རེག་དུག་གི་ནད་དེ་གང་འདྲ་བྱས་ནས་སྔོན་འགོག་བྱེད་དགོས་སམ།(2)

        2010-05-12


སྔོན་འགོག་བྱེད་ཐབས།ཡང་དག་པའི་འཚོ་བའི་སྐྱེལ་སྟངས་དང་ཚེ་སྲོག་ལ་མཐོང་ཆེན།མི་གཞན་ལ་སེམས་ཁུར་དགའ་གཅེས་བྱེད་པའི་བྱ་སྤྱོད་ཀྱི་ཚད་གཞི་ལྡན་པ།རང་ལ་མི་ཕོག་པ་དང་མི་གཞན་ལ་མི་འགོས་པའི་ཐབས།ཉེན་ཁ་ཆེ་བའི་བྱ་སྤྱོད་དང་ཁ་བྲལ་བ།བདེ་སྲུང་བྱེད་ཐབས་སྤྱོད་པ།ལག་འཇུ་དང་འཐམ་པ།འོ་བྱེད་པ།གློ་ལུ་པ།སྦྲིད་རྒྱག་པ།དུག་སྦྲང་གིས་རྨུག་པ་སོསག་ཀྱིས་ཉེན་ཁ་ཆེན་པོའི་གནས་ཚུལ་མེད་པ།ཀྲུང་གོའི་མིག་སྔར་ཨེ་ཙི་འགོས་ནད་ཀྱི་ཁྱབ་སྟངས་ནི་ཁབ་བརྒྱབ་ནས་དུག་རྫས་འཐེན་པ་དེ་གཙོ་བོ་ཡིན་ཞིང་བརྒྱ་ཆ་བདུན་ཅུ་བཟུང་ཡོད།ཡིན་ནའང་།ཁྱབ་ཚུལ་ལ་བལྟས་ན་ལུས་འབྲེལ་བྱས་ནས་འགོས་པ་དེ་གཙོར་བོར་འགྱུར་སྲིད་པ་གསལ་བོ་རེད།འཛམ་གླིང་ཡོངས་ཀྱི་ཨེ་ཙི་རིམས་ནད་ཀྱི་ནད་པའི་བཞི་ཆའི་གསུམ་ནི་ལུས་འབྲེལ་བྱས་ནས་འགོས་པ་རེད།
བྱ་སྤྱོད་ལས་བྱུང་བའི་སྐྱོ་གནས།ང་ཚོས་བསྡོམས་རྩིས་ཀྱི་གྲངས་ཀའི་ཐོག་ནས་མཐོང་བའི་ཨེ་ཙི་འགོས་ནད་ཀྱི་ནད་དུག་ཕོག་ཡོད་མཁན་དང་ཨེ་ཙི་རིམས་ནད་ཀྱི་ནད་དུག་ཕོག་ཡོད་མཁན་དང་ཨེ་ཙི་རིམས་ནད་ཀྱིས་མིའི་རིགས་ལ་བཟོས་པའི་གནོད་འཚེ་དང་དེ་ལས་འབྱུང་སྲིད་པའི་མི་མངོན་པའི་འགལ་རྐྱེན་དང་ཉེན་ཁ་ཆེན་པོ་ནི་རྒྱ་མཚོའི་ཆུ་ཐིགས་ཙམ་ཡིན་པས།དོན་དངོས་ཐོག་ཨེ་ཙི་འགོས་ནད་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་དར་གུད་ལ་འཇིགས་སྣང་ཧ་ཅང་ཆེན་པོ་སྐུལ་བ་རེད།ཨེ་ཙི་འགོས་ནད་ཀྱི་ནད་དུག་ཁྱབ་པར་རྒྱལ་མཚམས་མེད་ལ་མིའི་ཐོབ་ཐང་གི་མཐོ་དམན་དྲག་ཞན་མེད།མི་རྣམས་དུག་དབྱིངས་དང་བག་མེད་སྒྲིག་འཆལ།དབུལ་ཕོངས་སོགས་ཀྱིས་དབང་འོག་ཏུ་ཚུད་དེ་ཉེན་ཁ་ཆེ་བའི་བྱ་སྤྱོད་སྤེལ་