རོ་ལྔ་དང་གཟུགས་གཞི་བདེ་ཐང་བར།

        2010-04-28

མངར་བ།
མངར་ཟས་བཟས་ན་རླུང་དང་ཁྲག་གསོ་བ་དང་།ཤ་ནད་ལྷུག་ཏུ་གཏོང་བ།དུག་སེལ་བ་སོགས་ཀྱི་ནུས་པ་ཐོན་མོད།འོན་ཀྱང་ཤ་ཚོད་མ་ཐིག་ན་ཁྲག་མངར་མཐོ་རུ་འགྲོ་བ་དང་མཁྲིས་རྒྱུ་མང་དུ་འགྲོ་བ་མ་ཟད།གཟུགས་པོ་རྒྱགས་པ་ཆགས་སླ་བ་དང་སྙིང་གི་ཁྲག་རྩའི་ནད་གཞི་འཁྲིད་ཀྱི་ཡོད་པ་རེད།
སྐྱུར་བ།
སྐྱུར་ཟས་བཟས་ན་དང་ག་འབྱེད་རྒྱུར་སྐུལ་མ་ཐེབས་པ་དང་མཆེར་བ་ཐང་དུ་འགྲོ་བ་དང་ཕོ་བ་བཤང་བའི་ནུས་པ་ཐོན་ཐུབ་པ་མ་ཟད།མཆིན་པའི་ནུས་པ་ཇེ་ཆེར་འགྲོ་བ་དང་ཀའེ་དང་ལིན་འཇུ་ཤུགས་ཆེ་རུ་འགྲོ་ཐུབ།ཚུའུ་སོན་ལ་དུག་སེལ་འབུ་བསོད་ཀྱི་ནུས་པ་ཡོད་ནའང་ཟ་མང་དྲགས་པའི་སྐབས་སུ་འཇུ་ནུས་འཁྲུག་གི་ཡོད་པ་རེད།
ཁ་བ།
ཁ་བར་སྐམ་རློན་མི་སྙོམས་པ་སེལ་བ་དང་།གཅིན་པ་འབབ་བདེ་བ།ཕོ་བ་ལ་ཕན་པ་བཅས་ཀྱི་ནུས་པ་ཡོད་ནའང་ཁ་དྲགས་ན་ཡག་པོ་མི་འཇུ་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད་པ་རེད།
ཚ་བ།
རོ་ཚ་བའི་བཟའ་བཅའ་འོས་འཚམས་ཤིག་བཟས་ན་ཕོ་བ་དང་རྒྱུ་མ་འགུལ་རྒྱུར་སྐུལ་བ་དང་།འཇུཁུ་ཐོན་མང་དུ་འགྲོ་བ།ཁྲག་གི་འགོར་རྒྱུག་དང་གཟུགས་གཞིའི་རྙིང་དོར་གསར་ལེན་བྱ་རྒྱུར་སྐུལ་འདེད་གཏོང་བ།འབམ་དང་གྲང་ངད་སེལ་བ་བཅས་བྱེད་མོད།འོན་ཀྱང་ཟ་ཐལ་ཤོར་ན་ཕོ་བའི་འབྱར་སྐྱེར་ཤུགས་རྐྱེན་ཐེབས་ནས་གློ་བའི་དབུགས་འཚང་ཆེ་རུ་འགྲོ་གི་རེད།གཞང་གྲུམ་དང་།མཚང་ར་གས་པ།ཕོ་བའི་རུལ་ནད།དབང་རྩ་ཉམས་པ།པགས་ནད་བཅས་ཡོད་མཁན་གྱིས་ཚ་བའི་ཟས་བཟའ་རྒྱུ་མེད་པ་རེད།
ལན་ཚ་བ།
ཟ་ཚྭའི་་གཙོ་བོའི་ནུས་པ་ནི་ཕྲ་ཕུང་དང་ཁྲག་བར་གྱི་སིམ་འཛུལ་དང་རྒྱུན་གཏན་གྱི་ཆུ་དང་ཚལ་རྙིང་ཚབ་གསར་ལེན་བྱ་རྒྱུ་སྙོམས་སྒྲིག་བྱེད་པ་དེ་ཡིན་ཞིང་ཚྭ་འོས་འཚམ་ཤིག་ཁ་གསབ་བྱས་ན་སྐྱུགས་པ་དང་འཁྲུ་བའི་སྐབས་སུ་གཟུགས་པོའི་ནང་གི་ཡོན་སུའུ་ཕྲ་རབ་མི་ལྡང་བ་སྔོན་འགོག་བྱེད་ཐུབ།ཡིན་ནའང་ཟ་དྲགས་ན་མཁལ་མའི་ཁུར་པོ་ལྕི་རུ་སོང་ནས་ཁྲག་ཤེད་མཐོ་བའི་ནད་འཕོག་སྲིད།
  • ལེ་ཚན་སྔོན་མ།:བགད་ན་བཟང་ཆ་བཅུ་ཡོད།
  • ལེ་ཚན་རྗེས་མ།:བཟས་ཟ་དྲགས་ན་ཀླད་ཆེན་ལ་གནོད་འཚེ་ཆེན་པོ་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།