མི་ཉག་གི་དེབ་ཐེར་ལྗང་གུ །༼༣༽

རིག་འཛིན་བསྟན་སྲུང་གིས་བརྩམས།        2018-06-06

བྲག་ཐོག་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

བྲག་ཐོག་སྡོ་པ་ལ་དུད་གྲང༤༢དང་མི་གྲངས༢༨༦ཡོད།

སྤང་ལུང་ཐང་སྡེ་པ་ལ་དུད་གྲངས༤༩དང་མི་གྲངས༢༩༠ཡོད།

འདྲ་སྒང་སྡེ་པ་ལ་དུད་གྲངས༦༦དང་མི་གྲངས༣༡༥ཡོད།

གཡུ་ཏིག་ཝ་ཙེ་སྡེ་པ་ལ་དུད་གྲངས༥༩དང་མི་གྲངས༢༧༤ཡོད།

ཀློག་གུས་སྡེ་པ་ལ་དུད་གྲངས༢༤དང་མི་གྲངས༡༥༡ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༥པའི་ནང་དུ་རྫོང་དེའི་མི་འོད་ཟེར་དཔལ་མོས་མཁོ་འདོན་བྱས་པ་ཡིན་ནོ།  །

སྔོ་ལྡན་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

སྔོ་ལྡན་སྡེ་པ་ལ་དུད་གྲངས༥༨དང་མི་གྲངས༢༩༡ཡོད།

འོག་འགུག་གྲོང་སྡེ་པ་ལ་དུད་གྲངས༢༥དང་མི་གྲངས༡༣༩ཡོད།

དུས་རིག་སྡེ་པ་ལ་དུད་གྲངས༥༥དང་མི་གྲངས༢༨༤ཡོད།

བྱང་ཆུབ་སྡེ་པ་ལ་དུད་གྲངས༣༤དང་མི་གྲངས༡༨༧ཡོད།

བཞག་རྩེ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

དབའ་ལེགས་གྲོང་སྡེ་པ་ལ་དུད་གྲངས༦༤དང་མི་གྲངས༣༡༢ཡོད།

དགུ་པོ་གྲོང་སྡེ་པ་ལ་དུད་གྲངས༢༡དང་མི་གྲངས༡༣༤ཡོད།

རྨོངས་ལོག་གྲོང་སྡེ་པ་ལ་དུད་གྲངས༢༠དང་མི་གྲངས༡༢༥ཡོད།

ག་ལ་གྲོང་སྡེ་པ་ལ་དུད་གྲངས༣༣དང་མི་གྲངས༡༦༧ཡོད།

མཁར་ལུག་གྲོང་སྡེ་པ་ལ་དུད་གྲངས༡༩དང་མི་གྲངས༡༡༤ཡོད།

དབུས་ར་གྲོང་སྡེ་པ་ལ་དུད་གྲངས༤༣དང་མི་གྲངས༢༣༧ཡོད།

ཡར་མེད་རྩེ་གྲོང་གི་སྡེ་པ་ལ་དུད་གྲངས༤༣དང་མི་གྲངས༢༣༡ཡོད།

ཕར་ལུང་ཁོག་གྲོང་སྡེ་ལ་མི་གྲངས༦༤དང་དུད་གྲངས་༢༣༡ཡོད།

འབྲོག་སྡེ་རྫ་ལུ་བའམ་རྫ་ལུང་བའང་སྡེ་འདིའི་ཁོངས་སུ་གཏོགས་པར་བཤད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ་༥པའི་ནང་དུ་རྫོང་དེའི་མི་འོད་ཟེར་དཔལ་མོས་མཁོ་འདོན་བྱས་པ་ཡིན་ནོ།  །

གཡང་ཤིས་ཁ་སྡེ་པ་ལ་དུད་གྲངས༦༤དང་མི་གྲངས༣༤༥ཡོད།  དེང་སང་མི་ཧོབ་ཆེན་འགས་འདྲ་པ་དེ་བོད་མིན་པར་བརྟག་དཔྱད་ཞིབ་འཇུག་བྱེད་བཞིན་ཡོད་པ་ནི་ངལ་བ་འབྲས་བུ་མེད་པའི་ལས་དཀའ་ཞིག་ཡིན།  དེ་རྒྱུ་མཚན་ཅི་རེད་ཅེ་ན།  འདྲ་པའི་ས་ཆ་ནི་བོད་ཀྱི་ས་ཆ་རེད།  ཡུལ་སྲོལ་གོམས་གཤིས་ནི་བོད་དང་གཅིག་མཚུངས་རེད།   ཆོས་ལུགས་ནི་བོད་ཀྱི་གདོད་མའི་ཆོས་ལུགས་བོན་དང་རྗེས་དར་སངས་རྒྱས་ཆོས་ལུགས་བོད་དང་འདྲ་མཚུངས་རེད།  མིའི་མིང་ནི་བོད་མིང་ཡིན། སྐད་ཡིག་ནི་བོད་སྐད་དང་བོད་ཡིག་ཡིན།  ལོ་རྒྱུས་ཀྱི་འབྱུང་ཁུངས་ནི་གནའ་ནས་ད་བར་དུ་བོད་མི་ཉག་གི་ཁོངས་གཏོགས་ཡིན།  བློ་མཐུན་མོའོ་ཚེ་ཏུང་གི་གསུངས་པ་ལྟར།  བརྟག་ད པྱད་ཞིབ་འཇུག་མ་བྱས་ན།   །སྐད་ཆ་བཤད་པའི་རང་དབང་མེད།  །ཅེས་པ་ལྟར་རོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ་༢༠༡༣ལོའི་ཟླ་༥པའི་ནང་དུ་རྫོང་དེའི་མི་འོད་ཟེར་དཔལ་མོས་མཁོ་འདོན་བྱས་པ་ཡིན་ནོ།  །

ཤར་རོང་ཡུལ་ཤོག་གི་ སྲིད་འཛིན་སྡེ་པའི་མིང་།

ལྗོངས་ཉལ་གྲོང་སྡེ་པ་དུད་གྲངས༣༢དང་མི་གྲངས༡༥༦ཡོད།

གྲོང་འདིའི་མིང་ལ་རྗིབ་ཉ་གྲོང་ཡང་ཟེར་སྲོལ་ཡོད།

མཁར་བཞི་གྲོང་སྡེ་པ་ལ་དུད་གྲངས༡༣དང་མི་གྲངས༥༡ཡོད།

པས་ཆ་གྲོང་སྡེ་པ་ལ་དུད་གྲངས༩དང་མི་གྲངས༤༦ཡོད།

བསུ་སྐྱིད་གྲོང་སྡེ་པ་ལ་དུད་གྲངས༦དང་མི་གྲངས༣༠ཡོད།

རྔ་སྤོ་གྲོང་སྡེ་པ་ལ་དུད་གྲངས༡༩དང་མི་གྲངས་༡༡༣ཡོད།

བྱེ་བ་གྲོང་སྡེ་པ་ལ་དུད་གྲངས་༢༡དང་མི་གྲངས༡༢༧ཡོད།

པད་རི་གྲོང་སྡེ་པ་ལ་དུད་གྲངས༣༤དང་མི་གྲངས༡༧༠ཡོད།

སྨད་པ་གྲོང་སྡེ་པ་དུད་གྲངས༣༧དང་མི་གྲངས༢༠༣ཡོད། སྤྱིར་ན་གནའ་སྔོན་མ་ཤར་རོང་བ་རྣམས་ནི་རྒྱལ་རོང་གི་དགེ་ཤིས་རྒྱལ་པོའི་མངའ་འོག་ཡོན་ཡང་དེང་སང་ནི་རྟའུའི་མངའ་འོག་ཏུ་ཡོད་པས་མི་ཚང་མས་མི་ཉག་བའི་གྲས་སུ་རྩི་བཞིན་ཡོད་དོ། །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་རྫོང་དེའི་སློབ་ཆུང་དགེ་རྒན་འཆི་མེད་ཚེ་དབང་གིས་མཁོ་འདོན་བྱས་པ་ཡིན་ནོ། 