ནས་ཨེ་ཙི་རིམས་ནད་ཀྱི་ནད་དུག་འགོས་ན་རང་ཉིད་རྩ་མེད་གཏོང་བའི་གཡང་གཟར་དུ་ལྷུང་བ་དང་འདྲ་བ་རེད།ཨེ་ཙི་འགོས་ནད་ཀྱི་ནད་དུག་ཕོག་མཁན་ཚོས་ནད་རྟགས་མེད་པའི་དུས་ཡུན་རིང་པོའི་ནང་རྒྱུན་མི་ཆད་པར་བསམ་པ་དང་བརྩེ་དུང་།སྤྱི་ཚོགས།དཔལ་འབྱོར།ཁྱིམ་ཚང་སོགས་གང་ཅི་ཐད་ནས་ཡོང་བའི་གནོན་ཤུགས་དང་རྡུང་རྡེག་མྱོང་དགོས་རྐྱེན།མི་མང་པོ་དེ་འདྲའི་གནོན་ཤུགས་དང་རྡུང་རྡེག་འོག་ཤི་བ་རེད།ཨེ་ཙི་འགོས་ནད་ཀྱིས་མིའི་ཚེ་སྲོག་དང་བདེ་ཐང་ལ་གནོད་བསྐྱལ་ནས་ཚེ་སྲོག་ཇེ་ཐུང་དུ་འགྲོ་བ་རེད།ཨེ་ཙི་འགོས་ནད་ཕོག་ནས་ཤི་བའི་མི་མང་ཆེ་བ་དར་མ་དང་ན་གཞོན་ཡིན་པས་ལོ་ན་ཆུང་བའི་བུ་རྒྱུད་མང་པོ་ལ་མ་མེད་པ་དང་ཕ་མ་གཉིས་ཀ་མེད་པར་འགྱུར་བ་དང་།རྒན་རྒོན་ཚོར་རྟེན་ས་མེད་པར་འགྱུར་པ།དྭ་ཕྲུག་རྣམས་འཚོ་བཅུད་མི་འདང་བ་དང་སློབ་གྲྭ་ལ་འགྲོ་མི་ཐུབ་པར་མི་ཚེ་ཧྲིལ་པོར་གནོད་འཚེ་ཐེབས་པ་རེད།ཨེ་ཙི་འགོས་ནད་ཀྱིས་ནད་པའི་གཉེན་ཉེ་རྣམས་བསམ་པའི་བརྩེ་དུང་ཐོག་སྡུག་བསྔལ་ཆེན་པོ་མྱོང་དགོས་པར་མ་ཚད།དབུལ་ཕོངས་དབུལ་ནག་དུ་འགྱུར་ངེས།ཨེ་ཙི་འགོས་ནད་ཀྱི་ནད་དུག་ཕོག་མཁན་དང་ཨེ་ཙི་ནད་པ་ནི་ཁྱིམ་གཅིག་གི་དཔལ་འབྱོར་གྱི་ཀ་བ་ལྟ་བུ་ཡིན་པས།དེར་ནད་ཕོག་ནས་ལས་སྒྲུབ་མི་ཐུབ་པ་དང་སྤྱི་ཚོགས་ཀྱིས་སྣང་ཆུང་བྱས་ནས་ལས་ཀ་ཤོར་དུས།སྨན་ཡོན་འབོར་ཆེན་སྤྲོད་དགོས་ལ།ཁྱིམ་མི་ཚོས་དེ་ཚོར་ལྟ་སྐྱོང་བྱས་ནས་ལས་ཞུགས་དུས་ཚད་ཐུང་བ་དང་དཔལ་འབྱོར་ཡོང་འབབ་ཉུང་དུ་འགྲོ་བ།བུ་རྒྱུད་གསོ་བ་དང་སློབ་གསོའི་འགྲོ་གྲོན།ཁྱིམ་ཚང་གི་འཚོ་བའི་འགྲོ་གྲོན་ལ་སོགས་པས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་བཟོས་པ་རེད།སྡོམ་རྩིས་བྱས་པ་ལ་བལྟས་ན།ལོ་རེ་ལ་ཨེ་ཙི་འགོས་ནད་ཀྱི་ནད་དུག་ཕོག་མཁན་དང་ཨེ་ཙི་ནད་པའི་ཆ་སྙོམ་གྱི་སྒོ་བསྟེན་སྨན་བཅོས་འགྲོ་གྲོན་སྒོར་བདུན་སྟོང་དང་སྨན་ཁང་ནང་སྡོད་ཡོན་སྒོར་ཁྲི་ལྔ་རེད།ཨེ་ཙི་འགོས་ནད་ཀྱི་ནད་དུག་ཕོག་པ་དང་ཨེ་ཙི་ནད་པ་ཡོད་པ་ནས་བཟུང་།སྤྱི་ཚོགས་ཐོག་གི་མཐོང་ཆུང་དང་འདྲ་མཉམ་མིན་པའི་གནས་ཚུལ་ཇེ་མང་དུ་སོང་བ་རེད།སྤྱི་ཚོགས་ཀྱིས་མཐོང་ཆུང་དེས་ཡང་ཁྱིམ་མི་ལ་གནོད་སྐྱེལ་བ་དང་དཔལ་འབྱོར་ཐོག་གི་དཀའ་ངལ་ཡོང་བའམ་ཁྱིམ་མི་བར་གྱི་འགལ་བ་ཛ་དྲག་ཏུ་བཏང་བ་མ་ཟད།ཐ་ན་ཁྱིམ་ཚང་ཁ་འཐོར་བ་རེད།ཁྱིམ་ཚང་ཁ་ཐོར་བ་དང་དཔལ་འབྱོར་ནུས་པ་མེད་པར་གྱུར་པས།ཨེ་ཙི་འགོས་ནད་ཀྱི་ནད་དུག་ཕོག་མཁན་དང་ཨེ་ཙི་ནད་པ་རྣམས་སྡུག་བསྔལ་གྱི་གནས་སུ་གྱར་བ་མ་ཚད།རེ་མེད་དུ་གྱུར་ཏེ་སྤྱི་ཚོགས་ཐོག་ཏུ་ལུས་ནས་སྤྱི་ཚོགས་གནད་དོན་སྣ་ཚོགས་ཀྱི་འབྱུང་རྐྱེན་དུ་གྱུར་བ་རེད།  ཁྱེད་ཀྱིས་བྱ་སྤྱོད་ཀྱི་ལེགས་ཉེས་ཤེས་སམ།ཉེན་ཁ་ཆེ་བའི་བྱ་སྤྱོད་ནི།དུག་འཐེན་པ་དང་སྨད་འཚོང་བྱེད་པ།འཆལ་པོ་རྒྱུག་པ།གཡེམ་སྦྱོར་བྱེད་པ།ཁྲིམས་འགལ་ལུགས་འགལ་གྱིས་ཁྲག་ཕྱིར་ལེན་པ་དང་བཙོང་བ་བཅས་བྱས་ན་ཨེ་ཙི་རིམས་ནད་འགོས་པ་རེད།དེ་ནས་རྒྱུན་མི་ཆད་པར་བསམ་པ་དང་བརྩེ་དུང་།སེམས་ཁམས་ཐོག་གི་གནོན་ཤུགས་དང་སྡུག་བསྔལ་འཁུར་དགོས་པ་དང་དཔལ་འབྱོར་ཐོག་དཀའ་ངལ་གྱི་གནས་སུ་གྱར།ཁྱིམ་མི་བར་གྱི་འབྲེལ་བ་ངན་པར་གྱུར་པ།ཕྱོགས་གང་ཐད་ཀྱིས་སྣང་ཆུང་བྱེད་པ།ཨེ་ཙི་ནད་ཕོག་ནས་ཤི་བ།ཁྱིམ་ཐོར་ནས་དྭ་ཕྲུག་དང་རེ་ས་བརྟེན་ས་མེད་པའི་ཕ་མ་རྒན་རྒོན་ལྷག་པ།རེ་མེད་དུ་གྱུར་པ་དང་ཡར་རྒྱས་འགྲོ་འདོད་མེད་སྟབས་སྤྱི་ཚོགས་དང་ཉེས་སྤྱོད་ཀྱི་གནད་དོན་བྱུང་པ་རེད། ཁྱེད་ཀྱིས་བྱ་སྤྱོད་ཀྱི་ལས་རྒྱུ་འབྲས་ཤེས་སམ།ལྷ་སྒྲུང་ཞིག་ཡོད་པ་སྟེ་ལྷ་ཚང་མས་ཚོགས་འདུ་ཚོགས་ནས་མིའི་ལས་དབང་