བེ་ཤ་གཟེངས་བུམ་སླེ་གྲུག་འགྲན་སྡུར་དོ་དགོང་ནས་འགོ་བརྩམ་རྒྱུ་རེད།

        2026-04-20

2026ལོའི་ཉག་ཆུ་རྫོང"བེ་ཤ་གཟེངས་བུམ"རྒྱལ་ཡོངས་གཞོན་ནུ་སྐྱེས་པའི་སླེ་གྲུག་གདན་ཞུའི་འགྲན་སྡུར་སྤྱི་ཟླ4པའི་ཚེས20ཉིན་གྱི་ཕྱི་དྲོར་ཉག་ཆུ་རྫོང་དུ་སྤེལ་རྒྱུ་རེད། བྱེད་སྒོ་དུས་ཡུན་ནི་ཚེས20ནས28ཉིན་བར་ཡིན།

   ཐེངས་འདིའི་སླེ་གྲུག་གདན་ཞུའི་འགྲན་སྡུར་ནང་རྒྱལ་ཡོངས་ཀྱི་ཞིང་ཆེན9ཡི་རུ་ཁག་རྩེ་གྲ12འཛོམས་ཡོད་ཅིང་རུ་མི་རྣམས་ཀྱི་སླེ་གྲུག་འཕེན་རྩལ་ཁྱད་དུ་འཕགས་ཤིང་སྐད་གྲགས་ཧ་ཅང་ཆེ་བ་རེད། དེ་རིང་ཕྱི་དྲོའི་ཆུ་ཚོད19ལ་དངོས་སུ་འགོ་བརྩམ་རྒྱུ་ཡིན།


  • ལེ་ཚན་སྔོན་མ།:འབའ་ཐང་གི་དངོས་ཟིན་གློག་བརྙན་ཞིག་ལ་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གི་ཡུལ་སྡེར་ཁྲིམས་ལུགས་ཁྱབ་གདལ་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།