ལུང་བསྟན་ཡུལ་ཤོག་གི་གནས་ཚུལ་མདོར་བསྡུས།

ལུང་བསྟན་ཤང་ནི་རྟའུ་རྫོང་གི་ཤར་ཕྱོགས་སུ་རུ་བ་རྣམས་བསྡད་ཡོད་ལ། ཤར་ཕྱོགས་སུ་རོང་བྲག་རྫོང་གི་དཔྱལ་ཤང་གི་དེམ་པ་དང་རྟའུ་གི་ཤང་དང་འབྲེལ་ཡོད། ལྷོའི་ཁྱིམ་མཚེས་ནི་བ་སྨད་གྲོང་རྡལ་ཡིན། བྱང་ཕྱོགས་ནི་ཁུག་ཆ་ཤང་དང་འབྲེལ་ཡོད་ལ། གནས་ཡུལ་ནི་ཞིང་ཆེན་རིམ་པའི་གཞུང་ལམ་ཨང༣༠༣པའི་འགྲམ་དུ་གནས་ཡོད། ཡང་རྟའུ་རྫོང་མཁར་བར་དུ་སྤྱི་ལེ༤༨ཡོད། མར་བ་སྨད་བར་དུ་སྤྱི་ལེ༢༨ཡོད། ཤང་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༣༨༠ནང་དུ། རྩྭ་སའི་རྒྱ་ཁྱོན་མུའུ༣༧༥༠༠༠ཡོད་པའི་ནང་དུ་རྩྭ་ཐང་དང་སྐྱེ་དངོས་ཁ་གསབ་སྤྲད་པའི་རྒྱ་ཁྱོན་མུའུ༣༤༢༢༩༩༧༨ཡོད། ནགས་སའི་རྒྱ་ཁྱོན་མུའུ༡༢༤༤༠༠དང་། ཞིང་རྨོ་སྐྱུར་ནགས་སྤེལ་བྱེད་ས་མུའུ༢༢༠༠ཡོད། སྤྱི་ལོ༢༠༠༧ལོར་སྡེ་པ་གསུམ་པ་དང་། བཞི་པས་ཕྱུགས་སྐྱུར་རྩྭ་སྤེལ་གྱི་ལས་འགན་མུའུ༡༡༨༧༨༠འགྲུབ་པའི་རྨང་གཞིའི་ཐོག་ཏུ་སྡེ་པ་དང་པོ་དང་། གཉིས་པར། ལྔ་པའི་མུའུ༡༠༥༠༠༠དང་། ཕྱུགས་ཀྱི་རྩྭ་སྤེལ་རྣམ་གྲངས་སྤུས་ལེགས་མུའུ༦༠༠༠དག་ལག་བསྟར་བྱས་ཡོད་པ་རེད། ཤང་ཡོངས་ལ་ནགས་དབང་བཅོས་སྒྱུར་བྱས་ཏེ་ནགས་དབང་གཏན་ལ་ཕབ་པའི་ས་ཆ་མུའུ༡༣༡༦༡དང་གྲངས་ཆུང༦ཡོད་ལ། ནགས་དབང་དཔང་ཡིག་དེབ༤༧༢བཀྲམ་ཡོད་པས་མི་གྲངས༢༢༠༩ཕན་པ་ཐོབ་ཡོད་ཟེར། ཤང་གི་ཁོངས་སུ་སྲིད་འཛིན་སྡེ་པ༦ཡོད་དེ་ཀ་བཞི་ཆགས་དང་། ལྷ་རིའམ་སྟ་རུ། རབ་མགོ། ཤྭ་བོ་ལུང་། ལའུ་ཐང་། རྒྱུག་སོ་གྲོང་བཅས་རང་བྱུང་གྲོང༡༤ཡོད། ༢༠༡༠ལོར་འབྲོག་པ་དུད་ཚང༥༡༠མི་གྲངས༢༢༡༠ནང་དུ་ལས་ཤུགས་ཅན་གྱི་མི་གྲངས༡༢༣༠ཡོད། ཤང་ཡོངས་ལ་དབུལ་ཕོངས་དུད་ཚང༡༠༨ལ་མི་གྲངས༥༢༦ཡོད། འཚོ་བ་ཆེས་དམའ་བའི་འགན་ལེན་དུད་ཚང༣༠༠ལ་མི་གྲངས༤༣༤ཡི་ནང་འཚོ་བ་ཆེས་དམའ་བའི་འགན་ལེན་རིགས་དང་པོ་ལེན་མཁན་དུད་ཚང༤༡ལ་མི་གྲངས༡༢༠དང་། རིགས་གཉིས་པ་ལེན་མཁན་དུད་ཚང༢༤༡ལ་མི་གྲངས༣༡༤ཡོད། འགན་ལེན་ལྔའི་དུད་ཚང༢༡དང་། རྒན་པ་གསུམ་ཟེར་བའི་མི༧ཡོད། ༢༠༡༠ལོ་ཤང་ཡོངས་ཀྱི་འབྲོག་འབངས་རྒན་གསོ་ཉེན་འགོག་ནང་ཞུགས་པའི་དུད་ཚང་༡༤༡ལ་མི་གྲངས༢༨༦ཡོད། ཞིང་སྡེ་མཉམ་ལས་སྨན་བཅོས་གསར་པར་ཞུགས་ཚད་བརྒྱ་ཆ༩༨ལ་སླེབས་ཡོད་པ་དང་། འཆར་ལྡན་བུ་བཙའི་བྱ་དགའ་ལེན་མཁན་མི༢ཡོད། ཉུང་བཙའ་མྱུར་ཕྱུག་དུད་ཚང་འགའ་ཡོད། ད་སྐབས་ཤང་ཡོངས་སུ་ལས་བཟོ་བ་ཁྱོན་བསྡོམས༤༥ཡོད་པའི་ནང་ནས་ཤང་གི་ལས་བྱེད་པ་མི༡༤དང་། ཁྲིམས་འཛིན་ལས་རོགས་པ་གཅིག་ཕྱུགས་འབྲོག་པ་གཅིག་སྡེ་རེར་སློབ་ཆེན་རེ་ཞེས་པའི་མི་གསུམ། སློབ་གྲྭར་ལས་བཟོ་བ་མི་༡༣། འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣ་གསུམ། མངག་གཏོང་ཁང་གི་ཉེན་རྟོགས་པ་མི༨། ནགས་ལས་ས་ཚུགས་ཀྱི་ལས་བཟོ་བ༢བཅས་ཡོད། སློབ་ཆུང་གཉིས་ཏེ་ལྟེ་གནས་སློབ་ཆུང་ལ་སློབ་མ༡༦༦དང་། རྒྱུག་སོ་གྲོང་སྡེ་པའི་སློབ་ཆུང་ལ་སློབ་མ༢༨ཡོད། ཤང་ཡོངས་ལ་ཏང་ཀྲི་པུའུ༧ཡོད་པར་ཏང་མི༨༧གྱི་ནང་ལས་ཁུངས་ནང་ཏང་མི༡༧དང་། འབྲོག་པ་ཏང་མི༧༠ཡོད། གྲ་སྒྲིག་ཏང་མི༦ཡོད། སྤྱི་ལོ༢༠༡༠ལོར་ཤང་ཡོངས་ཀྱི་དཔལ་འབྱོར་ཡོང་སྒོ་ལ་སྒོར་མོ༡༤༤༢༠༠༠༠ནང་འབྲོག་ལས་ཡོང་སྒོ་སྒོར་མོ༡༧༡༡༤༠༠ཡོད་ལ། ཞིང་ལས་ཡོང་སྒོ་ལ་སྒོར༦༦༨༦༤༠དང་། ནགས་ལས་ཡོང་སྒོ་ལ་སྒོར་མོ༣༠༤༠༠༠༠ཡོད། ཞིང་ལས་དཔལ་འབྱོར་གྱི་ཡོང་སྒོ་གཙང་མ་སྒོར༥༨༨༠༠༠༠ཐོག་སླེབས་པ་དང་། མི་རེར་ཡོང་སྒོ་སྒོར༢༦༧༣ཡོད་པ་རེད།༢༠༡༠ལོ་མཇུག་ཏུ་ཤང་ཡོངས་སུ་ར་བར་ཡོད་པའི་ཕྱུགས་ཟོག༡༨༦༢༢ཡོད་པའི་ནང་ཕྱུགས་ཟོག༡༢༠༥དང་།  རྟ་ཆེ་ཆུང༣༨༠༧ཡོད། ལུག་ཆེ་ཆུང༦༡༠ཡོད། ཁྱོན་བསྡོམས་འཕེལ་རྒྱས་ཀྱི་གྲངས་ཀ༤༩༠༠དང་། ར་བས་ཕུད་གྲངས༥༢༤༧ཡོད། ཚོང་ཟོག་གི་གྲངས་ཀ༣༣༨༠ཡོད་ལ། གྲངས་གསུམ་ཚན་ཁག་ལ་དབྱེ་ན་བརྒྱ་ཆ༢༥དང་གྲངས་ཆུང༧༧དང་། བརྒྱ་ཆ༢༨དང་བརྒྱ་ཆ༡༧དང་གྲངས་ཆུང༧༨ཟིན་ཡོད་ཟེར། ༢༠༡༠ལོར་ཤང་ཡོངས་ཀྱི་ས་ཞིང་རྒྱ་ཁྱོན་མུའུ༡༠༠༥ཡི་ནང་ནས་མུའུ༧༢༦རྨོས་ཡོད་པར་འབྲུ་ནས་ཏུན༡༠༧ཐོན་པ་དང་། ཞིང་ཁོག་མུའུ༣༨༥རྨོས་ཡོད་པར་ཞོག་ཁོག་ཏུན༦༠དང་། སྲན་རིགས་མུའུ༨༥རྨོས་ཡོད་པར་སྲན་མ་ཏུན༡༠ཡོད། སྔོ་ཚལ་མུའུ༡༠རྨོས་ཡོད་པར་སྔོ་ཚལ་ཏུན༡༣ཐོན་ཡོད་པ་ཡིན་ནོ།། ཞེས་པ་འདིའི་རྒྱུ་ཆ་རྣམས་ནི་ཁོ་བོས་ལུང་བསྟན་ཤང་སྲིད་གཞུང་གི་ལག་ནས་སྤྱི་ལོ༢༠༡༢ལོར་ལོན་པའི་རྒྱ་ཡིག་གི་ཡིག་ཆ་ལྟར་འདིར་བྲིས་པ་ཡིན་ནོ།།

ཆབ་སྲིད་ཀྱི་མིང་ཚིག་འགའི་གསར་འགྲེལ།

༡ རྒན་པ་གསུམ་ཟེར་བ་དེ་ནི། སྤྱི་ལོ༡༩༩༠ལོའི་ཟླ་བ༨པར་དཀར་མཛེས་རང་སྐྱོང་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གིས་གཟི་བརྗིད་མཚན་སྙན་ལག་ཁྱེར་སྦྱིན་སའི་དམངས་གཙོ་བཅོས་བསྒྱུར་སྐབས་ཀྱི་ཏང་མི་རྒན་པ་དང་། སྡེ་པའི་ལས་བྱེད་པ་རྒན་པ། ཧུར་བརྩོན་པ་རྒན་པ་བཅས་ལ་གོ་དགོས་སོ།།

༢ སྡེ་པའི་མི་སྣ་གསུམ་ཟེར་བ་དེ་ནི། སྡེ་པ་སོ་སོའི་ནང་གི་རྩ་འཛུགས་དང་། དྲིལ་བསྒྲགས། དམངས་ཚོགས་འཚོགས་པའི་ལས་ཀའི་འགན་ཁུར་མཁན་དང་། ཆོས་ལུགས་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀའི་འགན་ཁུར་མྱོང་མཁན། སྤྱི་ཚགས་བརྟན་བརླིང་ལས་ཀར་འགན་ཁུར་མྱོང་མཁན་བཅས་ལ་མི་སྣ་གསུམ་ཟེར་རོ།།

༣ ཞིང་སྡེའི་གསུམ་བསྒྱུར་ཨར་ལས་ནི།  མི་ལ་ཁང་པ་ལས་རྒྱུ་དང་།  རི་ཐང་ལ་རྩྭ་རྨོ་རྒྱུ།  ཕྱུགས་ལ་རྒྱ་ར་ལས་རྒྱུ་བཅས་སོ།  །

༤འགན་ལེན་ལྔའི་དུད་ཚང་ཟེར་བ་དེ་ནི། ཟ་འབྲུ་དང་། གྱོན་ཆས། འབུད་ཤིང་། སློབ་གསོ། རྗེས་འཇུག་གམ་དུར་འཇུག་གི་བྱ་བའི་ལས་འགན་བཅས་སྣ་ཁ་ལྔས་འགན་ཁུར་ལེན་མཁན་དུད་ཚང་གི་མིང་ཡིན། ཟུར་ཞུ་ནི་ཀློག་པ་པོ་ལགས། ཁྱེད་རྣམས་པས་འོག་གི་མིང་རྣམས་ལ་འགྲེལ་བཤད་རྒྱག་སྐབས་གོང་གི་དོན་ཚན་བཞིའི་དོན་རྣམས་བློ་ལ་གསལ་པོ་ངེས་དགོས་པ་ཡིན་ནོ།   །

སྟར་བུ་སྡེ་པའི་འབྲོག་པའི་གཏན་སྡོད་བྱེད་སའི་ངོ་སྤྲོད་མདོར་བསྡུས།  ལུང་བསྟན་ཤང་ལྷ་རུ་སྡེ་པ་ནི་རྟའུ་རྫོང་མཁར་གྱི་ཤར་ཕྱོགས་སུ་གནས་ཡོད་ཅིང་། ཞིང་ཆེན་རིམ་པའི་གཞུང་ལམ་ཨང༣༠༣དང་འབྲེལ་དེ་བསྡད་ཡོད། སྡེ་པ་དང་རྫོང་གི་བར་དུ་སྤྱི་ལེ༤༤ཡོད་ཅིང་། འབྲོག་རྐྱང་གི་སྡེ་པ་ཞིག་ཡིན། སྡེ་པ་དེར་ཁྱིམ་ཚང༩༡ལ་མི་གྲངས༤༤༣ཡོད། ཕྱུགས་རིགས་༣༨༢༥ཡོད། ༢༠༡༠ལོར་མི་རེར་ཆ་སྙོམས་ཡོང་སྒོ་གཙང་མ་སྒོར་༣༠༡༦༧༠ཡོད། རྩྭ་སའི་རྒྱ་ཁྱོན་ལ་མུའུ༤༢༥༠༠ཡོད། མཚོ་འཕགས་སྨི༣༨༥༠པར་བཤད་དོ།།

