ཞིང་འབྲེག་ཚར་སྐབས་ཀྱི་གཞས།

རིན་ཆེན་རྒྱལ་གྱིས་བསྡུས།        2011-01-18

 
ཚར་ཡག   ཚར་ཡག
ཞིང་གཞིས་གོར་གོར་ཚར་ཡག་པོ།
ལོ་དང་མར་ཁུ་ཚུར་དུས་ཡག
ད་ལོ་མི་བཟང་ལས་དགུ་བཟང་རེད།
སང་ནིངས་མོར་འདིའི་བཟང་ཞིག   འདིའི་རྒྱན་ཞིག
ཁྱོད་གཡས་ལ་འཁྱིལ་དང་གཡོན་ན་ཉལ་ལ།
རྒྱ་ཟོར་དབལ་མས་མི་བྲེགས་པ་ཞིག
བརྩིགས་ན་བ་སྒམ་མཐོན་པོ་ཞིག
བོང་དྲེལ་བཀན་མོས་མི་ཤོལ་བ་ཞིག
བརྡུང་ན་འབྲུ་ཡོང་ཡོད་པ་ཞིག
སྣོད་ཁ་སྒམ་པ་གང་བ་ཞིག
ལོ་ཆུང་བྱིས་པ་རྒྱགས་པ་ཞིག
ལོ་ལོར་རྒན་རྒོན་དགའ་བ་ཞིག
ཁ་མགོ་ཁ་ཟས་བདེ་བ་ཞིག
ཁ་ཞག་ཅེ་ལེར་ཟ་བ་ཞིག
  • ལེ་ཚན་སྔོན་མ།:ཞིང་འབྲེག་ཚར་ཁའི་གཞས།
  • ལེ་ཚན་རྗེས་མ།:དམངས་གླུ་ཆུ་མིག་དགུ་སྒྲིལ།