གསེར་མཚོའི་མཛེས་ལྗོངས།

    ༼ ཁ་བཏགས་དཀར་པོ ༽དུས་དེབ་ལས་དྲངས།    2016-03-11

གསེར་མཚོའི་མཛེས་ལྗོངས།

གསེར་མཚོའི་མཛེས་ལྗོངས་ཁུལ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཟུང་ཆུ་རྫོང་གི་ཁོངས་སུ་ཡོད་ཅིང་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི༧༠༠ཙམ་ཡོད།  དེའི་མཛེས་ལྗོངས་གཙོ་བོ་ནི་རིང་ཚད་ལ་སྤྱི་ལེ༣.༦ཙམ་ཡོད་པའི་གསེར་མཚོ་ལུང་པར་ཡོད་ཅིང་ལུང་ནང་དུ་ཐན་སྐྱུར་སྲ་འགྱུར་ས་གཤིས་ཀྱིས་གྲུབ་ཅིང་ཆགས་དབྱིབས་སྐས་རིམ་ཅན་གྱི་རྣང་ཞིང་ལྟར་རིམ་བར་བརྩིགས་པ་དང་། དཀར་སེར་དམར་ལྗང་སོགས་ཁ་དོག་སྣ་ལྔ་ལྡན་པའི་རྫིང་བུ་ཆེ་ཆུང་བརྒྱ་ཕྲག་ལྷག་ཡོད་པར་མ་ཟད།  ལུང་མདོ་ནས་ལུང་མགོའི་བར་རིམ་པ་བཞིན་དུ་ཚ་ཁུལ་བར་མ་དང་མཐོ་སྒང་གི་ནགས་ཚལ་སོགས་རྩི་ཤིང་རིགས་མི་འདྲ་བ་མང་པོ་ཚང་ཚིང་དུ་སྐྱེས་ཡོད།  དེའི་ཁྲོད་དུ་དོམ་ཁྲ་དང་གཟིག་སོགས་འཛམ་གླིང་ན་དཀོན་པའི་སྲོག་ཆགས་རིགས་བཅུ་ཕྲག་འགའ་འཚོ་བཞིན་ཡོད་པ་དེས་གསེར་མཚོ་ལུང་པར་སྣོད་བཅུད་གཉིས་འཛོམས་ཀྱི་མཛེས་ལྗོངས་ངོ་མཚར་ཆེ་ཞིང་ལྟ་ན་སྡུག་པ་ཞིག་བསྐྲུན་ཡོད་པས། དེ་ལ་འཛམ་གླིང་གི་ངོ་མཚར་ཡུལ་ལྗོངས་ཞེས་པའི་མཚན་སྙན་ཐོབ་ཡོད། 

གསེར་མཚོའི་མཛེས་ལྗོངས།

  • ལེ་ཚན་སྔོན་མ།:བོད་ཀྱི་མཚོ་ཆེན་བཞི།
  • ལེ་ཚན་རྗེས་མ།:གཉན་པོ་གཡུ་རྩེ།