བརྙན་ཕྲན《སྦས་པའི་བསྟི་གནས》རྒྱལ་ཁབ་རིམ་པའི་མིང་ཐོ་འདིར་ཚུད།

        2026-04-20

སྤྱི་ཟླ4པའི་ཚེས15ཉིན། ཀྲུང་གོ་དྲ་བའི་ཉན་ལྟའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་བརྙན་ཕྲན་འཕེལ་རྒྱས་སྤུས་ཚད་མཐོན་པོའི་གླེང་སྟེགས་ཁྲེང་ཏུའུ་རུ་འཚོགས། ཚོགས་འདུར2026ལོའི“བརྙན་ཕྲན+”བྱ་སྤྱོད་འཆར་གཞིའི་འོས་སྦྱོར་བརྙན་ཕྲན་རྣམ་གྲངས་ཁག་དང་པོ་དངོས་སུ་སྤྱི་བསྒྲགས་བྱས། རྒྱལ་ཡོངས་ཀྱི་བརྩམས་ཆོས116བདམས་ཐོན་བྱུང་། དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས་ཀྱིས་བཟོས་པའི་བརྙན་ཕྲན《སྦས་པའི་བསྟི་གནས》བདམས་ཐོན་བྱུང་བ་དང“བརྙན་ཕྲན་དང་འགྲོགས་ནས་ཡུལ་སྐོར་བྱེད་པའི”འོས་སྦྱོར་ཚན་པར་ཚུད། 

    མིག་སྔའི་བར།《སྦས་པའི་བསྟི་གནས》ཀྱི་འབྲེལ་ཡོད་བརྗོད་གཞི་བལྟས་ཚད་དུང་ཕྱུར4ཟིན་ནས་དཀར་མཛེས་ཁུལ་རིག་གནས་ཡུལ་སྐོར་དྲིལ་སྒྲོག་གི་གཞི་རྟེན་གལ་ཆེན་ཞིག་ཏུ་གྱུར་བ་རེད། གསར་རྩོམ་ཚོགས་པས་གངས་དཀར་རི་བོ་དང་རོང་བྲག་བོད་གྲོང་སོགས་ཁྱད་ཆོས་ཐུན་མིན་ལྡན་པའི་དཀར་མཛེས་ཁུལ་ཀྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་བརྙན་ཕྲན་གྱི་བརྗོད་དོན་དུ་བྱས་ནས། བརྙན་ཕྲན་ཕྱོགས་བསྒྲིགས་དེ་གསོན་ཉམས་ལྡན་པའི“རིག་གནས་ཡུལ་སྐོར་གྱི་ས་བཀྲ”ཞིག་ཏུ་བསྒྱུར་བར་མ་ཟད་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་རེད། 

   《སྦས་པའི་བསྟི་གནས》གློག་བརྙན་བཟོ་མཁན་ཁུའེ་ཝུའེ་ཡིས་རྗེས་མར་བརྙན་ལེན་འཆར་གཞི་མུ་མཐུད་དེ་འཐུས་ཚང་དུ་བཏང་ནས། དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁག་སོ་སོའི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་ཕྱོགས་ཡོངས་ནས་རྒྱ་ཆེའི་ལྟད་མོ་བ་ཚོར་བསྟན་རྒྱུ་ཡིན། ཐེངས་འདིའི《སྦས་པའི་བསྟི་གནས》དེ་རྒྱལ་ཁབ་རིམ་པའི་འོས་སྦྱོར་བརྙན་ཕྲན་རྣམ་གྲངས་ནང་བདམས་པ་དེས་རང་ཁུལ་གྱིས“བརྙན་ཕྲན་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”གྱི་མཉམ་འདྲེས་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་པར་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་ལ། དཀར་མཛེས་ཁུལ་གྱིས་དྲ་བའི་ཉན་ལྟའི་བརྩམས་ཆོས་རྩེ་གྲ་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། གནས་མཆོག་རིག་གནས་ཡུལ་སྐོར་གྱི་གྲགས་རྟགས་གསལ་པོར་སྟོན་པ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་བར་སྟོབས་ཤུགས་གསར་པ་བསྩལ་བ་ཞིག་རེད་ཅེས་བཤད།  

   ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ཟླ་བ་དང་པོར་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས“བརྙན་ཕྲན+”བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་བ་ནས་བཟུང་། བརྙན་ཕྲན་དེ་རིག་གནས་ཡུལ་སྐོར་དང་། བཅའ་ཁྲིམས། ཚན་རིག་ཁྱབ་གདལ། གཟུགས་མེད་རིག་གནས་ཤུལ་བཞག། AIGCསོགས་ཁྱབ་ཁོངས་དང་རྒྱུན་ཆད་མེད་པར་མཉམ་འདྲེས་གཏིང་ཟབ་བྱུང་ནས། ཉེར་སྤྱོད་རྣམ་པ་རྒྱུན་མཐུད་ངང་རྒྱ་ཆེར་དང་ཚོང་ལས་བྱེད་སྟངས་གསར་དུ་བཏོད། དྲ་བའི་རིག་རྩལ་གྱི་བརྗོད་བྱ་ཕུན་སུམ་ཇེ་ཚོགས་དང་ནང་དོན་གྱི་སྤུས་ཚད་མཐོ་རུ་ཕྱིན་པ་དང་མཉམ་དུ་ལས་རིགས་ཁག་གི་གསར་གཏོད་འཕེལ་རྒྱས་ཀྱི་རྣམ་པ་རིམ་བཞིན་ཆགས་ནས་མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་ཀྱི་དགོས་མཁོ་བསྐངས་པ་རེད།།

 


གསར་འགོད་པ། རྟ་མགྲིན་རྡོ་རྗེ།

རྩོམ་སྒྲིག་པ། རྟ་མེ།

རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།

ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིAIའཕྲུལ་ཤེས་ལོ་ཙཱ་འཆར་ཤེལ་ཐོག་མ་སྤྱོད་འགོ་བརྩམས།
  • ལེ་ཚན་རྗེས་མ།:སྲིད་འགན་ལག་རྗེས་འདུ་ཤེས་སུའི་ཆེད་དུ་བཅང་དགོས།
  • དོ་སྣང་ཆེ་བའི་རྩོམ།