2026-05-18
སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི2026ལོའི་ལོ་ལྔའི་ལམ་ལུགས་ཀྱི་མི་རིགས་མཛེས་རྩལ་ཆེད་སྦྱོང་དང་འབྲིང་གཉེར་རིམ་པའི་བཟོ་གསོའི་སློབ་བསྡུའི་རྒྱུགས་ལེན་སྐོར་གྱི་གནས་ཚུལ།
གཅིག། ལོ་ལྔའི་ལུགས་ཀྱི་ཆེད་སྦྱོང་ལག་རྩལ་རྒྱུགས་ལེན།(ཆེད་ཚན།)
༡༽ལོ་ལྔ་ལུགས་ཀྱི་མི་རིགས་མཛེས་རྩལ(ལྷ་བཟོ)ཆེད་སྦྱོང་ལ་མིང་ཐོ་འགོད་མཁན་རྣམས། ངེས་པར་དུ་རང་སློབ་གྲྭ་དང་དཀར་མཛེས་ལས་རིགས་སློབ་གླིང་གིས་མཉམ་འབྲེལ་བྱས་པའི་ལོ་ལྔ་རྒྱུན་མཐུད་ལུགས་ཀྱི་མི་རིགས་མཛེས་རྩལ་ཆེད་སྦྱོང་གི་རྒྱུགས་ལ་ཞུགས་དགོས། ༢༠༢༦ལོའི་སྐབས་ཐོན་མཐར་ཕྱིན་སློབ་མ་ཆ་རྐྱེན་ལ་འཚམས་པ་རྣམས་ཡུལ་དངོས་སུ་ཕེབས་པའམ་ཁ་པར་བརྒྱུད་དེ་མིང་ཐོ་བཀོད་ན་ཆོག།
༢༽ལོ་ལྔ་ལུགས་ཀྱི་མི་རིགས་མཛེས་རྩལ་ཆེད་སྦྱོང་ལ་མིང་ཐོ་འགོད་མཁན་ཞིག་ཡིན་པ་ནས་བཟུང་འོག་གི་ཡིག་ཆ་དག་བཟུང་ནས་དུས་ཚོད་ལྟར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས་ནས་རྒྱུགས་སྤྲོད་དཔང་ཡིག་ལེན་དགོས།
①ཐོབ་ཐང་དཔང་ཡིག་དང་དེ་བསྐྱར་དཔར་བྱས་པ་གཅིག།
②སློབ་ཁོངས་དཔང་ཡིག།(སྐབས་ཐོན་མཐར་ཕྱིན་སློབ་མའི་སློབ་ཁོངས་དཔང་ཡིག་སློབ་མ་རང་ཡོད་སའི་དམའ་འབྲིང་སློབ་གྲྭ་ནས་སྤྲོད་དགོས་པ་དང་། དེར་མ་མཐའ་ཡང་སློབ་མའི་མིང་དང་། ཐོབ་དཔང་ཨང་གྲངས། མི་རིགས། འཛིན་གྲྭ། སློབ་ཁོངས་ཨང་རྟགས་སོགས་ཡོད་པའི་ཐོག་ཏུ་སློབ་གྲྭའི་ཐམ་ག་བརྒྱབ་ཡོད་དགོས།)
③ཆེ་ཆུང་ཚུན་གཅིག་ཅན་གྱི་པར་རྒྱབ་ལྗོངས་དཀར་པོ་ཅན་ལྔ་དགོས། ཡིག་ཆ་མི་ཚང་བ་རྣམས་རྒྱུགས་ལ་ཞུགས་མི་ཆོག
མིང་ཐོ་འགོད་དུས།༢༠༢༦ལོའི་ཟླ་༥པའི་ཚེས་༡༥ནས་ཟླ་༥པའི་ཚེས་༢༧བར།
རྒྱུགས་སྤྲོད་དཔང་ཡིག་ལེན་དུས། ༢༠༢༦ལོའི་ཟླ་༥པའི་ཚེས་༢༦ནས་ཟླ་༥པའི་ཚེས་༢༧བར།
རྒྱུགས་སྤྲོད་དུས་ཚོད། ཟླ་༥པའི་ཚེས་༢༨ཉིན། ཞིབ་ཕྲའི་དུས་ཚོད་རྒྱུགས་སྤྲོད་དཔང་ཡིག་སྟེང་གསལ།
གཉིས། འབྲིང་གཉེར་རིམ་པའི་སློབ་བསྡུའི་རྒྱུགས་ལེན།(འབྲིང་རིམ་ཆེད་གཉེར།)
༡༽སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་འབྲིང་གཉེར་རིམ་པའི་བཟོ་རིག་ཆེད་སྦྱོང་གི་སློབ་མ་སློབ་གྲྭ་རང་གིས་རྒྱུགས་ཚད་བླངས་ནས་བསྡུ་རྒྱུ་ཡིན་པ་དང་། གཙོ་བོ་བོད་ཁུལ་གྱི་ལོ་བཅུ་དྲུག་ནས་ཉེར་བཞིའི་བར་གྱི་དམའ་འབྲིང་ངམ་དེའི་ཡན་གྱི་སྦྱངས་རབས(རིམ་མཐུན་སྦྱངས་རབས་ཡོད་ནའང་ཆོག)ཡོད་པའི་གཉེན་སྒྲིག་མ་བྱས་པའི་ན་གཞོན་རྣམས་ལ་ཁ་གཏད་པ་ཡིན། ཆ་རྐྱེན་དང་འཚམས་པ་རྣམས་ཡུལ་དངོས་སུ་ཕེབས་པའམ་ཁ་པར་བརྒྱུད་དེ་མིང་ཐོ་བཀོད་ན་ཆོག། མིང་ཐོ་བཀོད་པ་རྣམས་རང་སློབ་གྲྭས་གཅིག་གྱུར་གྱིས་རྩ་འཛུགས་བྱས་པའི་རིག་གནས་དང་ཆེད་སྦྱོང་ལག་རྩལ་གྱི་རྒྱུགས་ལ་ཞུགས་ནས། རྒྱུགས་སྐར་གྱི་ཨང་རིམ་ལྟར་བསྡུ་རྒྱུ་དང་། སློབ་བསྡུའི་ཞིབ་ཕྲའི་ལས་དོན་དཀར་མཛེས་ཁུལ་སློབ་བསྡུ་ཁང་གི་བཀོད་སྒྲིག་ལྟར་ལག་བསྟར་བྱ་རྒྱུ།
མིང་ཐོ་འགོད་དུས།༢༠༢༦ལོའི་ཟླ་༥པའི་ཚེས་༡༥ནས་ཟླ་༥པའི་ཚེས་༢༧བར།
རྒྱུགས་སྤྲོད་དཔང་ཡིག་ལེན་དུས། ༢༠༢༦ལོའི་ཟླ་༥པའི་ཚེས་༢༦ནས་ཟླ་༥པའི་ཚེས་༢༧བར།
རྒྱུགས་སྤྲོད་དུས་ཚོད། ཟླ་༥པའི་ཚེས་༢༨ཉིན། ཞིབ་ཕྲའི་དུས་ཚོད་རྒྱུགས་སྤྲོད་དཔང་ཡིག་སྟེང་གསལ།
རྒྱུགས་སྤྲོད་དཔང་ཡིག་ལེན་དུས་ཐོབ་དཔང་བསྐྱར་པར་དང་རྒྱབ་ལྗོངས་དཀར་པོ་ཡིན་པའི་ཚུན་གཅིག་ཅན་གྱི་འདྲ་པར་གཉིས་སྤྲད་དགོས།
༢༽སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་འབྲིང་གཉེར་རིམ་པའི་གསོ་རིག་ཆེད་སྦྱོང་གི་སློབ་མ་སློབ་གྲྭ་རང་གིས་རྒྱུགས་ཚད་བླངས་ནས་བསྡུ་རྒྱུ་ཡིན་པ་དང་། གཙོ་བོ་བོད་ཁུལ་གྱི་ལོ་བཅུ་དྲུག་ནས་ཉེར་བཞིའི་བར་གྱི་དམའ་འབྲིང་ངམ་དེའི་ཡན་གྱི་སྦྱངས་རབས(རིམ་མཐུན་སྦྱངས་རབས་ཡོད་ནའང་ཆོག)ཡོད་པའི་གཉེན་སྒྲིག་མ་བྱས་པའི་ན་གཞོན་རྣམས་ལ་ཁ་གཏད་པ་ཡིན། ཆ་རྐྱེན་དང་འཚམས་པ་རྣམས་ཡུལ་དངོས་སུ་ཕེབས་པའམ་ཁ་པར་བརྒྱུད་དེ་མིང་ཐོ་བཀོད་ན་ཆོག། མིང་ཐོ་བཀོད་པ་རྣམས་རང་སློབ་གྲྭས་གཅིག་གྱུར་གྱིས་རྩ་འཛུགས་བྱས་པའི་རིག་གནས་དང་ཆེད་སྦྱོང་ལག་རྩལ་གྱི་རྒྱུགས་ལ་ཞུགས་ནས། རྒྱུགས་སྐར་གྱི་ཨང་རིམ་ལྟར་བསྡུ་རྒྱུ་དང་། སློབ་བསྡུའི་ཞིབ་ཕྲའི་ལས་དོན་དཀར་མཛེས་ཁུལ་སློབ་བསྡུ་ཁང་གི་བཀོད་སྒྲིག་ལྟར་ལག་བསྟར་བྱ་རྒྱུའོ།།
མིང་ཐོ་འགོད་དུས།༢༠༢༦ལོའི་ཟླ་༥པའི་ཚེས་༡༥ནས་ཟླ་༥པའི་ཚེས་༢༧བར།
རྒྱུགས་སྤྲོད་དཔང་ཡིག་ལེན་དུས། ༢༠༢༦ལོའི་ཟླ་༥པའི་ཚེས་༢༦ནས་ཟླ་༥པའི་ཚེས་༢༧བར།
རྒྱུགས་སྤྲོད་དུས་ཚོད། ཟླ་༥པའི་ཚེས་༢༨ཉིན། ཞིབ་ཕྲའི་དུས་ཚོད་རྒྱུགས་སྤྲོད་དཔང་ཡིག་སྟེང་གསལ།
རྒྱུགས་སྤྲོད་དཔང་ཡིག་ལེན་དུས་ཐོབ་དཔང་བསྐྱར་པར་དང་རྒྱབ་ལྗོངས་དཀར་པོ་ཡིན་པའི་ཚུན་གཅིག་ཅན་གྱི་འདྲ་པར་གཉིས་སྤྲད་དགོས།
གསུམ། འབྲེལ་གཏུག་བྱ་ཡུལ།
0836-2822437
རྒྱ་མཚོ་ཚེ་རིང་། 15387651101
ཚེ་རིང་དབང་མོ། 17808363203
ཡོང་ཁུངས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། རྩོམ་སྒྲིག་པ། རྟ་མགྲིན་རྡོ་རྗེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10