ཞིང་འབྲེག་ཚར་ཁའི་གཞས།

རིན་ཆེན་རྒྱལ་གྱིས་བསྡུས།        2011-01-18

ཚར་ཡག    ཚར་ཡག 
ཞིང་ཆུང་གོར་གོར་ཚར་ཡག་པོ།
ལོ་དང་མར་ཁུ་ཚར་དུས་ཡག
ད་ལོ་མི་བཟང་ནས་དགུ་བཟང་རེད།
སང་ནིངས་མོར་འདི་ལས་བཟང་ཞིག
འདི་ལས་རྒྱན་ཞིག་ཤོད།
ཁྱོད་གཡས་ལ་འཁྱིལ་དང་གཡོན་ན་ཉོལ་ལ།
རྒྱ་ཟོར་དབལ་མས་མི་ཕྲོག་པ་ཞིག
རྩིག་ན་བ་སྒ་མཐོན་པོ་ཞིག
བོང་དྲེལ་བཀན་མོས་མི་ཤོལ་ནི་ཞིག
བརྡུང་ན་འབྲུ་ཡོང་ཡོད་ནི་ཞིག
སྣོད་ཁ་སྒམ་ཁ་གང་ནི་ཞིག
ལོ་ཆུང་བྱིས་པ་རྒྱགས་ནི་ཞིག
ལོ་ལོན་རྒན་རྒོན་དགའ་ནི་ཞིག
ཁ་མགོ་ཁ་སེམས་བདེ་ནི་ཞིག
ཁ་ཞལ་འཁྱིལ་ལེ་ཟ་ནི་ཞིག
  • ལེ་ཚན་སྔོན་མ།:ཞིང་འབྲེག་པའི་གཞས།
  • ལེ་ཚན་རྗེས་མ།:ཞིང་འབྲེག་ཚར་སྐབས་ཀྱི་གཞས།