ལྷ་རུ་སྡེ་པ་ནི་རྟའུ་རྫོང་གི་སྤྱི་ལོ༢༠༠༩ལོའི་འབྲོག་མི་གཏན་སྡོད་བྱ་བའི་འཆར་གཞིའི་ནང་གི་ཞིང་ཆེན་རིམ་པའི་ཚོད་ལྟ་བྱེད་ཡུལ་ཡིན། འཆར་བཀོད་ལྟར་ན་དུད་ཚང༩༡གི་མི༤༤༣ལ་གཏན་འདུག་ལྡོད་ཁང་ལས་དགོས་པར་མ་དངུལ་སྒོར་མོ༡༢༧༩༣༢༠༠འཇོག་རྒྱུའི་འཆར་བཀོད་ནང་འབྲོག་མིའི་སྡོད་ཁང་ལ་སྒོར་མོ༧༧༣༥༠༠༠བཞག་ཡོད་པ་དང་། དངུལ་བུན་སྒོར་མོ༢༢༧༥༠༠༠གཡར་ཡོད་ཅིང་། འབྲོག་མིས་སྒོར་མོ༢༢༧༥༠༠༠རང་གྲབས་ཡོད་དགོས། འབྲོག་མའི་བྱ་འགུལ་ལྟེ་གནས་ལ་སྒོར་མོ༤༡༥༤༠༠དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ལ་སྒོར་མོ༢༥༨༨༢༠༠དང་། ཆུ་བེད་འཛུགས་སྐུན་ཐད་ལ་སྒོར་མོ༢༢༧༩༠༠།  ཆུ་འགོག་འཛུགས་སྐུན་ཐད་ལ་སྒོར་མོ་ཁྲི་བརྒྱད། གད་སྙིགས་གནོན་འགེབ་བྱེད་སའི་འཛུགས་སྐྲུན་ལ་སྒོར་ཁྲི་གཉིས། སྤྱིའི་གསང་སྤྱོད་ཁང་གི་འཛུགས་སྐུན་ལ་སྒོར་ཁྲི་བཞི་བཅས་ཡིན་ལ། ཞིང་ཆེན་ཚན་རྩལ་ཐིང་གིས་སྒོར་ས་ཡ་གཅིག་སྤྱོད་ནས་དུད་ཚང༩༡གི་ཁྱིམ་དུ་ཉི་ནུས་ཁྲུས་ཆས་དང་། འཚོ་བའི་མཁོ་ཆུ་འདོན་སྤྲོད་སྒྲིག་ཆས། ཉི་ནུས་དང་རླུང་འོད་ཕན་གསབ་ཀྱི་ལམ་སྒྲོན༣༤འཛུགས་པར་འཆར་བཀོད་བྱས་ཡོད། ལྷ་རུ་སྡེ་པའི་འབྲོག་མིའི་གཏན་སྡོད་ཨར་ལས་ལག་བསྟར་བྱས་ནས་བཟུང་། ང་ཚོས་མགོ་ནས་མཇུག་བར་དུ་རྒྱལ་ཡོངས་ཀྱི་འབྲོག་པ་གཏན་སྡོད་ཨར་ལས་ཀའུ་བཞུགས་མོལ་ཚོགས་འདུ་དང་། ཞིང་ཆེན་དང་།  རང་སྐྱོང་ཁུལ་གྱི་འབྲོག་མི་གཏན་སྡོད་ལས་ཀའི་གྲོས་ཚོགས་ཀྱི་འཆར་གཞི་ལྟར་རྩ་འཛུགས་དང་མགོ་ཁྲིད་ནུས་ཤུགས་ཆེ་རུ་བཏང་ནས།  གླེང་ཕྱོགས་དང་དྲིལ་བསྒྲགས་ལ་དོ་སྣང་ཆེན་པོ་བྱས་ཏེ། འཛུགས་སྐྲུན་གྱི་འཆར་བཀོད་འབུར་དུ་ཐོན་ཅིང་། མངོན་སུམ་དོན་ཐོག་འཁྱོལ་བ་དམ་འཛིན། འགན་ལེན་དང་མཐུན་སྦྱོར་ཡག་པོ་དང་། ལྟ་སྐུལ་དང་དོ་དམ་ལ་ཤུགས་སྣོན་བྱས་ཏེ།  སྡོད་ཁང་གི་ཕྱིའི་རྣམ་པ་ལ་ཁྱད་ཆོས་དང་ལྡན་ཞིང་། ནང་གི་སྒྲིག་ཆས་རྣམས་དེང་རབས་ཅན་སྤྱོད་པ། ཕྱིའི་ཁོར་ཡུག་མཛེས་སྡུག་ལྡན་པ། སྤྱི་ཡིས་ཞབས་ཞུ་འདྲ་མཉམ་ཅན་ཞེས་པའི་ལས་ཀའི་རེ་བ་ནང་ལྟར།  གཏན་སྡོད་ཨར་ལས་འཛུགས་སྐྲུན་དེ་ནན་ཏན་དང་ནུས་ལྡན་གྱི་སྒོ་ནས་སྐུལ་འདེད་བྱས་པ་ཡིན། མིག་སྔར་ལྷ་རུ་སྡེ་པའི་གཏན་སྡོད་ཨར་ལས་ཀྱི་འཛུགས་སྐྲུན་ཐད་དོན་དངོས་ཐོག་མ་དངུལ་སྒོར༡༤༣༠༤༣༠༠འགྲུབ་པའི་ནང་འབྲོག་མིའི་གཏན་སྡོད་ཁང་པར་སྡེ་པའི་བྱ་འགུལ་ལྟེ་གནས་ལ་སྒོར༦༤༠༡༠༠བཏང་ཡོད། གཏན་སྡོད་ས་ཚུགས་སྒོར༧༧༣༥༠༠༠ནང་གི་ལམ་ལ་སྒོར༢༩༩༤༥༠༠།བཙོག་ཕུད་མ་ལག་ཐད་ལ་སྒོར༡༦༧༤༠༠བཏང་ཡོད། འཐུང་ཆུའི་བདེ་འཇགས་ཐད་ལ་སྒོར༣༩༢༩༠༠། མེ་འགོག་འཛུགས་སྐྲུན་ཐད་ལ་སྒོར་ཁྲི་ཚོ༨།  གད་སྙིགས་གནོན་འགེབ་བྱེད་སར་སྒོར་ཁྲི༤།  སྤྱིའི་གསང་སྤྱོད་ཁང་ལ་སྒོར་ཁྲི༦༨༠༠༠བཏང་ཡོད། དུད་ཚང༢༠ལདྲོད་ཁང་ལས་སར་སྒོར་མོ་འབུམ༥དང་ཁྲི༥བཅས་འགྲོ་སོང་བཏང་ཡོད་པ་དང་ཆབས་གཅིག་གཏན་སྡོད་བྱེད་ཡུལ་དེར་སྦྲ་གུར་ནང་གི་འཚོ་བ་གསར་པ་ལག་ལེན་བྱས་ཏེ་སྦྲ་གུར་ནང་གི་འཚོ་བའི་མཁོ་ཆས༩༡དང་།   དབྱིབས་གསར་རས་གུར༩༡བཀྲམ་ཅིང་འགྲེམ་ཚད་བརྒྱ་ཆ༡༠༠ཟིན་པ་དང་།  ཉི་ནུས་ཁྱེར་འདེའི་སྲུང་སྐར་གྱིས་ཐད་གར་གཏོང་བའི་གྲངས་ཀའི་འཕྲུལ་ཆས་ཀྱི་བརྙན་འཕྲིན་ཆ༦༥གནང་སྦྱིན་ཐོབ་ནས་ཚང་མ་ལ་རེ་རེ་སྤྲད་ཡོད། གཏན་སྡོད་བྱེད་ས་དེར་ས་བབ་གནས་ཡུལ་ཁྱད་དུ་འཕགས་པ་དང་། ཐོན་ཁུངས་ཕྱུགས་འདུས་ཡོད་པས། རྗེས་མཐུད་ཐོན་ལས་འཕེལ་ཕྱོགས་ཀྱི་འཆར་བཀོད་ནང་འབྲོག་པ་ཚོ་གཏན་སྡོད་བྱེད་ཐུབ་པ་དང་། འཕར་ཆག་མེད་པ། འཕེལ་རྒྱས་ཐུབ་པ། མགྱོགས་པ་ཕྱུག་པོར་འགྱུར་ཆེད་དུ་དུད་ཚང་གི་ཕྱུགས་ར་ཆེ་ཆུང་དང་། ཕྱུགས་ལས་ཐོན་སྐྱེད་ཚན་རྩལ་དཔེ་སྟོན་ར་བ། རྒྱུད་བཟང་འབྲི་གཡག་འཕེལ་གསོའི་གནས་གཞི་འཛུགས་རྒྱུ། དུས་ཐུང་འབྲི་གཡག་སྡོམ་གསོ་ར་བ་བཅས་ལག་བསྟར་བྱ་བའི་འཆར་གཞི་དང་མཉམ་དུ། ལུང་བསྟན་ཤང་གི་ཡུལ་སྐོར་ཐོན་ཁུངས་ལ་རྒྱབ་རྟེན་གཏན་སྡོད་པ་ཚོར་བོད་ཁྱིམ་སྐྱིད་པོ་དང་། ཡུལ་སྐོར་ཟོག་ཉོའི་ལྟེ་གནས།ཡུལ་སྐོར་གུང་གསེང་སྡེ་པ་སོགས་འཛུགས་པར་སྐུལ་འདེབས་དང་རོགས་སྐྱོར་བྱས་ཏེ་རིམ་བཞིན་ཐོན་ལས་སྤོ་བ་མངོན་གྱུར་བྱས་ཏེ་འབྲོག་པ་ཚོ་ལ་ཡོང་སྒོ་འཕེལ་ནས་ཕྱུག་པོར་གྱུར་ཏེ་གཏན་སྡོད་ལས་སྐྱིད་མངོན་ཤར་ཡོང་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད་དོ།། 

ལུང་བསྟན་ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།

ལུང་བསྟན་སྡེ་པ་དང་པོ་ལ་དུད་གྲངས་སམ་ཁྱིམ་ཚང༩༣མི་གྲངས༣༦༣ཡོད།

ལུང་བསྟན་རབ་འགོ་སྡེ་པ་ལ་དུད་གྲངས༡༢༣དང་མི་གྲངས༥༦༠ཡོད།

ལུང་བསྟན་ཤྭ་བོ་ལུང་སྡེ་པ་ལ་དུད་གྲངས༡༠༣དང་མི་གྲངས༥༡༡ཡོད།

ལའུ་ཐང་སྡེ་པ་ལ་དུད་གྲངས༦༣དང་མི་གྲངས༣༣༦ཡོད། ཝ་ཤེས་སྟོད་པའང་སྡེ་འདིའི་ཁོངས་སུ་གཏོགས་པར་བཤད། སྡེ་འདིའི་མིང་གི་རྣམ་གྲངས་ལ། ལའུ་ཐང་དང་། ལ་བར་ཐང་། ཆོས་ལུགས་མིང་ལ་ལས་དབང་ཐང་བཅས་ཟེར་སྲོལ་གསར་པའང་ཡོད་འདུག

རྒྱུག་སོ་གྲོང་སྡེ་པ་ལ་དུད་གྲངས༦༠དང་མི་གྲངས༣༡༩ཡོད། ཤང་དང་སྡེ་འདིའི་མིང་ལ་ལུང་འདུས་དང་། ལུང་བསྟན། ནགས་འགྲམ་པ་བཅས་འབོད་སྲོལ་ཡོད་ཀྱང་། ངས་བསྟས་ན་ལུང་པ་མང་པོ་འདུས་ཡོད་སའི་མདོ་ཞིག་ལ་ཆགས་ཡོད་པས་ལུང་འདུས་ཞེས་བརྗོད་ན་ལེགས་སྙམ་ཡང་རྗེས་རབས་པ་རྣམས་གྱིས་དཔྱད་པར་འཚལ།  འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་ཡུལ་ཤོག་དེའི་ལས་བྱེད་པ་རྒྱ་མོ་ཞིག་གིས་མཁོ་འདོན་བྱས་པ་ཡིན་ནོ།  །

