དུག་ལྡན་རྫས་འགྱུར་གྱིས་བཟོས་པའི་ཟས་རིགས་ལ་གཟབ་དགོས།

ཀུན་དགས་བསྒྱུར།        2016-12-13

      ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཅི་ནན་ས་ཆ་ནས་དུག་ལྡན་རྫས་འགྱུར་གྱིས་བཟོས་པའི་ཕིང་(粉条)འབོར་ཆེན་རྩད་ཆོད་བྱུང་ཡོད་ཅིང་། དེ་ས་ཆ་༢༠ལྷག་ལ་བཙོངས་འདུག

ཕིང་རྫུན་མ་དེ་རིགས་ནི་བཟོ་ལས་ཁྱབ་ཁོངས་སུ་བཀོལ་བའི་ཅཱ་ཆོན(甲醛)དང་། ཀོ་སྤྱིན། (工业明胶)ལིའུ་ཕེན་ལིན་སན་ནཱ།(六偏磷酸钠)ཧེ་ཙའོ་སན་ནཱ(海藻酸钠)ཞེས་པ་སོགས་དུག་ལྡན་རྫས་འགྱུར་ཤ་སྟག་གིས་བཟོས་པ་ཡིན་ཞིང་། རྫས་འགྱུར་དེ་རིགས་ཀྱིས་སྐྲན་ནད་དང་རུས་སོབ་ཀྱི་ནད་སོགས་ནད་རིགས་ངན་པ་བསྐྱེད་པར་མ་ཟད། དྲན་པ་ཉམས་པ་དང་གླེན་པ་དང་ལྐུགས་པ་སོགས་སུ་འགྱུར་བས་ངེས་པར་གཟབ་དགོས།

      དེ་ཡང་དུག་ལྡན་གྱི་ཕིང་རྫུན་མ་དེ་རིགས་ལ་གཤམ་གསལ་གྱི་རྟགས་གཙོ་བོ་དག་ཡོད།

      ༡ དུག་ལྡན་གྱི་ཕིང་རྫུན་མའི་རིན་གོང་ནི་ཕིང་དག་མ་ལས་ལྡབ་གཉིས་ནས་གསུམ་བར་ཆུང་བ།

      ༢ ཁ་མདོག་ཤེལ་ལྟར་དྭངས་ཤིང་གསལ་བར་མ་ཟད་ཕྲ་སྦོམ་སྙོམས་པ་དང་གཅོད་དཀའ་བ།

      ༣ ཆུ་རུ་སྤངས་ན་ཞི་དཀའ་བར་མ་ཟད་དྲི་ངན་ལྡང་བ།

      ༤ མེར་བསྲེགས་ན་འགྱིག་ཤོག་བསྲེགས་པ་ལྟར་མདོག་ནག་ཅིང་འབྱར་བག་དང་ལྡན་པར་འགྱུར་བ་སོགས་སོ།།


  • ལེ་ཚན་སྔོན་མ།:དགུན་དུས་ཀྱི་བདེ་སྲུང་ཤེས་བྱ།
  • ལེ་ཚན་རྗེས་མ།:དགུན་དུས་ཀྱི་ཞོགས་པར་མགོ་བོ་བཀྲུ་མི་རུང་།
  • དོ་སྣང་ཆེ་བའི་རྩོམ།