སྨིན་གྲོལ་གླིང་དགོན་པ

        2010-05-12

ནང་བསྟན་དགོན་པའི་འཕགས་ཡུལ་སྐུ་འབུམ་བྱམས་པ་གླིང་།
མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་དུ་གསར་གྲོང་རྡལ་གྱི་ལྷོ་ནུབ་མཚམས་སུ་གཞི་ཁྱོན་རྒྱ་ཆེ་བའི་ནང་བསྟན་དགོན་པ་སྟེ་སྐུ་འབུམ་བྱམས་པ་གླིང་ཡོད་པ་དེ་ནི་རང་རྒྱལ་གྱི་མིང་གྲགས་ལྡན་པའི་ནང་བསྟན་དགེ་ལུགས་པའི་དགོན་ཆེན་དྲུག་གི་གཅིག་ཡིན་ལ།དགེ་ལུགས་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་ཡང་ཡིན།སྐུ་འབུམ་དགོན་ནི་མིང་རྒྱལ་རབས་ཅ་ཅིན་ཁྲི་ལོ་39པར(སྤྱི་ལོ་1560ལོར་)བཏབ་འགོ་བཟུང་ཞིང་།དེའི་རྗེས་རིམ་བཞིན་རྒྱས་པར་བསྐྲུན་ནས་ལོ་400ཚོགས་ཆེན་འདུ་ཁང་།མཆོད་རྟེན།གྲྭ་ཤག་སོགས་ཡོད་ཅིང་རྒྱ་བོད་གཉིས་ཀྱི་བཟོ་རྩལ་ལྟར་བཞེངས་པ་ཡིན་ལ།རྒྱ་ཁྱོན་ལ་མུའུ་600ལྷག་ཡོད།གསེར་སྡོང་ཆེན་མོ་དང་བཙན་ཁང་།ཚོགས་ཆེན་འདུ་ཁང་སོགས་ནི་མིང་གྲགས་ཆེ་ཤོས་ཡིན།གསེར་སྡོང་ཆེན་མོའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་449-5ཡོད།1560ལོར་བཞེངས་པ་དང་།1711ལོར་གསེར་ཟངས་ཀྱི་རྒྱ་ཕིབས་བསྟད།1740ལོར་ཟངས་ཀྱི་ཆོས་འཁོར་དང་རྒྱལ་མཚན།རི་དྭགས་སོགས་ཀྱིས་བརྒྱ་པས་སྐྱེ་བོ་ཀུན་གྱི་མིག་དབང་འཕྲོག་པའི་གཟི་འོད་རབ་ཏུ་འབར་བཞིན་མཆིས།བཙན་ཁང་ནི་སྐུ་འབུམ་བྱམས་པ་གླིང་གི་བསྟན་སྲུང་ལྷ་ཁང་ཡིན།1692ལོར་གསར་དུ་བཞེངས་ཤིང་།1802ལོར་གསེར་ཟངས་ཀྱི་རྒྱ་ཕིབས་བསྟད།བཙན་ཁང་ནང་འབྲོང་དང་།དགོ་བ།དོམ།སྤྲེའུ་སོགས་ཀྱི་གཅན་གཟན་སྣ་ཚོགས་ཡོད།བཙན་ཁང་གི་རྒྱབ་ཀྱི་ཡིད་བཞིན་བདེ་གཤེགས་མཆོད་རྟེན་བརྒྱད་ནི་1776ལར་བཞེངས་པ་རེད།ཚོགས་ཆེན་འདུ་ཁང་ཆེན་མོ་ནི་ཁང་ཀླད་མཉམ་པའི་བོད་ལུགས་ཀྱི་བཞེངས་སྲོལ་ལྟར་བཞེངས་པ་ཡིན་ལ།བརྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་1-981ཡོད།1612ལོར་གསར་དུ་བཞེངས་ཤིང་།1912ལོར་མེ་སྐྱོན་བྱུང་རྗེས་1915ལོར་གསར་དུ་བཞེངས།སྤྱིར་ན་མར་བཟོས་རྒྱན་མཆོད་དང་ལྡེབས་རིས།གཙགས་དྲུབ་གསུམ་ནི་སྐུ་འབུམ་གྱི་ཁྱད་དུ་མཚར་བའི་སྒྱུ་རྩལ་མཐོ་ཤོས་ཡིན།མར་བཟོས་རྒྱན་མཆོད་ནི་མར་གྱིས་བཟོས་པའི་ལྷ་སྐུ་དང་མི་སྣ།འདབ་ཆགས་དང་མེ་ཏོག་སོགས་བཟོ་སྟངས་འདྲ་མིན་གྱིས་ལོ་རྒྱུས་བྱུང་རིམ་ཞིག་མཚོན་པར་བྱས་ཏེ་ལོ་རེའི་རྒྱལ་ལོའི་བཅོ་ལྔར་བཤམས་པ་ཡིན།
 
སྨིན་གྲོལ་གླིང་དགོན་པ
སྨིན་གྲོལ་གླིང་ནི་ལྷོ་ཁ་གྲ་ནང་རྫོང་ཁོངས་སུ་གནས་པའི་བོད་ལྷོ་བརྒྱུད་རྙིང་མའི་དགོན་སྡེ་ཆེ་བ་རྡོ་གླིང་དཔལ་གསུམ་གྱི་ཡ་གྱལ་ཞིག་ཡིན། ཏྰ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་བླ་མ་གྲ་ནང་སྐྱེས་བུ་བཅུ་གསུམ་ནང་གི་གཏེར་བདག་གླིང་པ་རིག་འཛིན་འགྱུར་མེད་རྡོ་རྗེས་བོད་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་ལོ་སྟེ་སྤྱི་ལོ༡༦༧༦ལོར་ཕྱག་བཏབ། རབ་བྱུང་བཅུ་གཉིས་པའི་ས་ཁྱི་ལོ་སྟེ་སྤྱི་ལོ་༡༧༡༨ལོར་སོག་པོ་ཇིང་གར་གྱིས་མེར་བསྲེགས་བཏང་ཡང་རྗེས་སུ་ཞིག་གསོ་བྱས་ཤིང་། སྔར་དགོན་པ་འདིར་ཁམས་དང་ཨ་མདོའི་ས་ཁུལ་ཁག་གི་རྙིང་མ་པའི་དགེ་འདུན་པ་ཚོ་དང་སྨན་རྩིས་སོགས་སྦྱོང་བར་ཕེབས་མཁན་ཤིན་ཏུ་མང་བས་དགོན་པ་དེ་ནི་དེ་སྔ་བོད་ཀྱི་རིག་གཞུང་སྤྱི་དང་། སྒོས་སུ་སྨན་གཞུང་སྐར་རྩིས་སོགས་ཀྱི་ཤེས་ལྡན་མི་སྣ་ཅན་གྱི་ཆོས་སྡེ་ཞིག་ཡིན་ནོ།།
  • ལེ་ཚན་སྔོན་མ།:དཔལ་ཞ་ལུ་དགོན།
  • ལེ་ཚན་རྗེས་མ།:རི་ཁ་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་།
  • དོ་སྣང་ཆེ་བའི་རྩོམ།