འདོད་ཡོན་རྣམ་ལྔ།

        2015-04-07

འདོད་ཡོན་རྣམ་ལྔ།

འདོད་པའི་ཡོན་ཏན་ལ་ལྔ་སྟེ།གཟུགས་དང་།སྒྲ།དྲི།རོ།རེག་བྱ་བཅས་སོ།།སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་སྤྱན་སྔར་མེ་ལོང་དང་།པི་ཝང་།བདུག་སྤོས།ལྷ་བཤོས།དར་དཀར་བཅས་ཀྱིས་ཡིད་དུ་འོང་བའི་མཆོད་པ་ཤོམ་པ་དེས་དངོས་བཤམས་ཡིད་སྤྲུལ་གྱི་འདོད་པའི་ཡོན་ཏན་ལྔ་རུ་འདུས་པའི་མཆོད་པའི་བྱེ་བྲག་ཡོངས་མཚོན་པ་ཡིན་ནོ།།དེ་བཞིན་དུ་འཇིག་རྟེན་གྱི་འདོད་པའི་ཡོན་ཏན་ལྔ་བོ་མཚོན་པ་ལའང་གོང་མཚུངས་མཚོན་སྟངས་ཁྱབ་ཆེ་སྟེ།མཚོན་ཚུལ་ནི།མེ་ལོང་གིས་གཟུགས་མཚོན་ཞིང་།པི་ཝང་གིས་སྒྲ།བདུག་སྤོས་ཀྱིས་དྲི།ལྷ་བཤོས་ཀྱིས་རོ།དར་དཀར་གྱིས་རེག་བྱ་བཅས་མཚོན་ནོ།།

འདོད་ཡོན་རྣམ་ལྔ།
 

  • ལེ་ཚན་སྔོན་མ།:ཚེ་རིང་རྣམ་དྲུག
  • ལེ་ཚན་རྗེས་མ།:མི་མཐུན་གཡུལ་རྒྱལ།