སྒྲོལ་མ་སྐྱིད། མཚོ་སྔོན་བོད་ཡིག་གསར་འགྱུར། 2012-08-09
དབྱར་དུས་སུ་དྲོད་ཚད་མཐོ་ལ་བརླན་ཆེ་བས། ནད་གཞི་སློང་བའི་སྐྱེ་དངོས་ཕྲ་རབ་སྣ་ཚོགས་སྐྱེ་བར་འཚམ་པ་དང་། ཟས་རིགས་རུལ་སླ་བའི་ཁར། སྦྲང་ནག་གང་སར་འཕུར་ཏེ་ཟས་རིགས་ལ་སྦག་བཙོག་ཐེབས་སླ། སྤྱིར་བཏང་དུ་ཟས་དུག་ཕོག་སླ་བའི་ཟ་མའི་རིགས་ནི་ཤ་ཟས་གྲང་མོ་དང་འཁྱག་ཟས། འབྲས་ལྷག་དང་ཤ་བཟོས་ཐོན་རྫས་སོགས་ཡིན་པ་དང་། མཚོ་ནང་གི་ཟས་རིགས་དང་རྒྱ་སྲན། གསར་དུ་བསྙལ་བའི་ཚྭ་ཚོད་བཅས་ལས་ཀྱང་ཟས་དུག་ཕོག་སླ་བས་ཉུང་བཟའ་བྱས་ན་བཟང་།
རྩོམ་གསར། 10