ནད་པས་ས་བཤད་རྡོ་བཤད་བྱེད་པ་དེ་འདྲེ་ཞུགས་པ་ཡིན་ནམ།

        2010-04-28

ཚ་བ་ཆེན་པོ་རྒྱག་པའི་ནད་པ་དང་ནད་གཞི་ལྗིད་པའི་ནད་པ་ཁ་ཤས་ཀྱིས་སྐབས་འགར་ས་བཤད་རྡོ་བཤད་བྱེད་པ་དང་ལ་ལ་ཐ་ན་དངངས་སྐྲག་སྐྱེས་ནས་“འདྲེ་འདུག་འདྲེ་འདུག”ཅེས་བཤད་པས།ཁྱིམ་མི་འགའ་ཞིག་གིས་ནད་པར“འདྲེ་ཞུགས་འདུག”བསམ་ནས་སྨན་པས་དེའི་ནད་བཅོས་ཐུབ་རྒྱུ་དང་སྲོག་སྐྱོབ་ཐུབ་རྒྱུ་ཡིད་མི་ཆེས་པར།“ལྷ་མཆོད”དང་“གདོན་ཕུད”ཀྱི་བྱེད་སྒོ་སྤེལ་བ་རེད་བསམ་པ་དང་།གལ་སྲིད་ནད་པ་མི་ཤི་ཤོར་ན་གདོན་འདྲེ་མི་གཏོང་བ་རེད་བསམ་པ་དང་།གལ་ཏེ་ནད་པ་ཉེན་ཁ་ལས་ཐར་ན་དེ་ནི“ལྷ་མཆོད་གདོན་ཕུད་བྱས་པའི”དབང་གིས་རེད་སྙམ་པ་རེད།ནད་སངས་རྗེས་འགའ་ཞིག་ལ་ད་དུང་“འདྲེ་ཡིས”གང་འདྲ་དང་ཅི་འདྲ་བྱེད་ཚུལ་གསལ་ལ་མི་གསལ་ཙམ་བཤད་རྒྱུ་ཡོད་པས།མི་རྣམས་ཀྱིས“ལྷ་བབ་འདྲེ་ཞུགས”ཟེར་བ་དེ་དངོས་གནས་ཡོད་ཚུལ་ལ་དེ་བས་ཡིད་ཆེས་བྱས་པ་རེད།
འོ་ན།“ལྷ་བབ་འདྲེ་ཞུགས”ཟེར་བའི་བྱ་བ་དེ་དངོས་གནས་ཡོད་དམ།དེ་ནི་གཏན་ནས་མེད་པ་ཞིག་རེད།ཚ་བ་ཆེན་པོ་བརྒྱབ་པའི་རྐྱེན་གྱིས་ནད་པས་ས་བཤད་རྡོ་བཤད་བྱེད་པ་དེ་ནི་ནད་བབ་ཀྱི་རྣམ་པ་ཞིག་རེད།འགོས་ནད་རིགས་མང་ཆེ་བས་ལུས་པོའི་དྲོད་ཚད་སྙོམ་སྒྲིག་མ་ལག་ལ་བཀྲུག་རྐྱེན་བཟོས་ནས་སྙོམ་སྒྲིག་མ་ལག་གིས་ལུས་པོའི་དྲོད་ཚད་སྙོམ་སྒྲིག་བྱེད་མི་ཐུབ་པར་ཚ་དྲོད་ཆེན་པོ་རྒྱག་པ་རེད།ནད་པར་ཚ་དྲོད་ཆེན་པོ་རྒྱག་དུས་འདུ་ཤེས་ཀྱི་ཐོག་འགག་ཚད་མི་འདྲ་བ་ཡོད་པ་རེད།ས་བཤད་རྡོ་བཤད་བྱེད་པ་དེ་ནི་དེའི་ནང་གི་མཚོན་ཚུལ་ཞིག་རེད།ནད་པ་འགའ་ཞིག་ལ་ཚ་དྲོད་ཆེན་པོ་རྒྱག་མེད་ནའང་ཀླད་སྐྱིར་ཕོག་ཐུག་ཐེབས་པ་སོགས་ཀྱི་རྐྱེན་གྱིས།དྲན་པ་ཐོར་བ་ཙམ་ཡིན་པའི་སྐབས་སུའང་འདུ་ཤེས་ཐད་ཐོགས་འགག་ཡོད་པ་རེད།འདུ་ཤེས་ཀྱི་ཐོགས་འགག་ཆེན་པོ་མེད་པར་འདུ་ཤེས་རབ་རིབ་ཅན་ཟེར་བ་རེད།དེ་དག་ལ་རྒྱུན་དུ་འཕྲུལ་སྣང་དང་ས་བཤད་རྡོ་བཤད་བྱེད་པའི་ནད་རྟགས་པའི་ནད་ཡོད་པ་རེད།དེ་ནི་སེམས་ཁ་མི་བདེ་བའི་ནད་བབ་ཀྱི་སེམས་ཁམས་རང་བཞིན་མཚོན་པ་ཞིག་རེད།
ནད་པ་དེ་ཚོས་ནམ་རྒྱུན་ནམ་ཆུང་དུས་ནས་ལྷ་འདྲེའི་སྒྲུང་མང་པོ་ཉན་མྱོང་བའམ།རང་ཉིད་ཀྱིས་ལྷ་འདྲེའི་སྒྲུང་དེབ་ལྟ་མྱོང་བས།ནད་ན་ནས་དབང་རྩའི་ལྟེ་གནད་ལ་འཁྲུག་རྐྱེན་ཡོང་དུས་འཕྲུལ་སྣང་དེ་དག་ཡང་དུ་ཤར་བརེད།དེར་བརྟེན།ལྷ་འདྲེ་ཞུགས་པ་ཟེར་བ་ནི་ཡིད་ཆེས་སྤུ་ཙམ་ཡང་བྱེད་མི་རུང་པ་ཞིག་ཡིན་པ་རེད།

  • ལེ་ཚན་སྔོན་མ།:གཟུགས་གཞི་ཐང་པོ་ཡོང་བར“དོ་སྣང་བྱེད་དགོས་པ་བདུན”
  • ལེ་ཚན་རྗེས་མ།:སྣང་བ་སྐྱིད་པོ་བྱས་ན་ཚེ་རིང་བ།
  • དོ་སྣང་ཆེ་བའི་རྩོམ།