ཕོ་བྲང་པོ་ཏ་ལ་ངོ་སྤྲོད་སྟབས་བདེ།

        2011-09-07

བདེ་ཡངས་ཤར།
རྩེ་རྣམས་རྒྱལ་གྲྭ་ཚང་གི་དགུ་གཏོར་སྐབས་སྐུ་མགྲོན་རྣམ་པས་འཆམ་གཉིས་དང་གཡས་གཡོན་དུ་རྟ་ལྤགས་ཀྱི་རྔ་བོ་ཆེ་གཉིས་དར་འཕྱངས་བཅས་བཀལ་ཡོད།
ཕོ་བྲང་བདེ་ཡངས་ཤར་གྱི་རྔ་བོ་ཚེ་གཉིས།
རྔ་བོ་ཆེ་དེ་གཉིས་ནི་རྩེ་ཕོ་བྲང་གི་འགོ་འཛིན་པས་དགོང་རེ་ཁོར་ཡུག་སྟེང་ཤོད་ལ་བདེ་འཇགས་སྐོར་གཡེང་ཚར་རྗེས་ཆུ་ཚོད་དགུ་པའི་ཐོག་རྔ་བོ་ཆེ་དེ་གཉིས་བརྡུངས་རྗེས་རྩེའི་བཞུ་མར་གསོད་དགོས་ལ་འགྲུལ་མཚམས་འཇོག་པའི་བརྡ་གཏོང་བྱེད་ཀྱི་ཡོ་བྱད་གལ་ཆེ་ཞིག་རེད།
 གསུམ་སྐས་འགོ།
བདེ་ཡངས་ཤར་མཐོངས་དབུས་ངོས་རྡོ་སྐས་སེའུ་བཅུ་གཉིས་ཀྱི་ལྡིངས་ཆའི་སྟེང་སླར་ཡང་ཤིང་སྐས་གསུམ་ཡོད་པ་ནི་ཕོ་བྲང་ཤར་བརྒྱུད་ཀྱི་འགྲོ་ལམ་ལྟེ་བ་ཡིན་པ་དང་དབུས་ཀྱི་སྐས་ཐོག་ཏུ་གོང་ས་མཆོག་མ་གཏོགས་སྐྱེ་བོ་གཞན་འགྲོ་སྲོལ་མེད།
  རྩེ་གཉེར་ཚང་ལས་ཁུངས། ལས་ཁུངས་དེར་དབུས་ནང་རྫོང་གཞིས་ཁག་ནས་རྨོས་བརྔོས་ཀྱི་འབབ་འབྲུ་དང་།བརྔོས་རྩམ།དངུལ་བཅས་ཁྲལ་བསྡུ་དང་།རྩེའི་དྲུང་རེགས་གྲངས་175ལ་སྔར་སྲོལ་གྱར་ཕོགས་ཞེས་ལོ་རེ་སྦྲ་གུར་དང་།སྣམ་བུ།དངུལ་བཅས་སོ་སོའི་གོ་གནས་ལ་གཞིགས་ཏེ་སྤྲོད་རྒྱུ།རྩེའི་ཚོམས་ཆེན་མཛད་སྒོ་ཁག་དང་དྲུང་ཇའི་སར་དཀར་སྤྲོ་སྒྲིག་གཤོམ་སྐབས་སྡེར་ཐོབ་ཀྱི་ལས་ཀ་བཅས་བྱེད་ཀྱི་ཡོད།
 རྩེ་མཆོད་དཔོན་མཁན་པོ།
གོང་ས་མཆོག་གི་ཆོས་ལུགས་མཛད་སྒོ་གང་ཅིར་ཞབས་ཞུའི་ལས་འགན་འཁུར་རྒྱུ་དང་རྩེ་རྣམ་རྒྱལ་གྲྭ་ཚང་གི་སྤྱི་ཁྱབ་ཀྱི་འགན་འཁུར་ཞིང་དེའི་འགོ་དཔོན་ལ་རིམ་པ་བཞི་པ་ཆེ་བའི་གོ་གནས་ཡོད།
 ཚོམས་ཆེན་ཤར་སྲིད་ཞི་ཕུན་ཚོགས། ཚོམས་ཆེན་སྲིད་ཞི་ཕུན་ཚོགས་རྙིང་པ་དེ1645ལོར་རྒྱལ་བ་ལྔ་པས་བོད་ཀྱི་སྲིད་དབང་བཞེས་རྗེས་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་གསར་སྐྲུན་བྱས་པ་རེད།ཚོམས་ཆེན་འདིའི་ནང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ཐོག་མའི་ཁྲི་ཕེབས་ཀྱི་མཛད་སྒོ་རིམ་པ་གནང་བ་དང་ལོ་རེའི་སྒྲུབ་མཆོད་དང་ལོ་གསར་སོགས་མཛད་སྒོ་ཁག་ཚོགས་ཀྱི་ཡོད་པ་རེད།
 ཚོམས་ཆེན་ཤར་གྱི་ལྡེབས་བྲིས།
ཚོམས་ཆེན་ཤར་གྱི་ལྡེབས་བྲིས་ནི་གཙང་པ་དབུ་ཆེན་ཆོས་དབྱིངས་རྒྱ་མཚོ་ཞེས་སྐད་གྲགས་ཅན་དེས་བྲིས་པའི་རྒྱན་དྲུག་མཆོག་གཉིས་དང་།ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་ལོ་རྒྱུས།ཇོ་བོ་རྗེ་བོད་དུ་ཕེབས་པའི་སྐོར།མཁས་ཆེན་དམ་པ་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཀྱི་ལྡེབས་བྲིས་ཡོད།
(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:བསམ་ཡས་གཙུག་ལག་ཁང་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:རྔམ་བརྗིད་ལྡན་པའི་ཕོ་བྲང་སེང་འབྲུག་སྟག་རྩེ།
  • དོ་སྣང་ཆེ་བའི་རྩོམ།