གང་བྱུང་དུ་རྣ་ཅོག་སྔོག་རྒྱུ་མེད།

        2010-04-28

སློབ་ཕྲུག་འགའ་ཞིག་གིས་རྣ་ཅོག་ནང་ཟ་ཕྲུག་ལངས་སྐབས་ལམ་སང་སྐྲ་པིང་དང་མུ་ཟི་སོགས་ཀྱིས་རྣ་ཅོག་སྔོག་གི་ཡོད།སྐྲ་པིང་དང་མུ་ཟི་ལ་སོགས་པའི་དངོས་པོ་དེ་དག་ཚང་མའི་ཐོག་ཏུ་ནད་འབུ་ཡོད་པས་རྣ་ཅོག་སྔོག་སྐབས་རྣ་བའི་བུ་ག་ཕྱི་མའི་པགས་པར་རྨ་བཟོས་ན་གཉན་ཚད་ཁྲིད་པ་དང་རྣག་བསགས་པའི་སྣང་ཚུལ་ཐོན་སླ་པོ་ཡོད་ཅིང་།གལ་སྲིད་རྣ་ཅོག་བསྔོགས་ནས་རྣ་བའི་རྔ་ལྤགས་བརྡོལ་བ་ཡིན་ན་ཐོས་ཤུགས་ལ་གནོད་ཀྱི་རེད།
“ཀླད་སྦང”ནི་རྣ་བའི་བུ་ག་ཕྱི་མའི་ཟགས་ཐོན་དངོས་པོ་ཞིག་ཡིན།དེས་པགས་པར་སྲུང་སྐྱོབ་ཀྱི་ནུས་པ་ཐོན་གྱི་ཡོད།“ཀླད་སྦང”མང་པོ་ཡོད་ན་རྒྱུན་ལྡན་གྱི་གནས་ཚུལ་འོག་རང་བཞིན་དུ་ཕྱིར་ཐོན་འགྲོ་བ་རེད།གལ་ཏེ“ཀླད་སྦང”ཧ་ཅང་མང་པོ་ཡོད་སྐབས་སོ་སོས་གང་བྱུང་དུ་མ་བསྔོག་པར་ཕ་མའམ་ཡང་ན་སྨན་པར་ག་ལེར་སྔོག་ཏུ་འཇུག་དགོས།

  • ལེ་ཚན་སྔོན་མ།:གཉིད་མ་ཉལ་གོང་དཀར་པོ་ཆིག་ཐུབ་དང་སྦྲང་རྩིའི་སྙིང་བཅུད་བཏུང་ན་འཚམས་པོ་མེད།
  • ལེ་ཚན་རྗེས་མ།:དབང་པོ་ལྔའི་འགྱུར་ལྡོག་དང་བདེ་ཐང་དབར།
  • དོ་སྣང་ཆེ་བའི་རྩོམ།