གསེར་ཁ་ཡུལ་ཤོག་གི་གནས་ཚུལ་ངོ་སྤྲོད།

གསེར་ཁ་ནི་རྟའུ་རྫོང་གི་ཤར་ཕྱོགས་སུ་རུ་བ་རྣམས་བསྡད་ཡོད་ཅིང་། བ་སྨད་གྲོང་རྡལ་དང་། ལུང་བསྟན་ཡུལ་ཤོག   །ཤར་རོང་ཡུལ་ཤོག་དང་འབྲེལ་ཡོད་ལ། དར་མདོ་རྫོང་གི་ལྷ་སྒང་གྲོང་རྡལ་དང་། ཉག་ཆུ་རྫོང་གི་མི་བཟང་ཡུལ་ཤོག་བཅས་ཀྱི་འབྲེལ་མཚམས་སུ་ཐུག་ཡོད། ཡུལ་ཤོག་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༤༩༥ནང་ནགས་ཚལ་གྱི་རྒྱ་ཁྱོན་ལ་རྨི་བརྒྱད་ཁྲི་ཆིག་སྟོང་དང་། ནགས་ཚལ་རྒྱ་ཁྱོན་ལ་མུའུ༨.༡ཡོད། རྩྭ་སའི་རྒྱ་ཁྱོན་ལ་མུའུ༤༥༠༠༠༠ཡི་ནང་བེད་སྤྱོད་བྱེད་ཆོག་པའི་རྩྭ་ས་མུའུ༤༡༢༠༩༦ཡོད། མཚོ་འཕགས་སྨི༤༣༧༨དང་ཆེས་དམའ་སར་སྨི༣༡༤༢ཡོད། ཤང་སྲིད་གཞུང་གི་སྡོད་གནས་སུ་སྨི༣༣༨༠ཡོད། ཤང་ཡོངས་སུ་སྲིད་འཛིན་སྡེ་པ༦ལ་སྡེ་མིའི་ཚོ་ཆུང་༢༡ཡོད། ཏང་ཀྲི་པུའུ༧ལ་ཏང་མི༡༡༧ནང་དུ་གཏན་འཁེལ་མེད་པའི་ཏང་མི༢༦ཡོད། ཤང་ཡོངས་ལ་ད་སྐབས་མི་དང་ཁྱིམ་དེབ་གཉིས་ལྡན་པའི་དུད་ཚང༦༡༥ལ་མི་གྲངས༢༥༤༣ཡོད་པའི་ནང་ལུང་ཕུག་སྡེ་པ་ལ་དུད་ཚང༡༠༢ལ་མི་གྲངས༤༠༠དང་། གཡའ་རི་སྡེ་པ་ལ་དུད་ཚང༡༠༦ལ་མི་གྲངས༤༣༥ཡོད། གཙོག་འ་མ་སྡེ་པ་ལ་དུད་ཚང༦༧ལ་མི་གྲངས༢༥༢ཡོད། ལྕམ་པ་སྡེ་པ་ལ་དུད་ཚང༨༧ལམི་གྲངས༤༠༣ཡོད། ཚ་ཉག་སྡེ་པ་ལ་དུད་ཚང༩༦ལ་མི་གྲངས༢༨༥ཡོད། དགེ་ཤིས་མ་སྡེ་པ་ལ་དུད་ཚང༡༥༧དང་མི་གྲངས༧༧༨ཡོད་འགན་ལེན་ལྔའི་དུད་ཚང༡༤དང་། ཆེས་དམའ་བའི་འཚོ་བའི་འགན་ཁུར་ལེན་མཁན་དུད་ཚང༣༥༠ལ་མི་གྲངས༧༩༨དང་། ཆེས་དཀའ་ངལ་ཅན་རོགས་སྐྱོར་དངུལ་ལེན་མཁན་དུད་ཚང༡༦༣ལ་མི་གྲངས༦༤༨ཡོད། རྒན་པ་གསུམ་ཞེས་པར་མི་༡༣ཡོད། ཤང་ཡོངས་ལ་ཕྱུགས་ཟོག་ཁྱོན་བསྡོམས༢༠༥༢༥དང་། ཞིང་ས་རྨོ་སྐྱུར་ནགས་སྤེལ་བྱེད་ཡུལ་མུའུ༡༡༨༣དང་། ཕྱུགས་སྐྱུར་རྩྭ་སྤེལ་བྱེད་ཡུལ་མུའུ༢༦༠༠༠༠ཡོད། ཤང་གི་ཁོངས་སུ་རྙིང་མའི་དགོན་པ་བཞི་ཡོད་དེ། སྐུ་ནུབ་དགོན་པ་དང་། ར་ཤེལ་དགོན་པ། རྡོ་རྔ་དགོན་པ། བེ་ལོ་རི་ཁྲོད་ལ་གྲྭ་པ༡༣༠ཡོད་དེའི་ནང་དུ་སྤྲུལ་སྐུ༤དང་། ཕྱོགས་འཁྱམས་ཀྱི་གྲྭ་པ༣༤ཡོད་པར་བཤད། ཞེས་པ་འདིའི་རྒྱུ་ཆ་རྣམས་ནི་གསེར་ཁ་ཤང་སྲིད་གཞུང་གིས་སྤྱི་ལོ༢༠༡༢ལོར་ཁོ་བོ་ལ་སྦྱིན་པ་ལྟར་འདིར་བྲིས་པ་ཡིན་ནོ།   །

ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།

ཚྭ་ཉག་བ་སྡེ་པ་ལ་སྡེ་འདིའི་གནས་ཡུལ་གསེར་ཁ་ཤང་གི་ནུབ་ཕྱོགས་སུ་ཡོད་ཅིང་། ལྷ་ལྒང་ཤང་དང་ཉག་ཆུ་རྫོང་གི་མི་བཟང་ཤང་དང་འབྲེལ་ནས་ཡོད། སྡེ་པ་དང་ཤང་སྲིད་གཞུང་བར་ཐག་སྤྱི་ལེ་༢༢དང་། རྫོང་མཁར་བར་སྤྱི་ལེ༩༤ཡོད། སྡེ་པ་དེར་དུད་ཚང་༩༧ལ་མི་གྲངས༤༢༦ཡོད་པའི་ནང་དུ་ཕྱོགས་འཁྱམས་དུད་ཚང༥༢ལ་མི་གྲངས༢༦༦ཡོད། རྩྭ་རྨོ་སྐྱུར་གནས་སྤྲེལ་བྱེད་ཡུལ་ས་ཆ་མུའུ༡༤༧དང་།   ཕྱུགས་སྐྱུར་རྩྭ་སྤེལ་རྨི་ཁྲི་ལྔ་ཡོད། རྩྭ་སའི་རྒྱ་ཁྱོན་མུའུ༨༠༧༦༥དང་གྲངས་ཆུང༡༢ནང་དགུན་ས་མུའུ༡༠༠༧༥དང་གྲངས་ཆུང༡༢ཡོད། དབྱར་མཚེར་བྱེད་ས་ལ་མུའུ༧༠༦༩༠ཡོད།  སྡེ་པ་དེའི་ཆེས་མཐོ་ས་ནི་མཚོ་འཕགས་སྨིངོས་ལས་སྨི༤༣༧༨དང་། ཆེས་དམའ་ས་སའང་མཚོ་འཕགས་སྨི༣༥༠༠ཡིན་ལ། འབྲོག་པ་ཚོ་ནམ་རྒྱུན་འཚོ་ཡུལ་མཚོ་འཕགས་མཐོ་ཚད་སྨི༤༠༠༠ཡན་ཆད་ཡིན། སྡེ་པ་དེར་གྲོང་མིའི་ཚོ་ཆུང༤དང་། ཏང་ཀྲི་པུའུ༡ལ་ཏང་མི༢༡ཡོད་པའི་ནང་ཕྱོགས་འཁྱམས་ཏང་མི༣དང་། འགན་ལེན་ལྔའི་ཏང་མི་ལྔ། ཆེས་དམའ་བའི་འཚོ་བའི་འགན་ལེན་གྱིས་རོགས་སྐྱོར་བྱེད་ཡུལ་མི༡༨༠བཅས་ཡོད། རྙིང་མའི་དགོན་པ་ཞིག་ལ་གྲྭ་པ༦༨ཡོད་པའི་ནང་ཕྱོགས་ཐོན་གྲྭ་པ༤༢དང་། སྤྲུལ་སྐུ་གཉིས། རྒན་པ་གསུམ་ཟེར་བའི་མི༥ཡོད།  གཞན་ཡང་སྡེ་པ་འདི་ལ་མི་བསད་སོགས་ཀྱི་གྱོད་དོན་མི་ཤ་ཉི་ཤུ་རྩ་གཉིས་ཙམ་ཡོད་ཀྱང༢༠༡༣ལོར་མི་ཉག་བར་འདུམ་ཚོགས་པས་གྱོད་བཤད་ནས་འགྲིག་བྱེད་ཐབས་ཐོན་པ་ཡིན་ནོ།  །ཞེས་པ་འདི་ནི༢༠༡༤ལོར་མི་ཉག་བར་འདུམ་ཚོགས་པའི་བླ་སྤྲུལ་རྣམས་ཀྱིས་གསུངས་པ་ལྟར་བྲིས་པའོ།  །

དགེ་ཤིས་མ་སྡེ་པ་ནི་གསེར་ཁ་ཤང་གི་ཤར་ལྷོའི་ཕྱོགས་སུ་ཡོད་ཅིང་། སྡེ་པ་དང་ཤང་སྲིད་གཞུང་བར་སྤྱི་ལེ༡༠དང་། རྫོང་མཁར་བར་སྤྱི་ལེ༨༤ཡོད། སྡེ་པ་དེར་དུད་ཚང༡༧༤དང་མི་གྲངས༨༧༢ཡོད། ཞིང་རྨོ་སྐྱུར་ནགས་སྤེལ་བྱེད་ཡུལ་ལ་ས་ཆ་མུའུ༡༢༠༧དང་གྲངས་ཆུང༥ཡོད། རྩྭ་སའི་རྒྱ་ཁྱོན་ལ་མུའུ༨༥༦༦༢ཡོད། མིག་སྔར་སྡེ་དེར་སློབ་མ༡༢ཡོད་པའི་ནང་སློབ་ཆུང་སློབ་མ༡༡དང་། ཆེད་སྦྱོང་སློབ་ཆེན་སློབ་མ་གཅིག་ཡོད། རྒན་པ་གསུམ་ཟེར་བའི་མི༣ཡོད། ཏང་ཡོན༢༧ཡོད། དབུལ་ཕོངས་དུད་ཚང་ལ་མི་གྲངས༡༤༥ཡོད། ཆེས་དམའ་བའི་འཚོ་བའི་འགན་ཁུར་ལེན་མཁན་དུད་ཚང༨༦ལ་མི་གྲངས༡༨༢ཡོད། འགན་ལེན་ལྔའི་དུད་ཚང༨ཡོད། རྙིང་མ་དགོན་པ་ལ་དོ་དམ་ཨུ་ལྷན་གྱི་གཙོ་འགན་པ་སྐལ་བཟང་དར་རྒྱས་དང། གཞོན་པ་བློ་ལྡན་མཁན་པོ་དང་ཨ་ལྟག་གཉིས་ཡིན། གྲྭ་པ༩༦དང་། ཇོ་མོ༡༧ཡོད། སྡེ་དེར་འཕྲུལ་རྟ༨༠ཡོད། ༢༠༡༡ལོར་མི་རེར་ཆ་མཉམ་གྱི་ཡོང་སྒོ་གཙང་མ་སྒོར༡༩༨༠ཡིན་ཟེར། ཕྱུགས་ཟོག་ཆེ་ཆུང་ཁྱོན་བསྡོམས༣༠༠༠ཡོད་པའི་ནང་སྒོ་ཟོག༢༡༠༠། རྟ་ཆེ་ཆུང༩༠༠ཡོད་པར་བཤད། སྡེ་པ་འདིའི་མིང་དགེ་ཤིས་མ་དང་དགུ་བཤས་མ། དགུ་ཤེས་མ་བཅས་ཟེར་སྲོལ་ཡོད། དེང་སང་གི་སྡེ་དཔོན་སྒོ་འཛུ་ཤེས་རབ་ཡིན། སྡེ་འདིའི་མི་ཚང་མས་ཁོ་མི་དྲང་མོ་ཞིག་ཡིག་ཡིན་ཞེས་བཤད་དོ།།

