གཅིན་སྙིའི་ནད་ཀྱི་སྔོན་འགོག་དང་ལུས་ཕུང་བདེ་སྲུང་།

གཡང་སྐྱིད།        2014-02-16

1.ཁྲག་གི་མངར་ཆའི་འབྱུང་ཁུངས་དང་དེའི་འགྱུར་ཡུལ།
  ཟ་མ་ཟོས་རྗེས་ཟ་མ་དེ་ཐད་ཀར་རྒུན་འབྲུམ་མངར་ཆ་རུ་འགྱུར་བ་དང་། ལྟོ་སྟོང་ཡིན་དུས་མཆིན་པའི་མངར་བཅུད་འཐོར་ནས་རྒུན་འབྲུམ་མངར་ཆ་རུ་འགྱུར་པ།
  ཁྲག་ནང་གི་རྒུན་འབྲུམ་མངར་ཆ་དེ་ཐད་ཀར་ལུས་ཟུངས་སུ་གྱུར་ནས་མིའི་ཕུང་བོ་འགུལ་སྤྱོད་བྱེད་ཐུབ་པ་དང་། མཆིན་པ་དང་ཤ་གནད་ནང་གྲམ་ནས་མངར་བཅུད་དུ་འགྱུར་པ། མིའི་ལུས་ཕུང་ལ་མཁོ་བའི་ཚིལ་དང་སྤྲི་དཀར་བཅུད་དུ་འགྱུར་བ།
   2.ཁྲག་མངར་ཚོད་འཛིན་བྱེད་པའི་ཟས་ཀྱི་སྦྱོར་ཐབས།
  ཚི་སྣའི་རྒྱུ་མང་བའི་ཟས་རིགས་མང་དུ་ཟོས་ན་ཟ་མའི་རྗེས་ཀྱི་ཁྲག་མངར་དང་གཤེར་མའི་ཕུང་རྩི་ཇེ་མཐོར་འགྲོ་བའི་ཚད་དང་། ཁྲག་ནང་གི་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་ཐུབ་ལ། ཕོ་བ་རྒྱགས་པའི་ཚོར་སྣང་བསྐྱེད་ངེས། རྒྱུན་མཐོང་གི་ཚི་སྣའི་རྒྱུ་མང་བའི་ཟས་རིགས་ནི། རྩིང་འབྲུ་དང་། གྲོ་ཕྱེ་རྩིང་པོ། ཡུག་པོ། འབྲུ་ཆག མ་རྨོས་ལོ་ཏོག སྲན་སེར། སྲན་ལྗང་སོགས་ཡིན། སྔོ་ཚལ་དང་སིལ་ཏོག་ཁྲོད་ཞོག་ཁོག་དཀར་པོ་དང་། སྐེ་ཚེ། ཀུ་ཤུ། རྒུན་འབྲུམ། ཆང་བ་ལི། རྒྱ་སིལ་སོགས་ཡོད།
  ཚལ་རྔོ་ཐབས་འོས་འཚམ་ཡིན་པ། དཔེར་ན་ཟ་མ་རྩིང་པོར་ལས་སྣོན་བྱས་པ་ལྟ་བུ་སྟེ། ཞོག་ཁོག་གི་ཤུན་པགས་མི་ལེན་པར་བཙོ་བ་དེ་ཞོག་ཁོག་གི་ཉོག་ལས་བཟང་བ་དང་། ཕིང་ཁོག་སྟོང་དེ་ཕིང་ཕྱེ་ལས་བཟང་། བསྲེས་གཡོས་སྔོ་ཚལ་གྱི་ཞོར་དུ་འབྲས་ཟ་བ་དེ་འབྲས་རྐྱང་ཟ་བ་ལས་བཟང་། སིལ་ཏོག་དེ་སིལ་ཁུ་ལས་བཟང་། གཙོ་བོ་ནི་སྒྱུ་ལམ་གྱིས་ཟས་བཅུད་ལེན་པའི་ཚད་ཇེ་དལ་དུ་གཏོང་བ་ཡིན།
