ཞིང་པས་དཔྱིད་རྨོས་ཐོན་སྐྱེད་བྱེད་སྐབས་དོ་སྣང་བྱེད་དགོས་རྒྱུ།

        2014-03-13

  གཅིགཆ་འཕྲིན་འཚོལ་སྡུད་བྱས་ནས་ཐོན་སྐྱེད་ཁྲིད་སྟོན་བྱ་རྒྱུར་དོ་སྣང་བྱེད་དགོས།དུས་ཐོག་ཏུ་རྒྱལ་ཁབ་དང་རིམ་པ་སོ་སོའི་ཞིང་ལས་སྐོར་གྱི་གནད་དོན་གསུམ་གྱི་ལས་ཀར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྣ་ཚོགས་དང་།ཚན་རིག་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བའི་བྱེད་ཐབས།ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་ཚུལ་སོགས་ཀྱི་ཆ་འཕྲིན་འཚོལ་སྡུད་བྱས་ནས།ཆ་འཕྲིན་གྱིས་ཐོན་སྐྱེད་ལ་ཁྲིད་སྟོན་དང་།ལོ་ཧྲིལ་པོའི་ཞིང་ལས་ཐོན་སྐྱེད་ལ་ཐབས་ཇུས་འདོན་པ་དང་བཀོད་སྒྲིག་ཡག་པོ་བྱེད་དགོས།
    གཉིས།ཞིང་ལས་ཐོན་ལས་ཀྱི་ཆགས་ཚུལ་ལེགས་སྒྲིག་གི་ལས་ཀ་བཀོད་སྒྲིག་ཡག་པོ་བྱ་རྒྱུར་དོ་སྣང་བྱེད་དགོས།འདེབས་འཛུགས་བྱེད་སྟངས་ལེགས་སྒྲིག་བྱེད་པར་བརྟེན་ནས་ལུགས་མཐུན་གྱི་སྒོ་ནས་རྨོ་ཞིང་བེད་སྤྱོད་བྱེད་པ་དང་།བསྐྱར་འདེབས་ཀྱི་བསྡུར་ཚད་མཐོར་འདེགས་བཏང་ནས་ཐོན་འཕར་བརྟན་པོ་ཡོང་བ་བྱེད་དགོས།
    གསུམ།ཞིང་ལས་ཐོན་སྐྱེད་ཀྱི་མ་དངུལ་བཀོད་སྒྲིག་ཡག་པོ་བྱ་རྒྱུར་དོ་སྣང་བྱེད་དགོས།མ་དངུལ་གསོག་འཇོག་དང་།རྒྱུན་འཁོར་མ་དངུལ།གཡར་བུན་མ་དངུལ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་།འཛད་སྤྱོད་ཚད་མེད་རང་བཞིན་གྱི་འགྲོ་སྒོ་ཉུང་དུ་གཏོང་གང་ཐུབ་དང་འོས་འཚམས་ཀྱིས་མ་དངུལ་གཏོང་འཇོག་བྱེད་ཆེ་བའི་ཐོན་ལས་ཚོད་འཛིན་བྱེད་དགོས།
    བཞི།ཞིང་ལས་ཐོན་ལས་ཀྱི་ས་བོན་བཀོད་སྒྲིག་ཡག་པོ་བྱ་རྒྱུར་དོ་སྣང་བྱེད་དགོས།རང་རེའི་ས་བབ་ཀྱི་གནས་ཚུལ་དང་།ས་ཞིང་།ས་བབ་ཀྱི་མཐོ་ཚད།ས་རྒྱུ་གཤིན་ཚད་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བློར་བབ་པའི་ས་བོན་གདམ་གསེས་བྱས་ནས་སྡེབ་སྒྲིག་བྱེད་པ་དང་།ཡུལ་བབ་དང་བསྟུན་ནས་དགོས་མེད་ཀྱི་གྱོང་གུན་སྔོན་འགོག་བྱེད་དགོས།
    ལྔ།སྤུས་ཚད་འོས་ཚད་ལོན་པའི་ཞིང་སྤྱོད་དངོས་རྫས་གདམ་གསེས་བྱ་རྒྱུར་དོ་སྣང་བྱེད་དགོས།ས་བོན་དང་།རྫས་ལུད།ཞིང་སྤྱོད་སྨན་རྫས་སོགས་ཉོ་སྒྲུབ་བྱེད་སྐབས་ཚོང་ཁང་རྩག་རྩིག་དང་སིལ་ཚོང་རྒྱག་མཁན་གྱི་ལག་ཏུ་“གསུམ་མེད་”ཐོན་རྫས་ཉོ་སྒྲུབ་བྱས་ནས་མགོ་སྐོར་དང་གཡོ་འོག་ཏུ་ཚུད་པར་སྔོན་འགོག་ནན་པོ་བྱེད་དགོས།
    དྲུགདཔྱིད་དུས་ཀྱི་ཞིང་ཁར་དོ་དམ་ལས་ཀ་ཡག་པོ་འཛིན་རྒྱུར་དོ་སྣང་བྱེད་དགོས།དཔྱིད་དུས་གནམ་གཤིས་འགྱུར་ལྡོག་ཆེ་བས་སྐྱེ་དངོས་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་ཆུ་འབུད་པ་དང་།ཞོད་སྐྱོན་སྔོན་འགོགགྲང་འགོགའཁྱགས་འགོགནད་འགོག་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་དཔྱིད་རྨོས་ཐོན་ལེགས་ཡོང་བར་ཁག་ཐེག་བྱེད་དགོས།
  • ལེ་ཚན་སྔོན་མ།:ཞིང་སྤྱོད་དངོས་རྫས་ཉོ་སྐབས་དོ་སྣང་བྱེད་དགོས་པའི་འགའ།
  • ལེ་ཚན་རྗེས་མ།:རྫུན་མ་དང་སྤུས་ཞན་གྱི་ས་བོན་དབྱེ་བ་གང་འདྲ་འབྱེད་དགོས་སམ།
  • དོ་སྣང་ཆེ་བའི་རྩོམ།