སྒྲ་སྙན་བྱུང་ཚུལ་བརྗོད་པ།(2)

ཞི་ཆིན་གྱིས་བརྩམས། བུ་བཞིས་བསྒྱུར།        2014-12-11


སྒྱུ་རྩལ་མཚོན་སྟངས་ཀྱི་ཐད་སྒྲ་སྙན་རྡུང་ལེན་ལ་ཁྱད་ཆོས་བཞི་ཡོད་དེེ། དང་པོ་ནི། སྣ་མང་རང་བཞིན་ལྡན་པ། སྒྲ་སྙན་ལ་རིགས་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། འཁྲབ་སྟངས་རྣམ་པ་སྣ་ཚོགས་ཡོད། གླུ་ཚིག་ལ་གཏམ་རྒྱུད་བརྗོད་པའི་གླུ་དང་། གཏམ་གླུ་སྤེལ་མ་སོགས་ཡོད་ཅིང་། ལེན་སྟངས་ལ་ཁེར་ལེན་དང་། ཕོ་མོ་མཉམ་ལེན། མི་མང་མཉམ་ལེན་སོགས་ཡོད། བྲོ་ལ་མི་གྲངས་མི་མཚུངས་པའི་གླུ་གར་སྤེལ་མ་སོགས་ཡོད། གཉིས་པ་ནི་ཚད་ལྡན་རང་བཞིན་དང་རང་དགའ་རང་བཞིན་གཉིས་ལྡན་པ། ཚད་ལྡན་རང་བཞིན་གྱི་ཆ་ནས་བརྗོད་ན་དུས་ཚོད་དང་ས་གནས་གཏན་འཁེལ་བྱས་ཡོད། རང་དགའ་རང་བཞིན་ནི་དུས་ཚོད་དང་ས་གནས་ལ་ངེས་གཏན་མེད།གསུམ་ནི། མང་ཚོགས་ཀྱི་རང་བཞིན་ལྡན་པ། འཁྲབ་སྟངས་དེ་ནི་བོད་རིགས་མང་ཚོགས་ཀྱི་རང་བཞིན་ལྡན་པ། འཁྲབ་སྟངས་དེ་ནི་བོད་རིགས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་ལྟ་བུར་གྱུར་ཡོད་ལ། ལྷག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་མཚོན་ན་སྒྲ་སྙན་ནི་བོད་མིའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་རོལ་རྩེད་ཅིག་ཏུ་གྱུར་ཡོད། བཞི་པ་ནི་ཁྱད་འཕགས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་པ། སྒྲ་སྙན་གཏོང་ཞོར་གླུ་ལེན་ནི་གླུ་གར་ཟུང་འབྲེལ་གྱི་འཁྲབ་སྟོན་ཞིག་ཡིན།
སྒྲ་སྙན་རྡུང་ལེན་ནི་རྒྱལ་ཁབ་ཁག་རིམ་པའི་དངོས་མིན་རིག་གནས་
ཤུལ་བཞག་ཁག་གཉིས་པའི་མིང་ཐོར་བཀོད་ཡོད།
  • ལེ་ཚན་སྔོན་མ།:བོད་ཀྱི་སྒྲ་སྙན་གྱི་ཁྱད་ཆོས་དང་དཀྲོལ་ཐབས།
  • ལེ་ཚན་རྗེས་མ།:སྒྲ་སྙན་གྱི་སྒྲིག་གཞི་དང་དབྱེ་བ།