ལུང་ཕུག་སྡེ་པ་ནི་འབྲོག་ལས་གཙོ་གཉེར་བྱེད་མཁན་གྱི་སྡེ་པ་ཞིག་ཡིན།   གསེར་ཁ་ཤང་གི་ནུབ་ཕྱོགས་སུ་རུ་བ་རྣམས་བསྡད་ཡོད་པ་དང་།  ལུང་བསྟན་ཤང་གི་ས་མཚམས་སུ་འདྲེས་ནས་བསྡད་ཡོད།  ས་ཆ་དེའི་ཁོངས་གཏོགས་ནི་ སྐྱོར་ཡོང་ཁ་རྩྭ་ཐང་དང་།    མན་ཌལ་ལ་ཁའི་རྩྭ་ཐང་།  བྲག་ཤུར་གནས་རི་བཅས་ཡོད།   སྡེ་པ་འདི་ནི་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ༢༥ཡོད།  སྤྱིར་སྡེ་པ་ཡོངས་ལ་ཁྱིམ་ཚང༡༡༢དང་མི་གྲངས་ཁྱོན༤༤༦ཡོད་ཅིང་།  ངལ་རྩོལ་བྱེད་ཐུབ་མཁན་གྱི་མི་གྲངས་ནི༢༥༤ཡོད་པ་དང་།   དབང་པོ་སྐྱོན་ཅན་མི་གྲངས༨བཅས་ཡོད།   ཕ་མ་མེད་མཁན་གྱི་དྭ་ཕྲུག་ཁྱིམ་ཚང༡༨ཡོད་པ་རེད།  འདུས་སྡོད་བྱེད་སའི་ས་ཆ་གཙོ་བོ་འདུག་གནས་ནི་ལས་སོ་བ་ཞེས་པ་དེ་ཡིན།  སྡེ་དེར་དུད་ཚང་༧༦ཡོད་པ་དང་། བ་སྨད་ན་དུད་ཚང༩དང་།  གནས་སྤོར་བྱེད་མཁན་གྱི་དུད་ཚང་༡༠ཡོད།  གཏན་ནས་གནས་སྤར་ནས་སོང་ཟིན་པའི་དུད་ཚང་རྣམས་ནི་ལྷ་ས་དང་། སེར་ཤུལ། སྡེ་དགེ། རྔ་བ་ཁུལ་གྱི་རྐ་ཆུ་རྫོང་གི་སྤྲ་ཆེན་དང་རྨེ་བ་སོགས་ལ་གནས་སྤོས་ནས་འཚོ་སྡོད་བྱས་ཡོད།  ཏང་ཀྲི་པུའུ་ཡི་ཏང་ཡོན༡༩དང་།  གཏན་ཁེལ་མ་བྱས་པའི་གྲ་སྒྲིག་ཏང་ཡོན༢དང་། འགན་ལེན་ལྔའི་དུད་ཚང༣དང་། རྒན་པ་གསུམ་ཟེར་བའི་ལས་བྱེད་པ༢ཡོད།  སྡེ་དཔོན་གྱི་ལས་སྣེ ་ལས་བུད་པའི་མི་གྲངས ༤༣དང་།  བདག་སྐྱོང་བྱེད་སའི་མི་གྲངས༡༢༡ བཅས་ཡོད་པ་རེད།   སྡེ་པའི་འཚོ་བ་གཙོ་བོ་ནི་ཕྱུགས་ལས་ལ་བརྩོན་པ་མ་ཚད།   ད་དུང་དབྱར་རྩྭ་དགུན་འབུ་དང་རྩྭ་སྨན་སོགས་ལ་བརྟེན་ནས་དཔལ་འབྱོར་གྱི་ཡོང་ཁུངས་འཚོལ་བ་ཡིན་ནོ།།

གཡར་རུ་མ་སྡེ་པ་ནི་གཡའ་རི་མ་སྡེ་པའམ་གཡར་རུ་སྡེ་པ་འདི་ནི་ཤང་སྲིད་གཞུང་གི་བྱང་ཕྱོགས་སུ་གནས་ཡོད་ལ། སྡེ་པ་དང་ཤང་སྲིད་གཞུང་བར་ཐག་ལ་སྤྱི་ལེ༢༥དང་། རྫོང་མཁར་བར་ལ་ཐག་རིང་ཐུང་སྤྱི་ལེ༨༥ཡོད། སྡེ་དེར་དུད་ཚང༡༡༤དང་མི་གྲངས༥༤༥ཡོད། ཞིང་རྨོ་སྐྱུར་ནགས་སྤེལ་བྱེད་ཡུལ་ལ་མུའུ༡༥༤ཡོད། སློབ་གྲྭའི་ནང་སློབ་མ༣༢ཡོད། ཏང་མི༩ཡོད། དབུལ་ཕོངས་དུད་ཚང༦༣ལ་མི་གྲངས༢༣༡ཡོད། འགན་ལེན་ལྔའི་དུད་ཚང༣༢ཡོད། གྲྭ་པ༩དང་ཇོ་མོ༣ཡོད། དབྱིབས་ཆེན་དོས་སྐྱེལ་རླངས་འཁོར༢དང་། དབྱིབས་ཆུང་རླངས་འཁོར་གྱི་རིགས༤ཡོད། ༢༠༡༡ལོར་ཆ་མཉམ་བྱས་ན་མི་རེར་ཡོང་སྒོ་སྒོར་མོ༢༢༠༠ཡོད་པ་ཡིན་ནོ།།

གཙོག་འ་མ་སྡེ་པ་ནི་ཤང་དེའི་ནུབ་རྒྱུད་དུ་གནས་ཡོད་ཅིང་། སྡེ་པ་དང་ཤང་སྲིད་གཞུང་གི་བར་དུ་སྤྱི་ལེ༡༨ཡོད། སྡེ་པ་དེར་སྡེ་མིའི་ཚོགས་ཆུང་གཉིས་ཡོད། སྡེ་པར་ཁྱོན་དུད་གྲངས༧༠ལ་མི་གྲངས༢༧༤ཡོད། མི་དེ་དག་གི་ནང་དུ་ལས་ཐུབ་མི་སྣ༡༠༣དང་། དབང་པོ་སྐྱོན་ཅན་མི་བརྒྱད། དྭ་ཕྲུག་གཉིས་བཅས་སོ།  །སྡེ་ཡོངས་ལ་གུང་ཁྲན་ཏང་མི༡༥དང་ཏང་ཞུགས་ཧུར་བརྩོན་པ་མི་གཅིག་ཡོད། སྡེ་པ་དེར་འགན་ལེན་ལྔའི་མི༦དང་། རྒན་པ་གསུམ་ཟེར་བའི་མི༢ཡོད།  ཆེས་དམའ་བའི་འཚོ་བའི་འགན་ལེན་རིགས་དང་པོ་ལེན་མཁན་དུད་གྲངས༢༣ལ་མི་གྲངས༦༨དང་། ཆེས་དམའ་བའི་འཚོ་བའི་འགན་ལེན་རིགས་གཉིས་པ་ལེན་མཁན་དུད་གྲངས༡༣ལ་མི་གྲངས༢༣ཡོད། དབུལ་ཕོངས་གསོ་སྐྱོང་བྱེད་རྒྱུར་དངུལ་ལོངས་སྤྱོད་བྱེད་མཁན་མི་གྲངས༩༡ཡོད།  སྡེ་པ་ཡོངས་སུ་གྲྭ་པ༢༠དང་ཇོ་མོ༢ཡོད། ༢༠༡༢ལོར་སྡེ་དེའི་ནང་རྒན་གསོའི་ཉེན་འགོག་ནང་ཞུགས་མཁན་མི༥༡ཡོད་པའི་ནང་མི༢༦གིས་རྒན་གསོའི་ཉེན་འགོག་སྒོར་མོ་ལོངས་སུ་སྤྱོད་གཞིན་ཡོད། ས་དེར་རྨོ་དོར་ནགས་སྤེལ་བྱེད་ཡུལ་མུའུ༦༥དང་། བེད་སྤྱོད་བྱེད་ཆོག་པའི་རྩྭ་ས་མུའུ༥༧༢༩.༡༢ཡོད་ལ་སའི་ནང་དུ་དགུན་དཔྱིད་ཀྱི་རྩྭ་ས་མུའུ༢༥༥༣༣༡.༢དང་། དབྱར་སྟོན་གྱི་རྩྭ་ས་མུའུ༣༡༢༦༥ཡོད། ཕྱུགས་ཟོག་གི་ཁྱོན་གྲངས༢༡༠༨ཡོད་པ་ཡིན་ནོ།།

ལྕམ་པ་སྡེ་པ་ལ་ཁྱོན་དུད་གྲངས༡༡༤དང་མི་གྲངས༤༨༢ཡོད། རྩྭ་སའི་རྒྱ་ཁྱོན་ལ་མུའུ༥༨༦༢༠༠ཡོད། རྨོ་དོར་ནགས་སྤེལ་བྱེད་ཡུལ་ལ་མུའུ༡༠༥ཡོད། ཕྱུགས་དོར་ནགས་སྤེལ་བྱེད་སར་མུའུ༦༨༨༠༠ཡོད། ཏང་མི༡༧དང་། རྒན་པ་གསུམ་ཟེར་བའི་མི་གཅིག་དང་། འགན་གསུམ་ལས་བྱེད་པ་མི་གཉིས། འགན་བཞི་ལས་བྱེད་པ་མི༣ཡོད། དབང་པོ་སྐྱོན་ཅན་མི་བཅུ་གཅིག། འགན་ལེན་ལྔའི་མི་སྣ་བཞི་བཅས་ཡོད། སྡེ་དེར་ཆེས་དམའ་བའི་འཚོ་བའི་འགན་ཁུར་ལེན་མཁན་དུད་གྲངས༥༨ལ་མི་གྲངས༡༦༠ཡོད་པའི་ནང་དུ། འགན་ལེན་རིགས་དང་པོ་ལེན་མཁན་དུད་གྲངས༢༧ལ་མི་གྲངས༨༤དང་། འགན་ལེན་རིགས་གཉིས་པ་ལེན་མཁན་དུད་གྲངས༣༡ལ་མི་གྲངས༧༦ཡོད། སྡེ་དེར་དབུལ་ཕོངས་དུད་ཚང༤༢ལ་མི་གྲངས༡༢༤ཡོད། སྡེ་དེར་རྙིང་མའི་དགོན་པ་ཞིག་ཡོད་དེའི་མིང་ལ་ཉི་འོད་དགོན་པའམ། མིང་དངོས་ནི་ཁུ་ཁྱུ་རྡོ་རྔ་དགོན་པ་ཞེས་འབོད་སྲོལ་ཡོད།  དགོན་པ་དེ་ཐོག་མར་སྤྱི་ལོ༡༧༡༠ལོར་དོམ་ལུང་སྤྲུལ་སྐུས་གསར་དུ་བཞེངས་བར་བཤད། ད་སྐབས་དགོན་པ་དེར་སྤྲུལ་སྐུ་གསུམ་ཡོད་ཟེར། ལྕམ་པ་སྡེ་པར་སྒོ་ཕྱུགས་ཁྱོན་གྲངས༣༧༩༢ཡོད་པའི་ནང་། ཟོག་ནག༢༧༤༡དང་རྟ་ཆེ་ཆུང༧༠༠ལུག་ཆེ་ཆུང༣༥༡བཅས་ཡོད། རླངས་འཁོར་ཆེན་པོ་གཅིག་དང་། འཕྲུལ་རྟ་འཁོར་ལོ༡༡༢ཡོད། སྡེ་ཡོངས་ལ་སློབ་མ༣༥སློབ་ཆུང་སློབ་མ༢༧དང་། དམའ་འབྲིང་སློབ་མ་གསུམ། མཐོ་འབྲིང་སློབ་མ་བཞི། དགུ་ཐོག་གསུམ་སྣོན་སློབ་མ་གཅིག་བཅས་ཡོད། སྡེ་འདིའི་མིང་ལ་ལྕམ་པ་སྟོད་པའི་སྡེ་པའང་ཟེར་སྲོལ་ཡོད། དེ་ཟེར་དགོས་དོན་ནི་ལྕམ་པ་སྨད་པའི་སྡེ་པ་ནི་ལྷ་སྒང་ཡུལ་ཤོག་གི་སྡེ་པ་ཞིག་གི་མིང་ཡིན།  འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ་༢༠༡༣ལོའི་ཟླ་༨པའི་ནང་དུ་ཡུལ་ཤོག་དེའི་ཧྲུའུ་ཅི་དོན་འགྲུབ་དང་ཚེ་རིང་ནད་མེད་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