   3.ཁྲག་མངར་ཇེ་མཐོར་འགྲོ་བའི་རྒྱུ་རྐྱེན་བདུན་ནི།
  བསམ་པའི་རྒྱུ་རྐྱེན་ཏེ། སེམས་འཚབ་པ་དང་སྐྲག་སྣང་སྐྱེས་པ། ཁོང་ཁྲོ་ལངས་པ་སོགས་བྱུང་ན་ཁྲག་མངར་ཇེ་མཐོར་འགྲོ། ཐོལ་བྱུང་གི་གནས་ཚུལ་ཏེ་དཔེར་ན་ཕྱིའི་རྨ་ཁ་དང་ཚ་རྒྱག་པ། གཤག་བཅོས་བྱས་ནས་རྣག་པ་སོགས། གནམ་གཤིས་གློ་བུར་དུ་འཁྱག་པ་དང་ཇེ་དྲོར་འགྲོ་བ། ཡུན་རིང་ལ་ཙོག་པུར་བསྡད་ནས་འགུལ་སྐྱོད་ཉུང་བ། མངལ་ཆགས་པའི་སྐབས་སུ་གཤེར་མའི་ཕུང་རྩིའི་འགོག་རྒོལ་གྱི་ཟགས་གཤེར་ཇེ་མང་དུ་འགྲོ་བ། ཁ་ནས་མངལ་འགོག་སྨན་འཐུང་བ། གར་ཚད་མཐོ་བའི་རྒུན་འབྲུམ་མངར་ཆའི་སྨན་ཁབ་རྒྱག་པ་དང་ཆཱང་ཏི་སུང་སྐུལ་རྫས་སྤྱོད་པ་སོགས།
   4.གཅིན་སྙིའི་ནད་སྔོན་འགོག་གི་གནད་བཞི་ནི།
  མང་དུ་རྟོགས་དགོས་པ་སྟེ། བདེ་ཐང་གི་ཤེས་བྱ་མང་དུ་རྟོགས་པ་དང་། འགོག་བཅོས་ཤེས་བྱ་མང་དུ་རྟོགས་པ། འགོག་བཅོས་བྱེད་ཐབས་མང་དུ་རྟོགས་པ།
  ཉུང་དུ་ཟ་དགོས་པ་སྟེ། སྣུམ་ཚིལ་ཡོད་པའི་ཟས་རིགས(དཔེར་ན་མར་དང་སྣུམ་ནང་བཙོས་བསྲེགས་བྱས་པའི་ཟས། ལྕོག་ལེ་སོགས་ངར་བཅུད་ཆེ་བའི་ཟས་རིགས)ཉུང་དུ་ཟ་དགོས། ཟས་བཅུད་ཚན་རིག་དང་མཐུན་ཞིང་ཟས་སྦྱོར་དོ་སྙོམས་ཡོང་དགོས།
  འགུལ་རྒྱུར་དགའ་བ་སྟེ། ཁྱིམ་ལས་མང་དུ་ལས་པ་དང་། ཉིན་རེར་དུས་ཚོད་ལྔ་ཡན་ལ་སྦྱོང་བརྡར་བྱེད་དགོས།
  ལྷོད་ལ་འབབ་དགོས་པ་སྟེ། སེམས་ཁམས་སྙོམ་སྒྲིག་བྱེད་ཤེས་ཤིང་བསམ་པའི་འཁྱེར་སོ་ལེགས་པོར་འཛིན་དགོས།
 
  • ལེ་ཚན་སྔོན་མ།:སྨེ་བ་ལ་ནད་འགྱུར་འབྱུང་སྲིད་དམ།
  • ལེ་ཚན་རྗེས་མ།:དགུན་དུས་ཕག་པ་གསོ་སྐབས་ཀྱི་གནད་འགག་ཆེན་པོ་དགུ།
  • དོ་སྣང་ཆེ་བའི་རྩོམ།