དབྱར་དུས་སུ་སྒ་སྨུག་མང་ཙམ་སྤྱད་ན་ལུས་པོར་ཕན།

        2014-05-12

འཕྲོད་སྦྱོར་ཞིབ་འཇུག་མི་སྣས་བརྗོད་དོན། དགུན་དུས་ལ་ཕུག་མང་ཙམ་ཟ་དགོས་པ་དང་དབྱར་དུས་སུ་སྒ་སྨུག་མང་ཙམ་ཟ་དགོས་ཞེས་བརྗོད་པ་ལྟར་ད་ཆ་གནམ་གཤིས་རིམ་བཞིན་དྲོ་རུ་འགྲོ་བའི་དུས་མིའི་གཟུགས་པོར་ཚ་གདུང་གིས་རྐྱེན་པས་གཟུགས་པོ་རྔུལ་ཆེ་བ་དང་འཇུ་ལམ་གྱི་ཟགས་ཁུ་ཇེ་ཉུང་དུ་འགྲོ་གི་ཡོད་པ་རེད། དེའི་དུས་སྒ་སྨུག་གཙང་མ་བཀྲུས་ནས་ཞིབ་པོར་བཙབས་ཏེ་ཉིན་ལྟར་ཉིན་གུང་ཚལ་རིགས་ནང་ཕྲན་བུ་བླུགས་ཏེ་བཟས་ན་ཚ་གདུང་ཆེ་བའི་དབྱར་དུས་བདེ་སྒྲོལ་ཡོང་ཐུབ།
    སྒ་སྨུག་གིས་ལྟོ་ཆས་ཟ་བའི་དང་ག་འབྱེད་ཐུབ། སྒ་སྨུག་ནང་གི་ཅུང་རོ་ཚ་བ་དེས་ལྕེ་རྩེའི་རོ་ཡི་དབང་རྩ་དང་ཕོ་བའི་སྐྱི་ལྤགས་ཀྱི་ཚོར་བར་སྐུལ་སྤེལ་བྱུང་སྟེ་འཇུ་ལམ་གྱི་ཟགས་ཁུ་མང་དུ་སོང་ནས་དང་ག་འབྱེད་ཅིང་མཚེར་པ་གསོ་ཞིང་བརླན་སྙོམ་གྱི་ནུས་པ་ཐོན་ནས་ལྟོ་ཆས་འཇུ་ནུས་ཤུགས་ཆེར་འགྲོ་ཐུབ།
    སྒ་སྨུག་གིས་དུག་སེལ་དང་ནད་འབུ་གསོད་པའི་ནུས་པ་ཐོན་ཐུབ། དབྱར་དུས་ལོ་ཆུང་གཞོན་ནུས་བཏུང་བཅའ་གྲང་མོ་བཏུང་རྒྱུར་ཧ་ཅང་དགའ་པོ་ཡོད་པ་རེད། འོན་ཀྱང་བཏུང་བཅའ་གྲང་མོ་དེ་དག་ཁག་གཅིག་ཕྲུ་གུས་བཏུངས་རྗེས་སྐྱུག་མེར་ལངས་པ་དང་སྐྱུག་པ།གྲོད་པ་ན་བ། གྲོད་པ་བཤལ་བ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། དེའི་དུས་སྒ་སྨུག་གཙང་མ་བཀྲུས་རྗེས་ལྷེབ་ལྷེབ་བཏུབས་ནས་ཆུའི་ནང་བཙོས་པའི་ཁུ་བ་དེ་བཏུང་ན་དུག་སེལ་གྱི་ནུས་པ་ཐོན་ནས་དྲག་སྐྱེད་མྱུར་པོ་ཡོང་ཐུབ། ད་དུང་མི་མང་པོ་ཞིག་གིས་གྲང་ཟས་ཟ་རྒྱུར་དགའ་བས་སྐབས་རེ་ཟས་མང་དྲགས་ན་ཕོ་བ་དང་མཚེར་པ་སོགས་ལ་གྲང་དུག་ཕོག་སྟེ་ཕོ་བར་ན་ཟུག་གཏོང་བ་དང་རྒྱུ་སྨད་ན་བ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། དེའི་སྐབས་སྒ་སྨུག་རྡོག་པོ་གཉིས་གསུམ་ཙམ་ཞིབ་པོར་བཙབས་རྗེས་ཆུའི་ནང་བཙོས་ཏེ་དེའི་ཁུ་བ་ཉིན་ཤས་བསྟུད་མར་བཏུང་ན་གྲང་དུག་གི་ནད་གང་མྱུར་བཅོས་ཐུབ་བོ།།
  • ལེ་ཚན་སྔོན་མ།:རྫུན་མ་དང་སྤུས་ཞན་གྱི་ས་བོན་དབྱེ་བ་གང་འདྲ་འབྱེད་དགོས་སམ།
  • ལེ་ཚན་རྗེས་མ།:ཆུ་ཁོལ་མང་ཙམ་བཏུང་ན། གཟུགས་གཞི་བདེ་བར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།