2026-05-18
སྤྱི་ཟླ5པའི་ཚེས17ཉིན་ནི་རྒྱལ་ཡོངས་དབང་སྐྱོན་རོགས་སྐྱོར་ཉིན་མོ་ཐེངས་སོ་དྲུག་པ་ཡིན་ཞིང་། དར་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲོང་ཁྱེར་དམངས་སྲིད་ཅུས་དང་པའེ་ཚའོ་ཐང་ཆེད་ལས་སྨན་ཁང་སོགས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ཏེ་དར་མདོའི་མཛའ་གཞས་ཐང་ཆེན་དུ“དབང་པོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་འགན་སྲུང་དང་དབང་པོ་སྐྱོན་ཅན་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”གཙོ་དོན་དྲིལ་བསྒྲགས་དང་རིན་མེད་བདེ་ཐང་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་མི་སྣས་ངོ་ཐུག་གདོང་འཕྲད་ཀྱིས་འགྲེལ་བཤད་རྒྱག་པ་དང་། སྲིད་ཇུས་ཀྱི་དོགས་གནད་ལ་ལན་འདེབས་པ། དཔྱད་གཞིའི་ཡིག་རིགས་སྤྲད་པ་སོགས་བྱེད་ཐབས་སྣ་མང་བརྒྱུད་འགྲོ་འོང་མང་ཚོགས་ལ《དབང་པོ་སྐྱོན་ཅན་འགན་སྲུང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཅའ་ཁྲིམས་རོགས་སྐྱོར་བཅའ་ཁྲིམས》།《སི་ཁྲོན་ཞིང་ཆེན་བཅའ་ཁྲིམས་རོགས་སྐྱོར་སྲོལ་ཡིག》།《གེགས་མེད་ཁོར་ཡུག་འཛུགས་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་། དབང་པོ་སྐྱོན་ཅན་གྱི་ཁ་གསབ་ཁག་གཉིས་དང་ཁྱིམ་དུ་སྟབས་བསྟུན་ལས་ཞུགས་བྱེད་པ། དཀའ་ངལ་ཆེ་བའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གེགས་མེད་སྒྱུར་བཀོད་སོགས་དམངས་ཕན་སྲིད་ཇུས་གཙོ་བོར་གསལ་འགྲེལ་བྱས་ཏེ། དབང་པོ་སྐྱོན་ཅན་མང་ཚོགས་དང་ནང་མིར་སྲིད་ཇུས་ཀྱི་ནང་དོན་དང་། རེ་ཞུའི་བརྒྱུད་རིམ། རོགས་སྐྱོར་བྱ་ཐབས་བཅས་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པར་བྱས།
བསྡོམས་རྩིས་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་མང་ཚོགས་ཀྱི་བློ་འདྲི200ལྷག་སྣེ་ལེན་ཞུས་པ་དང་། མི80ལ་རིན་མེད་བདེ་ཐང་འོས་འགན་སྨན་བཅོས་བྱས་པ། དམངས་ཕན་འཚོ་བའི་མཁོ་ཆས500ལྷག་སྤྲད་པ་རེད།།
ལོ་ཙཱ། ནོར་བུ།
རྩོམ་སྒྲིག་པ། རྟ་མེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10