ཞིང་འབྲེག་སྐབས་ཀྱི་སྨོན་གཞས།

རིན་ཆེན་རྒྱལ་གྱིས་བསྡུས།        2011-01-18

མཐའ་མི་མངོན་གྲོ་ཞིང་ལོ་རྟ་རྒྱུག་གི
ཞིམ་མངར་མར་ཁུ་བཞུས་འདྲའི་ལོ་རྒྱུན་ལོ་ལེགས་ཤོག
ད་ལོའི་ལོ་ཏོག་བཟངནས་ཡང་གི་བཟང
གཞུག་ལོའི་ལོ་ཏོག་ད་ལོ་ལས་ཀྱང་བཟང་བར་སྨོན།
གཡས་འབྲེག་གཡོན་འབྲེག་ཟོར་རྟུག་གི་མི་ཆོད།
ཤེད་ཅན་བོང་བུར་བཀལ་ན་མི་ཐེག་པ་ཞིག
ལོ་ལོན་དགའ་བའི་ལོ་ལེགས་འབྱུང་བར་ཤོག
བྱིས་པ་ལྟོ་བ་འགྲང་བའི་ལོ་འབྲས་སྨིན་པར་ཤོག
  • ལེ་ཚན་སྔོན་མ།:ཡུར་མ་ཡུར་བའི་གཞས།
  • ལེ་ཚན་རྗེས་མ།:ཞིང་འབྲེག་པའི་གཞས།