སྒྲ་སྙན་བྱུང་ཚུལ་བརྗོད་པ།(3)

ཞི་ཆིན་གྱིས་བརྩམས། བུ་བཞིས་བསྒྱུར།        2014-12-11


དེང་རབས་རིག་གནས་ཀྱི་གནོན་ཤུགས་ཆེན་པོའི་འོག་སྒྲ་སྙན་རྡུང་ལེན་རྒྱུན་ཆད་པའི་ཉེན་ཁ་ཆེན་པོར་འཕྲད་ཡོད། འཚོ་བཞེས་གནང་བཞིན་པའི་སྒྱུ་རྩལ་པ་དག་ཀྱང་ན་རྒས་སྟོབས་ཞན་གྱི་ཚད་དུ་སླེབས་ཡོད། རྒྱུད་འཛིན་མཁན་གསར་པ་གསོ་སྐྱོང་བྱེད་པའི་རིགས་གནས་ཀྱི་ཁོར་ཡུག་ཞན་པས་རྒྱུན་ཆད་པས་སྒྲ་སྙན་རྡུང་ལེན་གྱི་སྙིང་བཅུད་ཤོར་ལ་རོལ་དབྱངས་ཀྱི་ཁྱད་ཆོས་མེད་པར་གྱུར། གསུམ་ནས་མི་རྣམས་ཀྱིས་རང་འགུལ་སྒོས་སྒྲ་སྙན་རྡུང་ལེན་རྡུང་ལེན་བྱེད་བཞིན་ཞན་དུ་སོང་ནས། དུས་ཆེན་སྐབས་ཀྱི་འགན་ཁུར་རང་བཞིན་གྱི་འཁྲབ་སྟོན་ལྟ་བུར་གྱུར་ནས་དེའི་རིག་གནས་ཁྱབ་ཁོངས་ཇེ་ཆུང་དུ་སོང་བས་འཕེལ་རྒྱས་ཀྱི་ལམ་ཉག་ཕྲ་བའི་གནས་སུ་གྱུར་ཡོད།
ཐུན་མོང་མ་ཡིན་པའི་སྒྲ་སྙན་རྡུང་ལེན་གྱི་སྒྱུ་རྩལ་འདི་མྱུར་སྐྱོབ་བྱེད་ཆེད་དུས་རིམ་མི་མཚུངས་པའི་སྦྱོང་བརྡར་འཛིན་གྲྭ་འཛུགས་གཉེར་བྱས་ནས་མཉམ་མྱོང་བརྗེ་རེས་དང་། ལག་རྩལ་མཐོར་འདེགས། ཁྱབ་གདལ་གཏོང་བ་བཅས་པའི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རྐང་འཛིན་སྒྱུ་རྩལ་པ་མང་པོ་གསོ་སྐྱོང་བྱ་དགོས། རིག་གནས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་དང་། ལྷག་པར་དུ་ན་གཞོན་སྒྱུ་རྩལ་པ་རྣམས་ངེས་པར་འདིའི་ནང་དུ་འགུག་ཐབས་བྱ་དགོས། དེ་མིན་ད་དུང་མཐུན་ཚོགས་སྒྲིག་འཛུགས་བྱས་ནས་སྒྲ་སྙན་རྡུང་ལེན་དར་སྤེལ་དང་ཞིབ་འཇུག་གི་ལས་ཀ་རྒྱུན་ལྡན་ཅན་དང་ཡུན་རིང་ཅན་དུ་བསྒྱུར་དགོས་པ་དང་། ཐེབས་རྩ་ཚོགས་པ་བཙུགས་ནས་སྒྱུ་རྩལ་པར་སྲུང་སྐྱོང་དང་ན་གཞོན་སྒྱུ་རྩལ་པ་གསོ་སྐྱོང་བྱེད་དགོས། སྒྲ་སྙན་རྡུང་ལེན་དང་ཡུལ་སྐོར་རིག་གནས་གཉིས་ཟུང་འབྲེལ་བྱས་ནས་ས་གནས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་གྲགས་ཅན་གསར་དུ་གཏོད་པའང་ད་ལྟ་གནའ་བོའི་སྒྱུ་རྩལ་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་ཡིན་ནོ། །
  • ལེ་ཚན་སྔོན་མ།:བོད་ཀྱི་སྒྲ་སྙན་གྱི་ཁྱད་ཆོས་དང་དཀྲོལ་ཐབས།
  • ལེ་ཚན་རྗེས་མ།:སྒྲ་སྙན་གྱི་སྒྲིག་གཞི་དང་དབྱེ་བ།