ཁྲེན་ཀང་། 2019-01-18
ཁྲེན་ཀང་། ཕོ། བོད་རིགས། 1976ལོར་སྐྱེས། སི་ཁྲོན་ཞིང་ཆེན་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་དཀར་མཛེས་ཁུལ་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་། 2003ལོར་དཀར་མཛེས་ཁུལ་བོད་ཀྱི་རི་མོ་ཞིབ་འཇུག་ཁང་དུ་ལས་གནས་སྤོས་ཏེ་བོད་ལུགས་རི་མོ་གསར་པའི་ཞིབ་འཇུག་གསར་རྩོམ་བྱ་བ་སྒྲུབ་བཞིན་ཡོད། མཛེས་རྩལ་བརྩམས་ཆོས་ནང་དོན་མང་ཆེ་བ་ཡུལ་སྲོལ་གོམས་གཤིས་གཙོ་བོར་བྱས་པ་དང་། དངོས་ཡོད་འཚོ་བའི་ནང་གི་བོད་རིགས་མི་སེར་གྱི་དྲང་བདེན་དང་ལྷག་བསམ་བཅས་ལ་དམིགས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་བསྟོད་བསྔགས་བྱས་པ་རེད། བརྩམས་ཆོས་ཀྱི་ཁྱད་ཆོས་གཙོ་བོ་ནི་ལོ་ངོ་སྟོང་ཕྲག་རིང་ལ་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་འཕེལ་རྒྱས་ཕྱིན་པའི་བོད་རིགས་དམངས་ཁྲོད་སྒྱུ་རྩལ་ནང་གི་ཉིང་བཅུད་བསྡུ་ལེན་དང་རང་ངོས་གསར་གཏོད་བྱས་ཏེ་བརྩམས་ཆོས་ཀྱི་ལུས་སུ་གྲུབ་པ་དེ་ཡིན་པ་རེད། ཁོས་གསར་དུ་བརྩམས་པའི་བོད་རིགས་རི་མོ་གསར་པ་ཐེངས་མང་པོར་ཞིང་ཆེན་དང་ཁུལ་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་ནང་ཞུགས་མྱོང་། བརྩམས་ཆོས༼ དབྱངས་ཅན་མ༽ སི་ཁྲོན་ཞིང་ཆེན་གྱི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་ང་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་ནང་ཚུད་པར་མ་ཟད་ཕུལ་བྱུང་གི་བྱ་དགའ་ཐོབ་པ་དང་། བརྩམས་ཆོས༼ སྤྲིན་དམར༽ སི་ཁྲོན་ཞིང་ཆེན་གྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུ་བའི་མཛེས་རྩལ་འགྲེམ་སྟོན་ནང་ཚུད་པ་དང་། བརྩམས་ཆོས༼ གནའ་ལམ་རིང་པོ ༽ སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གིས་འཛུགས་པའི་སྐབས་གཉིས་པའི་སྐར་ཚོགས་བཀྲ་བའི་མང་ཚོགས་མཛེས་རྩལ་འགྲེམ་སྟོན་ནང་ཚུད་པར་མ་ཟད་བྱ་དགའ་ཨང་གསུམ་པ་ཐོབ་ཡོད། བརྩམས་ཆོས ༼ དཔྱིད༽ སྐབས་ལྔ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཛེས་རྩལ་འགྲེམ་སྟོན་ནང་ཚུད་པར་མ་ཟད་ཕུལ་བྱུང་གི་བྱ་དགའ་ཐོབ་པ་རེད།
རྩོམ་གསར། 10