2026-04-20
ཉེ་ཆར། འབའ་ཐང་རྫོང་མི་དམངས་སློབ་ཆུང་གིས་འབའ་ཐང་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་མཐུན་ཚོགས་དང་མཉམ་འབྲེལ་བྱས་ཏེ་ཐུན་མོང་ཐོག་གཟུགས་མེད་རིག་གནས་ཤུལ་བཞག་གི་དཔྱིད་ཀྱི་འབའ་གཞས་དང་གསར་བརྗེའི་མི་རབས་ནས་མི་རབས་བརྒྱུད་པའི་གཙོ་དོན་ཞིབ་འཇུག་སློབ་སྦྱོང་ལག་ལེན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་འབའ་གཞས་མྱོང་རོལ་གཞི་རྟེན་དུ་བྱས་ཏེ། སློབ་མར་ཤེས་དཔལ་འཚོལ་ཞིབ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་བཅས་ཁྲིད་སྟོན་བྱས་ནས་ལག་ལེན་ཁྲོད་སློབ་སྦྱོང་བྱས་ཏེ་ཆུང་དུས་ནས་ཡང་དག་པའི་འདུ་ཤེས་ཡང་དག་པ་ཆགས་པར་བྱས་ཤིང་མི་ཚུལ་ལྡན་ཞིག་ལ་འགྱུར་བའི་རྨང་གཞི་བཏིང་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་འབའ་གཞས་བརྒྱུད་འཛིན་པས་འབའ་གཞས་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་འབའ་གཞས་འཆམ་སྟངས། གཞས་ཚིག་བཅས་རིག་གནས་སློབ་ཁྲིད་བྱས་ཤིང་། བྱིས་པ་ཚོས་བརྒྱུད་འཛིན་པའི་སྣེ་ཁྲིད་འོག་གཞས་གཏོང་ཞོར་བྲོ་འཁྲབ་པའི་འབའ་གཞས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་བྲོ་བར་མྱོང་རོལ་བྱས་པ་རེད།
བྱེད་སྒོ་རིང་ལོ་རིམ་ཁག་གིས་གསར་བརྗེའི་ཐོག་མའི་བསམ་འདུན་དང་སྲོལ་རྒྱུན་རིག་གནས། ལམ་གཉིས་སྙིང་སྟོབས། མི་རིགས་མཐུན་སྒྲིལ། འཕུར་སྐྱོད་སྙིང་སྟོབས། རྒྱལ་གཅེས་འགན་འཁུར་བཅས་ཀྱི་བརྗོད་བྱ་ཆེན་པོ་དྲུག་ལ་རྩེ་གཅིག་ཏུ་དམིགས་ནས་བྱེད་སྒོ་རིན་ཐང་ལྡན་པ་ཞིག་སྤེལ་ཡོད།། གསར་འགོད་པ། ཡེ་ཤེས།
རྩོམ་སྒྲིག་པ། ཡེ་ཤེས།
རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10