དར་མདོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་སོང་།

ནོར་བུས་བསྒྱུར།        2021-05-25

   ཟླ5པའི་ཚེས24ཉིན་གྱི་སྔ་དྲོར། དར་མདོ་གྲོང་ཁྱེར་གྱིས་གཞི་ཁྱོན་ཆེ་བའི་སྒོས་དཀར་མཛེས་ཁུལ་ལུས་རྩལ་ཁང་དུ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་ཀ་སྤེལ་མགོ་ཚུགས་ཤིང་། ཉིན་དེའི་ཆུ་ཚོད19ཡི་བར་རིམས་འགོག་སྨན་ཁབ་ཐེངས4376བརྒྱབ་པ་རེད། ལུས་རྩལ་ཁང་དུ་སོང་ནས་རིམས་འགོག་སྨན་ཁབ་རྒྱག་པར་ཐོག་མར་སྨན་ཁབ་རྒྱག་པར་སྒུག་པ་དང་། དེ་ནས་སྔོན་དཔྱད་དང་ཐོ་འགོད། རིམས་འགོག་སྨན་ཁབ་རྒྱག་པ། སྡོད་དེ་ལྟ་ཞིབ་བྱེད་པ་བཅས་གོ་རིམ་ལྔ་བརྒྱུད་དགོས།

དར་མདོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་སོང་།

གོ་རིམ་དང་པོ། སྨན་ཁབ་རྒྱག་པར་སྒུག་པ།

དར་མདོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་སོང་།

གོ་རིམ་གཉིས་པ། སྔོན་དཔྱད་བྱེད་པ།

དར་མདོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་སོང་།

གོ་རིམ་གསུམ་པ། ཐོ་འགོད་བྱེད་པ།

དར་མདོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་སོང་།

གོ་རིམ་བཞི་པ། རིམས་འགོག་སྨན་ཁབ་རྒྱག་པ།

དར་མདོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་སོང་།

གོ་རིམ་ལྔ་པ། སྡོད་དེ་ལྟ་ཞིབ་བྱེད་པ།

དར་མདོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་སོང་།

   ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་སྨན་ཁབ་རྒྱག་ས30དང་། སྔོན་དཔྱད་ཡན་ལག་སྨན་བཅོས་སྟེགས་བུ40 སྨན་ཁབ་རྒྱག་པར་ཐོ་འགོད་བྱེད་ས10བཅས་བཙུགས་ཡོད་པ་རེད། ཉིན་དེ་ནས་བཟུང་ལོ18དང་དེའི་ཡན་གྱི་མི་ཚོགས་ལ་དམིགས་ནས་རིམས་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་པ་དང་། ཉིན་རེར་སྨན་ཁབ་རྒྱག་ཚད5000ནས6000བར་གྱི་འཆར་གཞི་ལྟར་རིན་མི་དགོས་པར་སྨན་ཁབ་རྒྱག་རྒྱུ་ཡིན་པ་རེད། རིམས་འགོག་སྨན་ཁབ་དང་པོ་བརྒྱབ་རྗེས། བར་ཐག་ཉིན21གི་རྗེས་སུ་ཐེངས་གཉིས་པའི་རིམས་འགོག་སྨན་ཁབ་བརྒྱབ་ཆོག  བར་ཆོད་དུས་ཡུན་ཉིན56ལས་བརྒལ་མི་རུང་།

དར་མདོ་ནས་རིམས་འགོག་སྨན་ཁབ་རྒྱག་མགོ་ཚུགས་སོང་།

   སྨན་ཁབ་རྒྱག་རིང་གྱོན་གོས་ལྷུག་པོ་སྟབས་བདེ་གྱོན་པ་དང་། ཐོབ་ཐང་ལག་ཁྱེར་དང་བདེ་ཐང་ཨང་རྟགས་འཁྱེར་ཏེ་ལྟོ་རྒྱགས་རྗེས་གཞི་ནས་སྨན་ཁབ་རྒྱག་དགོས་པ་ལས་ཁོག་སྟོང་དུ་སྨན་ཁབ་རྒྱག་རྒྱུ་མེད།


  • ལེ་ཚན་སྔོན་མ།:བོད་ཀྱི་གནའ་བོའི་ཐམ་ག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།