འཕྲལ་སྐྱོབ་ཀྱི་བྱ་ཐབས་འགའ་ཞིག

        2010-12-16

རུས་པ་ཆག་ན།ཡག་ཤོས་ནི་སྐབས་འཕྲལ་ཤིང་ལེབ་ཅིག་བཙལ་ཏེ་ཆག་སྐྱོན་བྱུང་བའི་རུས་པའི་ཕྱོགས་གཉིས་སུ་བཞག་ཐོག་རས་གྲུ་བཞི་ཞིག་གི་ཟུར་སྣེ་གཉིས་མཐུད་པའམ་ཡང་ན་རས་ཟུར་གསུམ་ཞིག་ཏུ་བྲེགས་ཏེ་ཤིང་ལེབ་དེ་བསྡམས་དགོས་པ་དང་དེ་རྗེས་འཕྲལ་མར་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས།
ཟས་དུག་ཕོག་ན།ཕན་འབྲས་ཐོན་ཤོས་ནི་ཟས་པའི་དངོས་པོ་རྣམས་བསྐྱུག་དགོས་པ་དང་དེ་སྔ་ཙམ་བསྐྱུགས་ན་དེ་ཙམ་གྱིས་ཡག་པོ་ཡོད།སྐྱུག་ཐབས་ནི།བྱ་སྒྲོ་གཙང་མའམ་ཡང་ན་མཛུབ་མོ་མིད་པའི་ནང་དུ་བཅུག་སྟེ་སྐྱུག་ཐུབ་པ་བྱ་དགོས།དེ་མིན་ཚྭ་ཐུར་མ་དོ་དང་ཆུ་འཁོལ་གཉིས་ལྷན་དུ་ཇ་ཕོར་ནང་བླུགས་ནས་བཞུར་རྗེས་སྐར་མ་རེ་ལ་ཚྭ་ཆུ་ཇ་ཕོར་གང་རེ་བྱས་ཏེ་བསྟུད་མར་ཐེངས་བཞི་འཐུང་དགོས།
  • ལེ་ཚན་སྔོན་མ།:མིག་ཤེད་སྲུང་སྐྱོབ་བྱེད་ཐབས།
  • ལེ་ཚན་རྗེས་མ།:འཚོ་བའི་ནང་“བྱིས་པས་བྱེད་མི་རུང་བ”ཞིག
  • དོ་སྣང་ཆེ་བའི་རྩོམ།