ཕྱུགས་ནད་ལ་བརྟག་པའི་ལག་རྩལ་འགའ།

གཟུངས་སྐྱིད།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-17

 དང་པོ། གནས་ཚུལ་ཞིབ་ཏུ་དྲིས་ནས་བརྟག་པ།
  གནས་ཚུལ་དྲིས་ནས་བརྟག་པའི་ནང་དོན་ལ་གཤམ་གྱི་འདི་དག་འདུ།
  ༡ ནད་ཀྱི་བྱུང་རིམ་དང་སྨན་གསོའི་གནས་ཚུལ།
  ཕྱུགས་ཟོག་ལ་ནད་བྱུང་བའི་བརྒྱུད་རིམ་སྟེ། དཔེར་ན་ནད་བྱུང་བའི་དུས་ཚོད་དང་ནད་ཕོག་པའི་ཕྱུགས་ཟོག་གི་མང་ཉུང༌། ནད་འགོ་བཟུང་བའི་གནས་ཚུལ། རྗེས་ཀྱི་འགྱུར་ལྡོག ད་ལྟའི་ནད་ཀྱི་གནས་ཚུལ་སོགས་དྲིས་ནས་བརྟག་པ། གལ་ཏེ་དུས་གཅིག་ལ་ནད་བྱུང་བ་ཅུང་མང་བར་མ་ཟད་ན་ལུགས་འདྲ་མཚུངས་ཡིན་ན་འགོ་ནད་དམ་དུག་ཕོག་པ་སོགས་ཀྱི་ཕྱོགས་ལ་བསམ་བློ་བཏང་ན་འགྲིག ད་དུང་ནད་ཕྱུགས་ལ་འགོག་ཁབ་གང་དག་བརྒྱབ་པ་དང་སྔོན་ལ་ནད་བརྟག་སྨན་གསོའི་བརྒྱུད་རིམ་རྒྱུས་ལོན་བྱ་དགོས།
  ༢ ནད་ཕྱུགས་ཀྱི་ཡོང་ས་དང་ཕྱུགས་ནད་ཀྱི་ཁྱབ་ཚུལ།
  ནད་ཕྱུགས་སོ་མ་ཉོས་ཡོང་བ་ཡིན་ན། ས་ཆ་གང་ནས་ཉོས་པ་དང་ས་ཁུལ་དེ་ན་འགོ་ནད་ཡོད་མེད། ནད་དེ་འདྲ་བྱུང་མིན་གསལ་བོར་དྲིས་ནས་ནད་ལ་བརྟག་ན་འགོ་ནད་ཡིན་མིན་དང་ནད་ཀྱི་འབྱུང་རྐྱེན་གང་ཡིན་ཐག་གཅོད་པར་ཕན་ཐོགས་ཡོད།
  ༣ མོ་ཕྱུགས་ཀྱི་མངལ་ཆགས་པའི་གནས་ཚུལ་དང་རྩེབ་པའི་དུས་ཚོད། མངལ་ཆགས་པའི་ཐེངས་གྲངས། སྐྱེ་ཤོར་མིན་སོགས་ལ་རྒྱུས་ལོན་བྱ་དགོས།
  གཉིས། བལྟས་ནས་བརྟག་པ།
  ༡ ཕྱི་ཚུལ་ལ་བལྟ་བ། ནད་ལ་བརྟག་པའི་སྐབས་སུ་ཐོག་མར་ཕྱུགས་ཟོག་གི་བདེ་འདུག་དང་དབུགས་ཀྱི་འབྱིན་རྔུབ་ལ་ལྟ་བ་དང༌། ཕྱིས་སུ་ནད་ཕྱུགས་ཀྱི་ལོ་ཚོད་དང་ཤ་ཤེད། རྣམ་རིག སྤུ་པགས། གསུས་པའི་ཉེ་ལོག རྩ་དང་ཆུ། ལངས་ཚུལ་དང་ཉལ་ཚུལ། འགྲོ་ཚུལ། དེ་མིན་ཕྱོགས་གཞན་དག་ན་རྒྱུན་ལྡན་མིན་ས་ཡོད་མེད་ལ་ལྟ་ཞིབ་བྱ་དགོས།
  ༢ ཁའི་མདོག་ལ་ལྟ་བ། ལག་པས་ཕྱུགས་ཟོག་གི་ཡ་ཁ་ཡར་བཀྱག་ནས་ཁ་ཤ་དང་སོ། ལྕེ་བཅས་ཀྱི་ཁ་དོག་དང་མདངས། རློན་ཚད་ལ་ལྟ་ཞིབ་ནན་མོ་བྱ་དགོས་པ་དང༌། རྒྱུན་མཐོང་གི་ནད་ཕྱུགས་ཀྱི་ཁའི་མདོག་ལ་གཙོ་བོ་དཀར་མདོག་དང་དམར་མདོག་རྒྱ་སྨུག སེར་མདོག་སོགས་ཡོད།
   གསུམ་པ། དབུགས་ཀྱི་འབྱིན་རྔུབ།
   ཕྱུགས་ཟོག་གི་རྒྱུན་ལྡན་གྱི་དབུགས་འབྱིན་རྔུབ་ནི། རྟ་སྐར་ཆ་རེར་ཐེངས་༨ནས་༡༦དང་། ནོར་སྐར་ཆ་རེར་ཐེངས་༡༠ནས་༣༠། ལུག་དང་ར་མ་སྐར་ཆ་རེརཐེངས་༡༢ནས་༢༠། ཕག་སྐར་ཆ་རེར་ཐེངས་༡༠ནས་༢༠། ཁྱིམ་བྱ་སྐར་ཆ་རེར་ཐེངས་༡༥ནས་༣༠བཅས་ཡིན།
   བཞི་བ། སྙིང་གི་ལྡིང་ཚད་དང་རྩའི་འཕར་ཚུལ།
   ཕྱུགས་ཟོག་གི་རྒྱུན་ལྡན་གྱི་དབུགས་ཀྱི་འབྱིན་རྔུབ་ནི་རྟ་སྐར་ཆ་རེར་ཐེངས་༣༦ནས་༤༤དང་རྟེའུ་སྐར་ཆ་རེར་ཐེངས་༤༥ནས་༦༠། ཕོ་གླང་སྐར་ཆ་རེར་ཐེངས་༣༠ནས་༦༠། མོ་གླང་སྐར་ཆ་རེར་ཐེངས་༦༠ནས་༨༠།བེའུ་སྐར་ཆ་རེར་ཐེངས་༨༠ནས་༡༡༠། ལུག་སྐར་ཆ་རེར་ཐེངས་༧༠ནས་༨༠། ཁྱིམ་བྱ་སྐར་ཆ་རེར་ཐེངས་༡༢༠ནས་༢༠༠བཅས་ཡིན།
   ལྔ་བ། ལུས་དྲོད།
   ཕྱུགས་ཟོག་གི་རྒྱུན་ལྡན་གྱི་ལུས་དྲོད་ནི། རྟ་ཏུའུ་37.5ནས་38.5དང་། ནོར་ཏུའུ་38ནས་39། བེའུ་ཏུའུ་38.5ནས་39.5། ལུག་ཏུའུ་38ནས་39.5བཅས་ཡིན།
  • ལེ་ཚན་སྔོན་མ།:ཕྱུགས་ཟོག་ལ་གཟན་ཆས་སྟེར་བའི་གནད་འགག་འགའ།
  • ལེ་ཚན་རྗེས་མ།:ནས་འདེབས་པའི་ལག་རྩལ།
  • དོ་སྣང་ཆེ་བའི་རྩོམ།