2026-04-20
འབའ་ཐང་རྫོང་གིས་ཡུལ་སྡེར་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་དང་ཡུལ་སྡེར་སྤེལ་བ་བཞིའི་བྱེད་སྒོ་སྤེལ།
ཉེ་ཆར། འབའ་ཐང་རྫོང་གིས2026ལོའི་ས་ཁོངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་དང་སྤེལ་བ་བཞིའི་བྱེད་སྒོ་སྤེལ་བ་རེད། ལེབ་ཡུལ་དང་སྤོ་བསྐོར་ཤུལ། མུ་གཏོར་བཅས་ཡུལ་ཤོག་གསུམ་དུ་ཏང་གི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ། དམངས་འཚོ་ཞབས་ཞུ་བཅས་གཞི་རིམ་མང་ཚོགས་སུ་སྤེལ་བ་རེད།
ཐེངས་འདིའི་སྒྲོག་འགྲེལ་ཚོགས་པས་རྫོང་ཡོངས་ཀྱི་ལས་ཁུངས་ཁག་གི་རྐང་འཛིན་ལས་སྒྲུབ་པ་གཅིག་ཏུ་བསྡུས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དང་དེ་བཞིན་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་འབྲེལ་ཡོད་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་དག་སྐད་གཉིས་ཟུང་འབྲེལ་གྱིས་མང་ཚོགས་ལ་བསྒྲགས་པ་རེད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་མེད་དོ་དམ་ཆད་གཅོད་བཅའ་ཁྲིམས》སོགས་གཙོ་གནད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་ལ་དམ་པོར་དམིགས་ནས་གཉེན་སྒྲིག་ཁྱིམ་ཚང་དང་འགལ་བ་འདུམ་འགྲིག། དྲ་བ་ཉེན་མེད་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་དང་དངོས་ཡོད་ཀྱི་གནད་དོན་བཅས་ལ་དཔེ་མཚོན་གྱོད་གཞི་དཔྱད་གཞིར་འཛིན་པ་དང་། ཁྲིམས་ལུགས་གཞིར་བཟུང་ནས་ཉེ་འགྲམ་གྱི་བྱ་བས་ཉེ་འགྲམ་གྱི་མིར་སློབ་གསོ་གཏང་བ་དང་། ཁང་སའི་ཞིབ་མཆན་འགོད་པ་དང་རྒན་གསོ་སྨན་བཅོས། མ་མཐའི་འཚོ་རྟེན་འགན་སྲུང་སོགས་དམངས་འཚོའི་གནད་དོན་ལ་རྩེ་གཅིག་ཏུ་དམིགས་ནས་ངང་རྒྱུད་རིང་པོས་དོགས་གཞིར་ལན་བཏབ་པ་དང་། སྲིད་ཇུས་འགྲེལ་བཤད་ཞིབ་ཚགས་བྱས་ཏེ་དམངས་ཕན་བྱེད་ཐབས་གསལ་པོ་བཤད་པ་དང་མང་ཚོགས་ཀྱི་དོ་ཁུར་ལ་ལན་བཏབ་པ་རེད། ཉེན་མེད་ཐོན་སྐྱེད་དང་ནགས་རྩྭ་མེ་ཟོན། གཞུང་ལམ་འགྲིམ་འགྲུལ་ཉེན་མེད་སོགས་གཙོ་གནད་ཁྱབ་ཁོངས་ལ་རྩེ་གཅིག་ཏུ་དམིགས་ནས་གོ་བདེ་བའི་སྐད་ཆའི་ཐོག་ནས་ཉེན་མེད་ཀྱི་ཤེས་བྱ་ཁྱབ་གདལ་གཏང་བ་དང་། གཞི་རིམ་ཀྱི་ཉེན་མེད་འགོག་སྲུང་བརྟན་པོར་བྱས་ནས་མང་ཚོགས་ཀྱི་ཉེན་མེད་འདུ་ཤེས་ཆེ་རུ་བཏང་བ་རེད།
སྒྲོག་འགྲེལ་རིང་ལ་སྤེལ་བ་བཞིའི་ཞབས་ཞུ་དུས་གཅིག་ཏུ་དོན་དུ་འཁྱོལ་ནས་མང་ཚོགས་ལ་ཕན་པ་ཆེན་པོ་ཐོགས་ཡོད། རིག་རྩལ་འཁྲབ་སྟོན་ཁྲོད་སྲིད་ཇུས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྒྱུད་སྤྲོད་བྱས་ཏེ་ཚང་མས་ལྟད་མོ་ལྟ་ཞོར་ཁྲིམས་སྐྱོང་གི་ནང་དོན་ཟབ་མོར་རྒྱུས་ལོན་དང་། རིན་མེད་འོས་འགན་སྨན་བཅོས་བྱ་ཡུལ་དུ་གྲོང་མིའི་གཟུགས་པོར་བརྟག་དཔྱད་དང་འཕྲོད་བསྟེན་ཤེས་བྱ་ཁྱབ་གདལ་བྱས་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་བཏང་། བཅའ་ཁྲིམས་ཞབས་ཞུའི་ས་ཚུགས་སུ་མང་ཚོགས་ཀྱི་རེ་ཞུར་ལན་འདེབས་པ་དང་ཆེད་ལས་ཀྱི་མཛུབ་ཁྲིད་བྱས་ཏེ་གཞི་རིམ་གྱི་འགལ་བ་སེལ་རོགས་བྱས། ཚན་རྩལ་ཁྱབ་གདལ་ཞབས་ཞུ་དཔྱད་ཡིག་སྤྲད་པ་དང་། ཡུལ་དངོས་སུ་འགྲེལ་བཤད་བྱས་ཤིང་དངོས་སྤྱོད་ཤེས་བྱའི་ཁྱབ་གདལ་བཏང་ནས་ཡུལ་སྡེ་དར་རྒྱས་ལ་ཚན་རིག་གི་སྟོབས་ཤུགས་བསྩལ་ཡོད།།
གསར་འགོད་པ། ཡེ་ཤེས།
རྩོམ་སྒྲིག་པ། ཡེ་ཤེས།
རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10