2017ལོའི་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ཀྱིས་ལས་ཞུགས་ལ་གནད་སྨིན་རོགས་སྐྱོར་བྱེད་པའི་རིམ་སྤེལ་བྱ་སྤྱོད་སྤེལ་འགོ་ཚུགས།

        2017-05-23

ཉེ་ཆར།  ཁྲེང་ཏུའུ་གྲོང་ཁྱེར་བོད་སྐྱོར་གཞུང་ལས་ཁང་དང་ཁྲེང་ཏུའུ་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།  ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས།  ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ཨུ་དང་ཆུས་སྲིད་གཞུང་། རོང་བྲག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པའི2017ལོའི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཁྲེང་ཧྭ་ཆུས་ཀྱིས་ལས་ཞུགས་ལ་གནད་སྨིན་རོགས་སྐྱོར་བྱེད་པའི་རིམ་སྤེལ་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོ་དེ་རོང་བྲག་རྫོང་ཤར་རྒྱལ་མོ་རོང་གི་ཐང་ཆེན་དུ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིར་སྤེལ་བའི་བྱེད་སྒོ་རབ་དང་རིམ་པ་དེ་ཁྲེང་ཧྭ་ཆུས་ཀྱི་ཕུན་སུམ་ཚོགས་པའི་བཟའ་བཏུང་ལས་རིགས་ཀྱི་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ།   རོང་བྲག་བཟའ་བཏུང་ལས་རིགས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་བཏང་བར་བརྒྱུད།  རོང་བྲག་གི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱེད་པ་དང་། རོང་བྲག་གི་ཡུལ་སྐོར་གྱི་སྐད་གྲགས་དང་མིང་བྱང་གཏོད་ཤུགས་ཆེ་རུ་བཏང་སྟེ།  ལས་ཞུགས་ལ་གནད་སྨིན་རོགས་སྐྱོར་དམིགས་སར་འབྱོར་པ་དང་།  རོང་བྲག་རྫོང་གི་རྩལ་ནུས་ཤེས་ལྡན་མི་སྣའི་དཔུང་ཁག་གི་གཞི་ཁྱོན་རྒྱ་སྐྱེད་ཕྱིན་པར་རོགས་རམ་བྱེད་ཅིང་།  གྲུབ་ཆ་མངོན་གསལ་དོད་པོ་ལེགས་སུ་ཕྱིན་པ་དང་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ།  དཔལ་འབྱོར་གོང་འཕེལ་ལ་ཞབས་ཞུའི་ནུས་པ་ཆེ་རུ་འགྲོ་བ་བཅས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པ་རེད།།

  • ལེ་ཚན་སྔོན་མ།:གཡག་རྔ་ནས་དར་མདོ་བར་གྱི་མྱུར་ལམ་གྱི་གནས་ཚུལ་ཅི་འདྲ་རེད།༼༤༽
  • ལེ་ཚན་རྗེས་མ།:སི་ཁྲོན་མི་རིགས་སློབ་གླིང་ལྕགས་ཟམ་རྫོང་དུ་གནས་སྤོ་བྱ་གྲབས་ཡོད།
  • དོ་སྣང་ཆེ་བའི་རྩོམ།