མགར་ཐར་ཡུལ་ཤོག་གི་གནས་ཚུལ་མདོར་བསྡུས།

དེ་ཡང་མགར་ཐར་ཤང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་གི་ས་ཆའི་རྒྱུད་དུ་གནས་ཤིང་།  ཤར་གཞུང་གི་ཐིག༡༠༡དང་། བྱང་གི་འཕྲེད་ཐིག༣༠ཡི་བསྣལ་མཚས་སུ་གནས་ལ། ཡུལ་སྐོར་ནུབ་འཁྱིལ་ཐིག་གི་ས་ཁུལ་དུ་གནས་ཡོད།  རྟའུ་རྫོང་དང་བར་ཐག་སྤྱི་ལེ༩༠ཡོད་ལ། ཤར་ལྷོ་བྱང་སོ་སོ་ནི་དར་མདོ་དང་རོང་བྲག ལུང་བསྟན་སོགས་དང་འབྲེལ་ཡོད། ས་དབྱིབས་ནི་ཕྱོགས་བཞི་ལ་རི་མགོ་མང་པོས་སྐོར་ཞིང་། དཀྱིལ་ནི་མེ་ཏོག་གི་རྣམ་པ་བཞིན་མཐོ་སྒང་ཁྲོད་ཀྱི་གཤོང་ས་ཞིག་ཡིན།  མཚོ་འཕགས་སྨི༣༦༠༠ཡིན། སྲིད་འཛིན་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ༣༤༠དང་གྲངས་ཆུང༥ཡོད།  ས་ཞིང་རྒྱ་ཁྱོན་ལ་མུའུ༡༠༠༡༥ཡོད། ནགས་ཚལ་རྒྱ་ཁྱོན་ལ་སྤྱི་ཆིང༣༡༣༣དང་གྲངས་ཆུང༥ཡོད། རྩྭ་ཐང་རྒྱ་ཁྱོན་ལ་རྨི་ཁྲི༢༩ཡོད་ཅིང་། ཞིང་སྐྱུར་ནགས་སྤེལ་བྱེད་ས་རྒྱ་ཁྱོན་མུའུ༥༠༣༣དང་གྲངས་ཆུང༨ཡོད། སྒོ་ཕྱུགས་རྟ་ཟོག་ཁྱོན་བསྡོམས༡༨༨༢༩ཡོད། མགར་ཐར་ཤང་ཡོངས་ལ་སྲིད་འཛིན་སྡེ་པ་དྲུག་ཡོད་པ་ལས་དེ་ལས་གཅིག་ནི་འབྲོག་ལས་རྐྱང་པའི་སྡེ་པར་གཏོགས་ཤིང་།  དེ་དག་སོ་སོ་ནི་ཚོང་རའི་སྡེ་ཁག་གི་སྨད་སྡེ་དང་པོ་དང་།  སྨད་སྡེ་གཉིས་པ།  ཞིང་སྟོད་སྡེ་པ། འབྲོག་སྡེ་སྟོད་པ་བཅས་སྡེ་པ་དྲུག་ཡོད།  ཤང་ཡོངས་ལ་ད་ལྟ་ལས་ཞུགས་པ་དང་ལས་བཟོ་པ་མི༢༣ཡོད་པ་དང་།   དེའི་ནང་གི་སྲིད་འཛིན་ལས་ཞུགས་པ་མི་དགུ་དང་། ལས་དོན་ལས་ཞུགས་པ་མི་ལྔ། སྲིད་འཛིན་ངལ་ལས་པ་མི་གཉིས་དང་། བྱ་བཞག་ལས་བྱེད་པ་མི་གཉིས་ཡོད། སྡེ་གཅིག་ལ་སློབ་ཆེན་སློབ་མ་ལྔ། ཏང་ཀྲི་པུའུ་བདུན་ཡོད། དེའི་ཁྲོད་ཀྱི་ལས་ཁུངས་ཀྱི་ཏང་ཀྲི་པུའུ་གཅིག་དང་། སྡེ་པའི་ཀྲི་པུའུ༦། ཏང་ཡོན༡༡༧དེ་ལས་ལས་ཁང་ཏང་ཡོན་མི༡༦ཡོད། གྲ་སྒྲིག་ཏང་ཡོན༦ཡོད། ཞིང་སྡེའི་ཏང་ཡོན་མི༩༥བཅས་ཡོད། ཤང་སྤྱིའི་མི་འབོར་ཁྱོན་བསྡོམས་གྲངས༢༥༧༧ཡོད། ཤང་ཡོངས་ལ་དུད་ཚང༥༦༠ཡོད། དེའི་ཁྲོད་དུ་ཞིང་སྡེའི་འགན་ལེན་མཉམ་ལས་སྨན་བཅོས་ནང་དུ་ཞུགས་མཁན་མི༣༣༥༢ཡོད། དབུལ་ཕོངས་དུད་ཚང་དུད་གྲངས༥༠༤ཡོད་ལ། ཁྱོན་བསྡོམས་ཀྱི་མི་གྲངས༨༥༡ཡོད། འགན་ལེན་ལྔའི་མི༢༠ཡོད། ཆེས་དམའ་བའི་འཚོ་བའི་འགན་ཁུར་ལེན་མཁན་དུད་ཚང༡༣༡ལ་མི་གྲངས༥༣༦ཡོད། མི་རེར་ཆ་མཉམ་གྱི་ཡོང་སྒོའི་སྒོར་མོ༦༩༣ནས༩༥༨བར་ཡིན་ཟེར། དཀའ་ངལ་ཅན་གྱི་ཁྱིམ་ཚང༡༡༤དང་མི་གྲངས༥༩༠ཡོད། ཞིང་ལས་ལ་ལོ་གཅིག་གི་དཔལ་འབྱོར་གྱི་ཡོང་སྒོ་སྒོར་མོ་ཁྲི་ཚོ༦༢༧དང་གྲང་ཆུང༣ཡིན། ཞིང་ལས་གྱི་སྐྱེ་དངོས་ཐོན་རྫས་གཙོ་བོ་འབྲུ་རིགས་ནི་ནས་དང་གྲོ། ཞོག་ཁོག་སྲན་རིལ་བཅས་ཡིན། ཞིང་རྨོ་འདེབས་བྱེད་ས་རྒྱ་ཁྱོན་མུའུ༨༠༣༥དང་གྲངས་ཆུང༧ཡོད། སྲན་རིལ་གྱི་ས་ཞིང་རྒྱ་ཁྱོན་ལ་མུའུ༢༡༦དང་། ཞོག་ཁོག་གི་རྒྱ་ཁྱོན་ལ་མུའུ༡༤༢༥ཡོད། སྣུམ་ཚལ་རྒྱ་ཁྱོན་ལ་མུའུ༡༠༠ཡོད། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཡོང་སྒོའི་ཚད་སྒོར་མོ༢༡༤༠ཡིན། ཤང་ཡོངས་ཀྱི་འབྲོག་སྡེ་སྟོད་པ་མང་ཚོགས་ཀྱི་སྡོད་ཁང་ཐག་གཅོད་བྱེད་སའི་དུད་ཚང༢༠ལ་ཁང་གསར་གསར་སྐྲུན་བྱེད་དགོས།   ༣༣ཡི་ཁང་པ་ལ་བཟོ་བཅོས་དང་གསར་བསྐུན་བྱ་དགོས།  སྡེ་པར་བྱ་འགུལ་བྱེད་སའི་ཁང་པ་གཅིག་བརྒྱབ་ཡོད། སྤྱིའི་འཛུགས་སྐྲུན་བྱེད་སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༢༠༠ཡོད། ད་དུང་སྨད་པ་སྡེ་པ་དང་པོ་ལ་གཞུང་ལམ་སྤྱི་ལེ༣ལྷག་ཅན་ཞིག་དང་། སྨད་པའི་སྡེ་པ་གཉིས་པ་ལ་ཟམ་ཆུང་གཉིས་དང་། ཟམ་འབྲིང་གཅིག་ཞིང་སྟོད་སྡེ་པ་ལ་ཟམ་འབྲིང་གཅིག་སོགས་འཛུགས་སྐྲན་བྱེད་དགོས་པ་ཡིན་ནོ།།

ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།

མགར་ཐར་ཡན་ཆོད་ཁ་སྡེ་པ་ལ་དུད་གྲངས༡༢༡དང་མི་གྲངས༥༤༠ཡོད་།

མགར་ཐར་མན་ཆོད་ཁ་སྡེ་ཁག་དང་པོ་ལ་དུད་གྲངས༡༣༢དང་མི་གྲངས༥༤༦ཡོད།

མགར་ཐར་མ་ཆོད་ཁ་སྡེ་ཁག་གཉིས་པ་ལ་དུད་གྲངས༨༡དང་མི་གྲངས༤༡༧ཡོད།

མགར་ཐར་ཆགས་ནང་སྡེ་པ་ལ་དུད་གྲངས༨༡དང་མི་གྲངས༤༡༧ཡོད།

མགར་ཐར་ལ་ཁ་སྡེ་པ་ལ་དུད་གྲངས༤༥དང་མི་གྲངས༢༤༥ཡོད།

ཕག་རྫི་གྲོང་སྡེ་པ་ལ་དུད་གྲངས༡༠༠དང་མི་གྲངས༤༨༩ཡོད་དོ།  །གཞན་ཡང་འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་ཡུལ་ཤོག་དེའི་ཧྲུའུ་ཅི་གཞོན་པ་ཟླ་བ་སྒྲོལ་མ་ སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ། ། 

