལྷག་ཙམ་བྱུང་ཞིང་། མཉམ་ལས་ཁང་བཙུགས་པ་ནས་བཟུང་། ཤང་ནང་ལོ་18ནས30བར་གྱི་རིག་གནས་ཤེས་ཚད་དེ་ཙམ་མི་མཐོ་བའི་དཔར་རྐོའི་ལག་རྩལ་སྦྱོང་འདོད་ཆེ་བའི་གཞོན་ནུ་ཚང་མར་ཁོང་གིས་དཔར་རྐོའི་ལག་རྩལ་བསླབས་ནས་ཟླ་རེར་མི་རེར་སྒོར4500སྤྲོད་ཀྱི་ཡོད། མཉམ་ལས་ཁང་བཙུགས་པ་དེས་སྤོ་ལོའི་དཔར་ཤིང་རྐོ་བའི་ལག་རྩལ་བརྒྱུད་འཛིན་ལེགས་ཙམ་བྱུང་ཡོད།

རང་སྐྱོང་ལྗོངས་རིམ་པའི་སྤོ་ལོའི་ཤིང་བརྐོས་བརྒྱུད་འཛིན་པ་རྣམ་རྒྱལ།རང་སྐྱོང་ལྗོངས་རིམ་པའི་སྤོ་ལོའི་ཤིང་བརྐོས་བརྒྱུད་འཛིན་པ་རྣམ་རྒྱལ།

བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན།  འཕྲང་ཟམ་དང་སྐུ་ཚེ་སོགས་གྲོང་ཚོར་དཔར་ཤིང་རྐོ་མཁན200ལྷག་ཙམ་ཡོད་པའི་ནང་།   འཕྲང་ཟམ་གྲོང་ཚོར་མེས་པོ་ནས་བརྒྱུད་པའི་དཔར་རྐོའི་ལག་ཤེས་བརྒྱུད་འཛིན་པ་མི40ལྷག་ཙམ་ཡོད།  སྔོན་མ་བརྒྱུད་འཛིན་མཁན་མེད་པའི་སེམས་ཁྲལ་བྱེད་ནའང་།  ད་ཆ་གསག་གཅོད་ལ་བརྟེན་ནས་དཔར་རྐོ་བའི་རྣམ་རྒྱལ་གྱིས་སྣེ་འཁྲིད་ནས་རང་སྒེར་དང་ཁྱིམ་ཚང་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།


  • ལེ་ཚན་སྔོན་མ།:རྣམ་དཔྱོད་ཀྱི་སོར་རྩེ་ལས་མཆེད་པའི་བོད་ཀྱི་འབུར་བརྐོས་སྒྱུ་རྩལ་པ་ཨ་ཆུང་གི་གནས་ཚུལ་རགས་བཀོད།
  • ལེ་ཚན་རྗེས་མ།:མེ་ལོང་ལས་འདས་མ་ད་གསུམ་མཐོང་བའི་སྒྲུང་པ་ཁ་ཚེ་གྲགས་པ་ངག་དབང་རྒྱ་མཚོའི་ལོ་རྒྱུས།