ཁྲིམས་འགལ་གྱིས་མ་དངུལ་རུབ་བསྡུས་ནང་དུ་ཞུགས་ནས་འགྲུབ་པའི་ཉེན་ཁ་དང་གྱོང་གུན་འགན་ལེན་བྱེད་པའི་འབྲེལ་ཡོད་ཀྱི་ཆོད་དོན་གང་དག་རེད།

        2012-03-13

རང་རྒྱལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར།ཁྲིམས་འགལ་གྱིས་མ་དངུལ་རུབ་བསྡུས་བྱས་ནས་གྱོང་གུན་བྱུང་ན།ནང་དུ་ཞུགས་མཁན་རང་ཉིད་ཀྱིས་འགན་ཁུར་དགོས།དེ་ལས་བྱུང་བའི་བུ་ལོན་དང་ཉེན་ཁ།ཁྲིམས་འགལ་གྱིས་མ་དངུལ་རྩ་སྡེ་ཁག་གཞན་དག གཞན་མིན་གྱི་ལས་ཁུངས་གང་རུང་ལ་གཞན་ལ་འགེལ་རྒྱུ་མེད།བུན་དབང་དང་བུ་ལོན་གཙང་བཤེར་དང་ཞིབ་རྩིས་རྒྱག་ནས་ཕྱིར་ལོག་བྱས་རྗེས།ལྷག་ཡོད་པའི་ཁྲིམས་འགལ་གྱིས་རྒྱུ་ནོར་གཞུང་བཞེས་བྱེད་དགོས།གནས་ཡུལ་ནས་ཀྲུང་དབྱང་གི་དངུལ་མཛོད་དུ་སྤྲད་པ།མི་དམངས་ཁྲིམས་ཁང་གིས་ལག་ལེན་བསྟར་རྗེས།མ་དངུལ་རུབ་བསྡུས་བྱེད་མཁན་གྱིས་རུབ་བསྡུས་བྱས་པའི་མ་དངུལ་རྩིས་རྒྱག་ནས་ཕྱིར་མ་ལོག་ན།ངེས་པར་དུ་ནང་དུ་ཞུགས་མཁན་རང་ཉིད་ཀྱིས་གྱོང་གུན་འགན་ཁུར་དགོས།ཁྲིམས་འགལ་གྱིས་མ་དངུལ་རུབ་བསྡུས་བྱས་པའི་བྱེད་སྒོ་རྩིས་མེད་དུ་གཏོང་བའི་གོ་རིམ་ནང་དུ།ས་གནས་སྲིད་གཞུང་གིས་མཐུན་སྦྱོར་གྱི་ལས་དོན་རྩ་འཛུགས་བྱེད་རྒྱུ་འགན་ཁུར་དགོས།དེ་ནས་སྤྱི་ཚོགས་མང་ཚོགས་ཁྲིམས་འགལ་གྱིས་མ་དངུལ་རུབ་བསྡུས་ནང་དུ་ཞུགས་ན།ཞུགས་མཁན་གྱི་ཁེ་ཕན་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་མི་བྱེད་རྒྱུ་མཚོན།
  • ལེ་ཚན་སྔོན་མ།:མི་རིགས་རང་སྐྱོང་ས་གནས་འཛུགས་སྟངས་དང་རང་སྐྱོང་ལས་ཁུངས་འཛུགས་ཕྱོགས་སྐོར།
  • ལེ་ཚན་རྗེས་མ།:ལས་རྨས་བྱུང་བའི་ལས་བཟོ་པའི་ཐོབ་ཐང་གང་འདྲ་རེད།
  • དོ་སྣང་ཆེ་བའི་རྩོམ།