བ་སྨད་གྲོང་རྡལ་གྱི་ངོ་སྤྲོད་མདོར་བསྡུས།

དཀར་མཛེས་ཁུལ་རྟའུ་ཁོངས་གཏོགས་ཀྱི་བ་སྨད་གྲོང་རྡལ་ནི་རྟའུ་རྫོང་གི་ཤར་ལྷོའི་ཕྱོགས་སུ་གནས་ཤར་ཕྱོགས་མཁར་ཐར་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་གསེར་ཁ་ཤང་དང་དར་མདོ་རྫོང་གི་ལྷ་སྒང་ཤང་དང་ཁྱིམ་མཚེས་ཡིན་ཞིང་། ནུབ་བྱང་ལུང་བརྟན་ཤང་དང་ས་མཚམས་ཡིན་ལ། གྲོང་རྡལ་དེ་ནི་སི་ཁྲོན་ནུབ་རྒྱུད་ཡུལ་སྐོར་བྱེད་སའི་འགྲོ་ལམ་དང་། དཀར་མཛེས་ཁུལ་གྱི་ཆུ་ཚོད་གཉིས་རིང་ལ་རི་བོ་གངས་དཀར་མཐའ་སྐོར་ལྗོངས་རྒྱུ་བྱེད་སའི་དཔལ་འབྱོར་ཚོང་རའི་ནང་གི་ཡུལ་སྐོར་སྤྲོ་བསེང་བྱེད་སའི་གྲོང་རྡལ་ཞིག་ཀྱང་ཡིན། རྫོང་དེའི་སྲོག་ཤིང་གྲོང་སྡེའི་ནང་གི་རིམ་པ་དང་པོ་ཡང་ཡིན། རྫོང་གི་གནས་ཡུལ་ཉི་མཚོའི་བར་སྤྱི་ལེ༧༨ཡོད།  བ་སྨད་ནས་རང་སྐྱོང་ཁུལ་གྱི་ལྟེ་གནས་དར་མདོའི་བར་དུ་སྤྱི་ལེ༡༤༥ཡོད་ཅིང་།  རྟའུ་རྫོང་གི་བར་ལ་སྤྱི་ལེ༧༨ཡོད། མངའ་ཁོངས་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༢༡༦་༤ཡོད།  མཚོ་འཕགས་སྨི༣༥༠༢་༢༩ཡིན། ལོ་རེའེ་ཆ་མཉམ་དྲོད་ཚད་ནི་ཏུའུ༤.༦ཡིན། མཐོ་སྒང་གི་དྲོ་གྲང་གཉིས་ལྡན་གྱི་གནམ་གཤིས་ཡིན་པས།ལོ་རེར་སད་མེད་ནམ་དུས་ཉིན༦༠ནས༧༠བར་ལས་མེད།  ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི༩༥༠ལས་མེད། ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་མུའུ༡༤༦༡༩་༣ཡོད་ལ།  རྒྱུན་དུ་གཏན་ཁེལ་གྱི་རྨོ་འདེབས་བྱེད་སར་མུའུ༨༠༠༠ལས་མེད།གཙོ་བོ་འབྲུ་རིགས་རྨོ་རྒྱུ་ནི། ནས་དང་། གྲོ། ཞོག་ཁོག་རྒྱ་སྲན་སྤུ་སྲན།  ཡུག་པོ་བཅས་རྨོ་འདེབས་བྱེད་རྒྱུ་རེད།ཞིང་དོར་ནགས་སྤེལ་བྱེད་ཡུལ་མུའུ༥༥༡༠དང་ནགས་རྒྱ་ཁྱོན་ལ་མུའུ༥༥༦༤༡ཡོད་ལ།  རྩྭ་སྐྱེས་སའི་ཐང་རྨི་ཉིས་འབུམ་ལྔ་ཁྲི་ཡོད།  གྲོང་རྡལ་གྱི་མངའ་ཁོངས་སུ་དགོན་པ་ལྔ་ལ་གྲྭ་པ་མང་པོ་ཡོད། དེའི་ནང་ནས་རྙིང་མའི་ཆོས་བརྒྱུད་ཀྱི་སྐྱིད་སྣང་དགོན་པ་དང་།  སྲིབ་ལུང་དགོན་པ།  ས་སྐྱ་པའི་ས་མཁར་དགོན་པ།  དགེ་ལུགས་པའི་ཆོས་བརྒྱུད་མགར་ཐར་དགོན་པ།  བོན་པོའི་ཆོས་བརྒྱུད་ཀྱི་སྟོན་པ་རང་འགྲུབ་དགོན་པ་བཅས་ཡོད།  དེའི་མངའ་ཁོངས་སུ་སྤོ་སྐྱོད་ཀྱི་རྨང་གཞིའི་ས་ཚུགས༤དང་། རྒྱལ་ཁབ་ཀྱི་འབྲེལ་མཐུད་རྨང་གཞིའི་ས་ཚུགས༣བཙུགས་ཡོད། གྲོང་རྡལ་གྱི་གཞུང་ལམ་འགྲམ་དང་། ས་ཁུལ་ཁ་ཤས་ལ་སྤོ་སྐྱོད་དང་འབྲེལ་མཐུད་ཀྱི་དྲྭ་བས་ཁེབས་ཡོད།  གྲོང་རྡལ་གྱི་མངའ་འོག་ཏུ་སྲིད་འཛིན་སྡེ་པ༨དང་ཡུལ་མིའི་ཨུ་ལྷན་གཅིག་ཡོད།  དེའི་ནང་དུ་འབྲོག་རྐྱང་སྡེ་པ་གཅིག་ཚུད་ཡོད།  གྲོང་རྡལ་ཡོངས་ལ་དུད་ཚང༡༢༠༦ཡོད།  མི་གྲངས༥༣༣༥ཡོད་ལ་དེའི་ནང་ཞིང་ལས་པའི་དུད་གྲངས༡༠༤༤ལ་མི་གྲངས༤༠༡༧ཡོད། གྲོང་རྡལ་ནང་དུ་འགན་ལེན་ལྔའི་མི་གྲངས༡༨དང་། དམག་དང་དཔའ་འདས་ཀྱི་ཁྱིམ་པ་དུད་ཚང་གཅིག་ལ་མི་གྲངས༦ཡོད། རྒན་པ་གསུམ་ཞེས་པར་མི༢༦ཡོད། གྲོང་རྡལ་ཡོངས་སུ་ཏང་ཀྲི་པུའུ༡༠ལ་ཏང་མི༡༨༩ཡོད། དེའི་ནང་ལས་ཁུངས་ཀྲི་པུའུ་ལ་ཏང་མི༢༠དང་། བུད་མེད་ཏང་ཡོན༦ཡོད། གྲོང་རྡལ་སྲིད་གཞུང་ལས་ཁུངས་ལ་བཟོ་པ༢༠ནང་གཞུང་ཞབས་པ༡༢དང་། བྱ་གཞག་པ་གཉིས། སྲིད་འཛིན་བཟོ་པ་གཅིག སྡེ་གཅིག་སློབ་ཆེན་གཅིག་ཟེར་བའི་མི༥ཡོད། དེའི་ནང་དུ་ཕོ༡༠དང་མོ༡༠།འབྲིང་རིམ་ཆེད་སྦྱོང་ཡན་ཆད་ཀྱི་སློབ་སྦྱོང་གི་ལོ་རྒྱུས་ཡོད་མཁན་མི༢༣ཡོད་ཅིང་། ལོ་ཚད་འདྲ་མཉམ་བྱས་ན་ལོ༢༩དང་གྲངས་ཆུང༥ལ་ཟིན་ཡོད། གྲོང་རྡལ་གྱི་ཁོངས་སུ་སློབ་གྲྭ༣ལ་དགེ་རྒན༤༧གྱི་ནང་ཕོ༢༡དང་། མོ༢༦ཡོད་ལ། དེའི་ནང་ཆེད་སྦྱོང་ཡན་ཆད་ཀྱི་སློབ་སྦྱོང་གི་ལོ་རྒྱུས་ཡོད་མཁན་མི༤༣ཡོད། ཚང་མ་འདྲ་མཉམ་བྱས་ན་ལོ་ཚད༢༨ལ་ཟིན་ཡོད། སློབ་གྲྭར་སློབ་མ༥༥༦ཡོད། དེའི་ནང་སློབ་ཆུང་སློབ་མ༣༩༣ཡོད། གྲོང་རྡལ་ཡོངས་ལ་ཞིང་སྡེའི་ཆེས་དམའ་འཚོ་བའི་འགན་རིགས་དང་པོ་ལེན་མཁན་དུད་ཚང༧༩ལ་མི་གྲངས༡༡༢དང་། ཨང་གཉིས་པར་དུད་ཚང༤༨༤ལ་མི་གྲངས༥༩༢ཡོད། གྲོང་རྡལ་ཡོངས་ལ་དབུལ་ཕོངས་དུད་ཚང༡༨༣ལ། མི་གྲངས༨༡༠ཡོད་ཅིང་། དཀའ་ངལ་ཁྱད་པར་ཅན་ཡོད་པའི་ཁྱིམ་ཚང༡༣༠ལ་མི་གྲངས༤༩༦ཡོད།  སྤྱི་ལོ༢༠༡༢ལོར་ཞིང་སྡེའི་མཉམ་ལས་སྨན་བཅོས་གསར་པའི་འགན་ལེན་ནང་ཞུགས་མཁན་ཁྱིམ་ཚང༩༨༨ལ་མི་གྲངས༣༨༢༠ཡོད་ཅིང་། ཞིང་སྡེ་གསར་པའི་རྒན་གསོའི་འགན་ལེན་ནང་ཞུགས་མཁན་ཁྱིམ་ཚང༧༧༢ལ་མི་གྲངས༡༤༠༧ཡོད། གྲོང་རྡལ་ནང་དུ་ཁུལ་དང་རྫོང་གི་སྡེ་ཁག༣༢དང་། སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་༡༧༧ཡོད། ༢༠༡༡ལོར། གྲོང་རྡལ་ཡོངས་ཀྱི་འབྲུ་རིགས་རྨོ་འདེབས་བྱེད་སའི་རྒྱ་ཁྱོན་མུའུ༡༢༤༦༢ཟིན་ཡོད་ཅིང་འབྲུ་རིགས་ཏུན༢༥༡༨བསྡུས་པ་ཡིན། ཕྱུགས་རིགས་གཙང་འཕེལ་བརྒྱ་ཆ༢༤དང་གྲངས་ཆུང༨༨ཡིན། ར་བ་ནས་ཕུད་ཚད་བརྒྱ་ཆ༢༤དང་གྲངས་ཆུང༧༥ཡིན། ཚོང་ཟོག་གི་ཚད་བརྒྱ་ཆ༡༥དང་གྲངས་ཆུང༥༤རེད། དཔལ་འབྱོར་གྱི་སྤྱིའི་ཡོང་སྒོའི་སྒོར་མོ་བྱེ་བ་གཅིག་དང་ས་ཡ་བཞི་ཉིས་འབུམ་དྲུག་ཁྲིའི་ཐོག་ཏུ་སླེབས་ཤིང་། དེའི་ནང་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་ས་ཡ་དགུ་དང་བརྒྱད་འབུམ་སུམ་ཁྲི་དྲུག་སྟོང་ཐོག་ཏུ་ཟིན་ཡོད། ཞིང་པ་དང་འབྲོག་པ་མི་རེ་རེ་ལ་ཆ་མཉམ་ཡོང་སྒོ་སྒོར་མོ༣༣༠༥ཡིན། བ་སྨད་གྲོང་རྡལ་གྱི་སྡེ་པ་སོ་སོའི་གནས་ཚུལ་རག་བསྡུས་རྣམས་གཤམ་དུ་གཟིགས་དང་གསལ་ལོ།། 

གྲོང་རྡལ་འདིའི་སྲིད་འཛིན་སྡེ་པའི་མིང་།

སྔོ་ཉ་སྡེ་པ་ནི་སྔོ་ཉ་ལུང་པའི་ནང་དུ་ཆགས་ཡོད་ཅིང་། རང་སྡེ་ནས་བ་སྨད་གྲོང་རྡལ་བར་དུ་སྤྱི་ལེ༩ཡོད། སྡེ་པ་ཡོངས་ལ་དུད་ཚང༦༠དང་མི་གྲངས༢༨༩ཡོད་དེའི་ནང་དུ་གཞོན་ནུ་དང་དར་མ་མི༡༨༦ཡོད། སྡེ་པ་དེར་ཏང་ཀྲི་པུའུ་གཅིག་ལ་ཏང་མི༡༤ཡོད། དེའི་ནང་བུད་མེད་ཏང་མི༤ཡོད།ན་གཞོན་ཚོགས་མི༡༤ཡོད། གྲོང་སྡེ་འདི་ལ་དཀའ་ངལ་ཁྱད་པར་ཅན་ཡོད་པའི་ཁྱིམ་ཚང༩དང་།དབུལ་ཕོངས་ཁྱིམ་ཚང་བཅུ་གསུམ། འགན་ལེན་ལྔའི་ཁྱིམ་ཚང་གཅིག་དབང་པོ་སྐྱོན་ཅན་མི་གསུམ་བཅས་ཡོད། སློབ་ལོན་པའི་བྱིས་པ༥༧ཡོད་ཅིང་། སློབ་གྲྭའི་ནང་དུ་སློབ་མ༨༣ཡོད། གྲྭ་པ༣༢དང་ཇོ་མོ༣ཡོད། རྨོ་དོར་ནགས་སྤེལ་བྱེད་སའི་ས་ཆ་རྒྱ་ཁྱོན་མུའུ༣༡༩ཡོད་ལ། ཞིང་རྨོ་སའི་ས་རྒྱ་ཁྱོན་བསྡོམས་མུའུ༡༠༠༠དང་གྲངས་ཆུང༥ཡོད། འབྲུ་རིགས་རྨོ་བར་ཐད་ཀར་གསབ་དངུལ་སྤྲད་སའི་མུའུ༦༤༧དང་གྲངས་ཆུང༥ཡོད། སྡེ་དེའི་གྲོང་ཆུང་ནི་གྲོང་སྟོད་དང་གྲོང་སྨད་གཉིས་མ་གཏོགས་མེད་དོ།།

