ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་མཇུག་བསྒྲིལ།

ཡེ་མགོན། མཁས་གྲུབ། མིག་དམར།        2016-12-30

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་མཇུག་བསྒྲིལ།

      སྤྱི་ཟླ12པའི་ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་གྱི་གྲོས་རིམ་ཁག་མཇུག་བསྒྲིལ་ནས་སྐབས་གསར་པའི་ཁུལ་ཨུའི་ཨུ་ཡོན་དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་བས་མ་ཚད། སྐབས་བཅུ་པའི་ཁུལ་ཨུའི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་དར་མདོའི་ཟློས་གར་ཁང་དུ་མཇུག་བསྒྲིལ་བ་རེད།

    ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ལིའུ་ཁྲེང་མིང་། ལི་ཁང་། ཞའོ་ཡིའུ་ཚའེ། བྱང་ཆུབ། ལུའོ་ཀྲེན་ཧྭ། བྱམས་བློ། ཀྲའོ་པོ། ཚུའེ་ཡུས་ཧྥེང་། སུའུ་ཏ་ཁྲེན་བཅས་ཡིན་པ་རེད།

    ཐེངས་འདིའི་ཚོགས་ཆེན་ནང་ཞུགས་དགོས་པའི་འཐུས་མི359ཡིན་ཞིང་། དངོས་སུ་ཞུགས་པའི་འཐུས་མི351ཡོད་པས་ཏང་གི་སྒྲིག་ཡིག་དང་མཐུན་པ་རེད།

    ཚོགས་འདུར་ཞུགས་མཁན་གྱི་འཐུས་མི351གིས་མིང་འགོད་མེད་པའི་འདེམས་ཤོག་འཕེན་ནས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན64 དང་། རྗེས་སྣོན་ཨུ་ཡོན12   ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན45བདམས་ཐོན་བྱུང་བ་རེད།

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་མཇུག་བསྒྲིལ།
ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་མཇུག་བསྒྲིལ།
ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཐེངས་བཅུ་གཅིག་པའི་འཐུས་མི་ཚོགས་ཆེན་མཇུག་བསྒྲིལ།

      དེའི་རྗེས། ཚོགས་ཆེན་ཐོག་སྐབས་བཅུ་པའི་ཁུལ་ཨུའི་ལས་ཀའི་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། ཚོགས་ཆེན་ཐོག་བློ་མཐུན་ལིའུ་ཁྲེང་མིང་གིས་ཀྲུང་གུང་དཀར་མཛེས་ཁུལ་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཞུས་པའིའགག་སྒྲོལ་རྒྱལ་ཆོད་དང་དངོས་གཉེར་ཁུལ་དར་བྱས་ཏེ་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་དགོསཞེས་པའི་ལས་ཀའི་སྙན་སེང་ལ་ཆོག་མཆན་གནང་བ་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་སེང་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམས་བྱུང་ནས་སྐབས་བཅུ་པའི་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཁས་ལེན་གང་ལེགས་བྱས་པ་རེད།

      ལིའུ་ཁྲེང་མིང་གིས་མཇུག་བསྒྲིལ་བའི་ཚོགས་འདུའི་ཐོག་གསུངས་དོན། གསར་དུ་བདམས་ཐོན་བྱུང་བའི་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོས་ཐེངས་འདིའི་ཚོགས་ཆེན་གྱི་དགོངས་དོན་སྣེ་ཁྲིད་ནས་ལག་ལེན་དོན་འཁྱོལ་བྱ་དགོས། འདུ་ཤེས་བཞི་བློར་བརྟན་པོ་བཟུང་བ་དང་ཕྱོགས་ལྔ་གཞི་གཅིག་གི་སྤྱི་ཡོངས་ཀྱི་འཆར་འགོད་ལ་གཅིག་གྱུར་སྐུལ་འདེད། ཁྱོན་ཡོངས་བཞི་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཆེན་པོ་ལྔའི་འདུ་ཤེས་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སུ།  སེམས་ཐག་གཙང་བཅད་ཀྱིས་ཀྲུང་དབྱང་གི་བོད་སྐྱོང་བའི་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བསམ་ཕྱོགས་ལག་ལེན་མཐར་ཕྱིན་བྱ་དགོས། དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་དམིགས་ཡུལ་འདིར་གཞིགས་ནས་དབུལ་ཐར་འབྱོར་འབྲིང་དང་ཡུན་རིང་བདེ་འགོད་ཡོང་བའི་འགག་རྩ་གཉིས་དམིགས་སུ་ཐོན་པ་བྱ་དགོས།  འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་གི་དོན་ཆེན་གསུམ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་སེམས་ཤུགས་བསྒྲིམས་ནས་འཐབ་ཇུས་ཆེན་པོ་དྲུག་ལག་ལེན་བྱས་པར་བརྟེན། རྒྱུན་ཆད་མེད་པར་ཏང་གི་འཛུགས་སྐྱོང་ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་ནས་མཛེས་སྡུག་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་བསྐྲུན་པར་འབད་བརྩོན་བྱ་དགོས།  


  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་ཆུ་ལོག་དང་ཞོད་སྐྱོན་སྔོན་འགོག་ཡག་པོ་བྱེད།
  • དོ་སྣང་ཆེ་བའི་རྩོམ།