ལ་ཁ་ལོ་བསྒྱུར་བའི་བདེན་དོན་དེ་གང་ཞིག་ཏུ་བསྐུང་ན་མིའི་རིགས་ཀྱིས་མི་རྙེད་པར་གྲོས་བྱས།ལྷ་ཞིག་གིས་རྒྱ་མཚོའི་གཏིང་དུ་སྦས་ན་འཚོལ་མི་ཐུབ་ཅེས་གསུངས།ལྷ་གཞན་དག་རྣམས་ཀྱིས་མིས་རྒྱ་མཚོའི་གཏིང་དུ་སྐྱོད་པའི་གྲུ་བཟོ་ཐུབ་པས་བདེན་དོན་འཁྱེར་འགྲོ་བ་རེད་གསུངས།ལྷ་གཞན་ཞིག་གིས་སའི་གོ་ལ་ལས་རྒྱང་ཐག་རིང་བའི་འཇིག་རྟེན་གྱི་འཁོར་སྐར་གཞན་ཞིག་གི་ཐོག་ལ་སྐུང་དགོས་གསུངས།ལྷ་གཞན་རྣམས་ཀྱིས་དེ་འདྲ་བྱས་ནའང་འགྲིག་གི་མ་རེད།མིས་འཇིག་རྟེན་འཕུར་གྲུ་བཟོས་ནས་དེར་འཕུར་ནས་བདེན་དོན་ལོན་འགྲོ་བ་རེད་ཅེས་གསུངས།ཡང་ལྷ་གཞན་ཞིག་གིས་དེ་ན་ལས་དབང་འཛིན་བྱེད་ཀྱི་བདེན་དོན་དེ་མི་ཚང་མའི་སྐེ་ལ་འདོགས་དགོས་ཞེས་གསུངས་པ་ལ་ཚང་མས་མིའི་རིགས་ཀྱིས་གསལ་པོར་མཐོང་ས་དེར་བདེན་དོན་འཚོལ་མི་སྲིད་ཅེས་གསུངས་ནས་ཡིད་མཐུན་གནང་བ་རེད།  བྱ་སྤྱོད་བསྒྱུར་ནས་ལས་དབང་ལ་ཁ་ལོ་བསྒྱུར་པའི་བདེན་དོན་ནི་མི་ཚང་མའི་སེམས་ན་ཡོད་པས།མི་ཚོས་འབྱུང་འགྱུར་ཅི་འདྲ་ཡིན་ལུགས་སུས་ཀྱང་མི་ཤེས་རུང་།གལ་ཏེ་ཡང་དག་པའི་བྱ་སྤྱོད་དང་དགེ་མཚན་ལྡན་པའི་འཚོ་བ་དང་སློབ་སྦྱོང་།ལས་སྒྲུབ་བཅས་བྱས་ནས་སྨོན་འདུན་བཟང་པོ་དེས་མི་ལ་དྲིན་ལན་འཇལ་ངེས་པས།དེ་ནི་བྱ་སྤྱོད་ལས་བྱུང་བའི་ལས་རྒྱུ་འབྲས་རེད།
མི་སུ་ལའང་ཨེ་ཙི་འགོས་ནད་འགོག་ཐུབ་པའི་ནུས་པ་མེད།ཨེ་ཙི་རིམས་ནད་ཀྱི་ནད་དུག་དེ་ཉེན་ཁ་ཆེ་བའི་བྱ་སྤྱོད་ཡོད་མཁན་གྱི་མི་ཚོགས་ནང་དུ་རྒྱ་ཆེར་ཁྱབ་པ་ད་བྱ་སྤྱོད་ཐ་ཤལ་གྱི་མི་ཚོགས་ནང་དུ་ཁྱབ་ཀྱིན་ཡོད་པ་རེད།ང་ཚོར་གོ་བ་ཟབ་མོ་ཞིག་བྱུང་ཡོད་པ་ནི་དུས་ཡུན་རིང་པོར་དུ་བ་འཐེན་པ་དང་ཆར་རག་བཏུངས་ན་བདེ་ཐང་ལ་གནོད་པ་ཚབས་ཆེན་ཡོད་པ་དེ་ཚང་མས་ཤེས་གསལ་ལྟར་རེད།མི་མང་པོས་དེར་འཛེམ་དོགས་མེད་པར་རང་བསམ་རང་འདོད་ཁོ་ན་བྱེད།དེའང་དུ་བ་དང་ཆང་རག་ལ་དབྱིངས་ཡོད་པ་དང་དེ་ལོངས་སུ་སྤྱོད་དུས་སྣང་བ་སྐྱིད་པོ་འགྱུར་དུ་བཅུག་པའི་རྒྱུ་མཚན་ཡོད་པ་ཕུད།ལོངས་སྤྱོད་བྱེད་མཁན་ཆང་རག་དང་དུ་བ་སྲོག་ལས་གཅེས་པའི་ཆང་སྨྱོན་དང་དུ་རྒན་ཚོས་ཀྱང་རང་ལ་ཚོད་འཛིན་ནུས་པ་ཡོད་བསམ་པའི་རྒྱུ་མཚན་ཡང་ཡོད་པ་རེད།ཐོག་མར་ཁོ་ཚོས་དུ་བ་དང་ཆང་རག་གི་སྐྱིད་སྣང་དེ་ཐད་ཀར་དགོས་པ་དང་མྱུར་དུ་མྱོང་ཚོར་ཐུབ་པ་རེད།དེའི་གནོད་པ་ནི་རྗེས་མ་ཡོང་རྒྱུ་ཡིན་པ་དང་གཏན་འཁེལ་མེད་ཅིང་།སྐྱིད་སྣང་ནི་ཐད་ཀར་དང་གསལ་པོ་ཡིན་པས་གཏན་མེད་དང་རྒྱང་རིང་གི་གནོད་པ་ལ་མི་འཛེམ་པ་རེད།དེ་མ་ཚད་ཁོ་ཚོས་རང་གིས་ཚོད་འཛིན་བྱེད་ཐུབ་བསམ་པ་དང་གལ་སྲིད་གནོད་པ་བྱུང་ན་ལམ་སང་གཅོད་ཆོག་བསམ་ཞིང་།མཐར་བདེ་ཐང་ལ་གནོད་པ་བྱུང་ན་སྨན་བཅོས་བྱེད་ཆོག་པ་དང་ཚང་མ་རང་ཉིད་ཀྱི་ཚོད་འཛིན་བྱེད་ཆོག་ཅེས་བསམས་པ་རེད།  དུག་འཐུང་བ་དང་འདོད་ཆགས་ནས་བྱུང་བའི་དུས་ཐུང་གི་སྐྱིད་སྣང་དེས་ཉེན་ཁ་ཆེན་པོའི་བྱ་སྤྱོད་བྱེད་མཁན་ལའང་བསམ་ཚུལ་དེ་བྱུང་བ་རེད།ཡིན་ནའང་གལ་སྲིད་ཨེ་ཙི་འགོས་ནད་འགོས་ཚེ་ཡོད་ཚད་སྟོང་པར་གྱུར་ནས་ཨེ་ཙི་འགོས་ནད་ཀྱི་ནད་དུག་གིས་མིར་ཚོད་འཛིན་བྱས་པ་རེད།དེ་ནི་མི་རྣམས་ལ་ཨེ་ཙི་འགོས་ནད་འགོག་པའི་ནུས་པ་མེད་པའི་རྐྱེན་རེད།དེར་བརྟེན།སྔོན་འགོག་གི་ཐབས་ཤེས་ཆེས་ཡག་ཤོས་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་དང་ཁ་བྲལ་དགོས་པ་དེ་རེད།
 གལ་སྲིད་ང་ཚོས་འཚོ་བའི་འགྱུར་ལྡོག་མཐོང་འདོད་ན་ངེས་པར་དུ་འགྱུར་ལྡོག་འདི་རང་དུ་འགྱུར་བ་བྱེད་དགོས།
  • ལེ་ཚན་སྔོན་མ།:སྔོན་འགོག་གི་སྐོར།
  • ལེ་ཚན་རྗེས་མ།:བུད་མེད་ཀྱི་བདེ་སྲུང་སྐོར་གྱི་ཤེས་བྱ།
  • དོ་སྣང་ཆེ་བའི་རྩོམ།