དགུན་དུས་ཀྱི་བདེ་སྲུང་ཤེས་བྱ།

སྐལ་བཟང་ཚེ་རིང་།        2016-12-10

      དེ་ཡང་ལུས་སྟོབས་འཕེལ་བའི་དགུན་དུས་སུ་གྲང་ཞིང་བསིལ་བའི་རང་བཞིན་གྱིས། འབྱུང་བའི་སྟོབས་ཆེས་ཆེར་འཕེལ་ནས་ཟས་སྐོམ་གང་བཟས་པ་རྣམས་མྱུར་དུ་ཞུ་ཞིང་འཇུ་བར་བརྟེན། དེའི་སྐབས་སུ་ཟས་སྐོམ་བསྟེན་ཉུང་ན་ལུས་ཟུངས་ཟད་སྲིད་པས། མངར་བ་དང་། སྐྱུར་བ། ལན་ཚྭ་གསུམ་གྱི་རོ་ཤས་ཆེ་བའི་ཟས་སྐོམ་རིགས་མང་ཙམ་བསྟེན་དགོས། གཞན་ཡང་དགུན་དུས་ཉིན་མོ་ལས་མཚན་མོ་རིང་བས་ཐོ་རངས་བཀྲེས་པར་མ་ཟད། ཡུན་རིང་སོང་ན་ལུས་ཟུངས་ལྷག་པར་ཟད་པར་བརྟེན།  དགུན་དུས་ལུས་ལ་མར་དང་སྣུམ་སོགས་ཀྱི་བྱུག་པ་རྒྱག་པ་དང་། ལུག་ཤ་སོགས་བཙོས་པའི་ཁུ་བ་དང་། མར་གསར། བུ་རམ། འོ་མ་སོགས་སྣུམ་བཅུད་ཆེ་བའི་ཁ་ཟས་རིགས་ཟ་བ། དེ་བཞིན་ཆ་རྐྱེན་ཡོད་ཚེ་ཉིན་རེའི་ཞོགས་པ་སྨན་མར་རིལ་བུ་རེ་ཆུ་འཁོལ་ཚ་པོས་བཏང་ན། ལུས་སྟོབས་གསོ་ཞིང་ཆམ་རིམས་ལ་སོགས་པ་སྔོན་འགོག་བྱེད་ཐུབ། ཡིན་ནའང་ཆེས་གལ་ཆེ་ཤོས་ནི་རང་རང་གི་ལུས་སྟོབས་དང་འཇུ་ཚོད་ལ་གཞིགས་ནས། ཟས་སྐོམ་ཚད་རན་པར་བསྟེན་དགོས་པ་ནི་བོད་ལུགས་སྨན་པ་རྒན་རབས་ཚོའི་ཞལ་གདམས་ལས་བཏུས་པ་འགྲོ་བ་རྣམས་ཀྱི་གསོས་སུ་སྨིན་གྱུར་ཅིག


  • ལེ་ཚན་སྔོན་མ།:ཉི་འོད་འོག་ཏུ་སྡོད་ཡུན་རིང་ན་མིག་ནད་ཕོག་སླ།
  • ལེ་ཚན་རྗེས་མ།:དུག་ལྡན་རྫས་འགྱུར་གྱིས་བཟོས་པའི་ཟས་རིགས་ལ་གཟབ་དགོས།
  • དོ་སྣང་ཆེ་བའི་རྩོམ།