(ནོར་བུས་བསྒྱུར།) 2025-06-04
སྤྱི་ཟླ5ཚེས30ཉིན།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གི་མངགས་བཅོལ་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས2025ལོའི་ཁུལ་ཉེན་མེད་ཐོན་སྐྱེད་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གསུམ་པ་དང་དུས་བདེ་འཛུགས་སྐྱོང་།གཙོ་གནད་ལས་དོན་གྱི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་ཞིང་ཆེན་ཉེན་མེད་ཐོན་སྐྱེད་ཨུ་ལྷན་གྱི2025ལོའི་ཁོངས་མི་ཡོངས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་སྙིང་དོན་བརྒྱུད་བསྒྲགས་ལག་བསྟར་དང་།གཙོ་གནད་ལས་དོན་ཁག་བཀོད་སྒྲིག་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་གྱིས་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་སྒྲིག་བྱས་པ་དང་།ཁུལ་ཨུ་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཡན་ལེ་ཡིས་ཉེན་མེད་ཐོན་སྐྱེད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་ཚོགས་འདུར་ཞུགས་པ་རེད།
ཧྥུང་ཧྥ་ཀུའེ་ཡིས་བསྟན་དོན།འདས་པའི་ཟླ་བ་ལྔ་ལ་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་འོག་ལྔ་གཅིག་རྫོགས་ལྡན་གཟའ་འཁོར་གྱི་ཞབས་ཞུའི་འགན་ལེན་དང་།མེ་འགོག་དང་ཆུ་ལོག་སྔོན་འགོག།ས་གཤིས་སྔོན་འགོག།དཔལ་འབྱོར་འཕེལ་རྒྱས་སོགས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་།ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་པོ་བྱུང་ཡོད། སྤྱི་ཟླ་དྲུག་པ་ནི་ལས་་གཞི་འཛུགས་སྐྲུན་གྱི་འགག་གནད་དང་།ཁྱོན་ཡོངས་ནས་ཆུ་ལོག་སྔོན་འགོག།མཐོ་འབྲིང་རྒྱུགས་ལེན།དབྱར་རྩྭ་དགུན་འབུ་དང་ཤ་མོའི་རིགས་སྔོག་འཐུ་བཅས་ཀྱི་དུས་སྐབས་ཡིན་པས་ལས་དོན་ཁག་དམ་འཛིན་བྱ་དགོས།
ཧྥུང་ཧྥ་ཀུའེ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་སློབ་སྦྱོང་སློབ་གསོ་དམ་འཛིན་བྱ་དགོས། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུས་སྔ་རྗེས་སུ་ཉེན་བརྡའི་སློབ་གསོ་ཚོགས་འདུ་འཚོགས་ཤིང་།ཁུལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཚོས་དོགས་ཟོན་ཏན་ཏིག་བྱ་དགོས། ལྷག་པར་དུ《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ལག་བསྟར་ནན་པོ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》ལག་བསྟར་མཐར་ཕྱིན་བྱས་ཏེ་ལམ་ལུགས་ཀྱི་མཁྲེགས་གཤིས་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་གཙང་གི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས། ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ལས་གཞི་བརྩོན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བརྟན་འཕར་ཡོང་བར་བསྐུལ་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་བཟོ་འགོད་ལས་དོན་ཚད་གཞི་མཐོན་པོས་ལེགས་པར་བསྒྲུབ་དགོས། བརྟན་ལྷིང་གི་ལས་ཀ་ཡག་པོ་བསྒྲུབ་དགོས། བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་མཐའ་འཁྱོངས་དང་ཆེད་དོན་བཅོས་སྒྲིག་དམ་འཛིན།ཆོས་ལུགས་ཁྱབ་ཁོངས་ཀྱི་ཁྲིམས་ལྟར་སྲིད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ།ཕན་འབྲས་ལ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བདེ་འཇགས་བརྟན་ལྷིང་གི་ཁོར་ཡུག་བསྐྲུན་དགོས། ཉེན་མེད་ཐོན་སྐྱེད་ཡག་པོ་བྱ་དགོས། ཆུ་ལོག་དང་ས་གཤིས་གནོད་འཚེ་སོགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་དགོས། གནད་དོན་སྣ་ཚོགས་ལེགས་བཅོས་ཡག་པོ་བྱ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་གཙོ་བོ་འཁུར་ནས་བཅོས་སྒྲིག་བྱེད་ཐབས་ཞིབ་ཕྲ་དང་རྩིས་བཤེར་གྱི་ཚུར་ལན་གནད་དོན་སྣ་ཚོགས་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ།ཁྲིམས་འགལ་གྱིས་རྨོ་ཞིང་བཟུང་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཀྲུང་དབྱང་ལྟ་སྐུལ”དང“ཞིང་ཆེན་ལྟ་སྐུལ”གྱི་ཚུར་ལན་གནད་དོན་བཅོས་སྒྲིག་གི་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་བྱ་དགོས་ཞེས་ནན་གསུངས་གནང་།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། འབྲེལ་ཡོད་ཁུལ་མགོ་ཁྲིད་དང་ཁུལ་རིམ་པའི་སྡེ་ཚན།རྫོང(གྲོང་ཁྱེར)ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་རྣམས་ཞུགས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10