ས་ལྕམ་སྡེ་པའི་མིང་ལ་ས་སྐྱ་སྡེ་པའང་ཟེར་སྲོལ་ཡོད། བ་སྨད་ནས་རོང་བྲག་གཞུང་ལམ་འགྲམ་གྱི་མཐའ་གཉིས་སུ་ཁ་བཀྲམ་ནས་ཆགས་ཡོད། རང་སྡེ་དང་བ་སྨད་གྲོང་རྡལ་བར་དུ་སྤྱི་ལེ༦ཡོད། སྡེ་པ་ཡོངས་ལ་དུད་གྲངས༡༡༤ཡོད། མི་གྲངས༤༦༣ཡོད་པའི་ནང་དུ་གཞོན་ནུ་དང་དར་མ༢༨༤ཡོད། སྡེ་པ་དེར་དཀའ་ངལ་ཁྱད་པར་ཅན་གྱི་དུད་ཚང༡༧ལ་མི་གྲངས༦༧ཡོད། དབུལ་ཕོངས་ཁྱིམ་ཚང༢༣དང་མི་གྲངས༧༣ཡོད། འགན་ལེན་ལྔའི་ཁྱིམ་ཚང༢དང་། རྒན་པ་གསུམ་ཞེས་པར་མི་གཅིག་ཡོད། གྲྭ་པ༣༥དང་ཇོ་མོ༢ཡོད། སྡེ་འདིའི་སློབ་ཆུང་ལ་དགེ་རྒན༢དང་སློབ་ལོ་སོན་པའི་བྱིས་པ༤༢ཡོད། མཐོ་རིམ་ཆེད་སྦྱོང་གི་སློབ་མ༢དང་། འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་ཐོན་པའི་སློབ་མ༢། ད་དུང་མཐོ་རིམ་གྱི་སློབ་མ༢། དགུ་ཐོག་གསུམ་སྣོན་གྱི་སློབ་མ༡བཅས་ཡོད། ཕྱུགས་ཟོག་ཆེ་ཆུང་ཁྱོན་བསྡོམས༥༢༧ཡོད། སྡེ་པ་དེར་ཏང་ཀྲི་པུའུ་གཅིག་ལ་ཏང་མི༡༤ཡོད། དེའི་ནང་བུད་མེད་ཏང་མི༤ཡོད། ན་གཞོན་ཚོགས་པ་མི༡༤ཡོད། ས་ལྕམ་གྲོང་པ་དང་མར་མཛོད་གྲོང་པ་བཅས་ཡོད་དོ།  །

འབྲུ་སྨིན་ཐང་སྡེ་པ་ནི་བ་སྨད་ནས་རོང་བྲག་བར་གྱི་གཞུང་ལམ་གྱི་སྟོད་ཕྱོགས་ལ་ཆགས་ཡོད། ཝ་ཤེས་དང་། ཆུ་བར། ས་ལྕམ། མཁར་དམར་སྡེ་པ་བཞིའི་ས་མཚམས་སུ་གནས་ཡོད། རང་སྡེ་དང་བ་སྨད་གྲོང་རྡལ་བར་ཐག་ལ་སྤྱི་ལེ༤ཡོད། སྡེ་པ་ཡོངས་ལ་དུད་གྲངས༥༧དང་མི་གྲངས༢༣༠ཡོད། དེའི་ནང་དུ་ལོ་ཆུང་དང་དར་མ༡༣༦ཡོད། ཕྱུགས་ཟོག་ཆེ་ཆུང་ཁྱོན་བསྡོམས༥༣༤ཡོད། ད་སྐབས་ས་ཞིང་རྨོ་ས་མུའུ༦༦༠དང་། རྨོ་དོར་ནགས་སྤེལ་བྱེད་ཡུལ་ས་རྒྱ་མུའུ༣༣༧ཡོད། སྡེ་པ་དེར་ཏང་ཀྲི་པུའུ་གཅིག་ལ་ཏང་མི༡༣ནང་བུད་མེད་ཏང་མི༦ཡོད། འགན་ལེན་ལྔའི་ཁྱིམ་ཚང༡ལ་མི་༡དང་། རྒན་པ་གསུམ་ཞེས་པར་མི་གཅིག་ཡོད། གྲྭ་པ༩དང་ཇོ་མོ༣ཡོད་དོ།།

མཁར་དམར་སྡེ་པ་ནི་ཞིང་ཆེན་རིམ་པའི་གཞུང་ལམ་ཨང༣༠༣གྱི་འགྲམ་དུ་ཆགས་ཡོད་ཅིང་། རང་སྡེ་དང་བ་སྨད་གྲོང་རྡལ་བར་དུ་སྤྱི་ལེ་༩ཡོད།  སྡེ་པ་ཡོངས་ལ་དུད་ཚང་གྲངས༡༡༠ཡོད། མི་གྲངས༤༨༦ཡོད་པའི་ནང་དུ་གཞོན་ནུ་དང་དར་མ༢༩༢ཡོད། ཕྱུགས་ཟོག་ཆེ་ཆུང་ཁྱོན་བསྡོམས་༡༣༩༩དང་། ཞིང་རྨོ་སའི་ས་ཁྱོན་བསྡོམས་གྲངས་མུའུ༡༣༥༨དང་། ཞིང་རྨོ་དོར་ནགས་སྤེལ་བྱེད་ས་ཁྱོན་མུའུ༧༡༢དང་གྲངས་ཆུང༧ཡོད། རྒན་གསུམ་ཞེས་པར་མི༤དང་། ཏང་མི༢༠ནང་བུད་མེད༥ཡོད། དཀའ་ངལ་ཁྱད་པར་གྱི་དུད་ཚང༨༥ལ་མི་གྲངས༡༠༢ཡོད། འགན་ལེན་ལྔའི་ཁྱིམ་མི༢ཡོད། དྭ་ཕྲུག༢ཡོད། གྲྭ་པ༡༦དང་ཇོ་མོ༦ཡོད། སློབ་ལོ་སོན་པའི་བྱིས་པ༥༧དང་། དགུ་ཐོག་གསུམ་སྣོན་གྱི་སློབ་མ༡ཡོད། མཐོ་རིམ་ཆེད་སྦྱོང་གི་སློབ་མ༣དང་། འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་ནས་ཐོན་པའི་སློབ་པའི་སློབ་མ་༨ཡོད།  གྲོང་ཆུང་ནི། འུར་རི་གྲོང་པ། ཚེར་མ་ནང་གྲོང་པ་བཅས་ཡོད།   སྡེ་པ་འདིའི་ནང་དུ་ཁྱིམ་ཚང་ཆེས་བཟང་པོ་ནི་རྒྱ་ཚང་དང་འུར་རི་བ་གཉིས་ནི་གནའ་ནས་ད་ལྟའི་བར་དུ་དུད་ཚང་ཕྱུག་པོ་དང་ཤིན་ཏུ་ཡ་རབ་ཀྱི་གུས་སྲོལ་ལྡན་པའི་ཁྱིམ་ཚང་ཆེན་པོ་ཡིན་ནོ།   །

ཆུ་བར་སྡེ་པ་ནི་བ་སྨད་གྲོང་རྡལ་གྱི་མཐའ་འཁོར་དུ་ཆགས་ཡོད་ཅིང་། སྡེ་པ་ཡོངས་ལ་དུད་ཚང་གྲངས༢༡༠ཡོད། མི་གྲངས༦༥༢ཡོད་དེའི་ནང་དུ་ལོ་ཆུང་དང་དར་མ༤༨༩ཡོད།  ད་སྐབས་ས་ཞིང་རྨོ་ས་རྒྱ་ཁྱོན་མུའུ༢༢༣༤དང་གྲངས་ཆུང༩ཡོད།  རྨོ་དོར་ནགས་སྤེལ་བྱེད་ཡུལ་ས་རྒྱ་མུའུ༦༤༥ཡོད།  སྡེ་དེར་གྲྭ་པ༡༠དང་ཇོ་མོ༡ཡོད། དཀའ་ངལ་ཁྱད་པར་ཅན་གྱི་དུད་ཚང༢༤ལ་མི་གྲངས༨༧དང་།   དབུལ་ཕོངས་ཁྱིམ་ཚང༣༢དང་མི་གྲངས༡༦༢ཡོད། འགན་ལེན་ལྔའི་ཁྱིམ་ཚང༡དང་།  རྒན་པ་གསུམ་ཟེར་བའི་མི༦། ཏང་མི༣༢།  སློབ་ལོ་ཟིན་པའི་བྱིས་པ༡༣༥བཅས་ཡོད་དོ།  །

ཤའུ་གཤིས་སྡེ་པ་དང་རྟའུ་རྫོང་གཉིས་ཀྱི་བར་ཐག་རིང་ཐུང་ལ་སྤྱི་ལེ༦༨ཡོད།     བ་སྨད་གྲོང་རྡལ་བར་དུ་སྤྱི་ལེ༡༢ཡིན།  སྡེ་འདི་ལ་དུད་གྲངས༢༠༦དང་མི་གྲངས༦༩༩ནང་གཞོན་ནུ་དང་དར་མ༤༣༥ཡོད།  སྡེ་པ་དེར་ཏང་ཀྲི་པུའུ་གཅིག་དང་ཏང་མི༡༩ནང་བུད་མེད་ཏང་ཡོན༤ཡོད།  རྒན་པ་གསུམ་ཟེར་བའི་མི༤ཡོད།  དཀའ་ངལ་ཁྱད་པར་ཅན་གྱི་དུད་ཚང༡༧དང་། དབུལ་ཕོངས་ཁྱིམ་ཚང༢༠ཡོད།འགན་ལེན་ལྔའི་མི༢ཡོད། སློབ་ལོ་སོན་པའི་བྱིས་པ༦༧ནང་སློབ་གྲྭ་ནང་དུ་སྡོད་ཡོད་མཁན་སློབ་མ༥༢ཡོད། སྡེ་འདི་ལ་གྲྭ་པ༢༦དང་ཇོ་མོ༡༥ཡོད།  སྡེ་འདི་ཕྱུགས་ཟོག་ཆེ་ཆུང་ཁྱོན་བསྡོམས༢༣༧༨དང་། རྨོ་སྐྱུར་ནགས་སྤེལ་བྱེད་སར་ས་ཁྱོན་མུའུ༡༢༤༣དང་གྲངས་ཆུང༣ཡོད།  ཞིང་རྨོ་སའི་ཁྱོན་བསྡོམས་གྲངས་མུའུ༢༢༥༠དང་།  འབྲུ་རིགས་རྨོ་ས་ཐད་ཀར་ཁ་གསབ་སྤྲད་སར་རྒྱ་ཁྱོན་མུའུ༢༤༥༡དང་གྲངས་ཆུང༦༢ཡོད། གྲོང་ཆུང་ནི། རྒྱུག་སོ་གྲོང་དང་། ཀ་བཞི་ཆགས་བཅས་སོ།།

གྲོང་མགོ་སྡེ་པ་ནི་རྒྱལ་ཁབ་ཀྱི་གཞུང་ལམ་འགྲམ་དུ་ཆགས་ཡོད། རང་སྡེ་དང་བ་སྨད་བར་ཐག་ལ་སྤྱི་ལེ༡༢ཡོད། སྡེ་དེར་དུད་གྲངས༡༧༦དང་མི་གྲངས༦༧༨གྱི་ནང་དུ་གཞོན་ནུ་དང་དར་མ༤༠༥ཡོད། ཞིང་རྨོ་སའི་ས་ཁྱོན་བསྡོམས་མུའུ༢༦༢༥དང་། རྨོ་སྐྱུར་ནགས་སྤེལ་བྱེད་སར་ས་ཁྱོན་མུའུ༡༢༣༨ཡོད། སྡེ་པ་དེར་དཀའ་ངལ་ཁྱད་པར་ཅན་གྱི་དུད་ཚང༡༩ལ་མི་གྲངས༨༤དང་། དབུལ་ཕོངས་ཁྱིམ་ཚང༢༦ལ་མི་གྲངས༡༢༥ཡོད། འགན་ལེན་ལྔའི་མི༢ཡོད། སྡེ་དེར་ཏང་མི༡༢ཡོད། རྒན་རབས་གསུམ་ཟེར་བའི་མི༣ཡོད། སྡེ་དེར་གྲྭ་པ༣༥དང་ཇོ་མོ༦ཡོད། མགར་ཐར་མཛེས་ལྗོངས་ས་ཁུལ་གྱི་བ་སྨད་གསག་མའི་རི་བོ་ཞེས་པ་དེ་གྲོང་མགོ་སྡེ་པའི་རུ་ཁག་དང་པོའི་ནང་དུ་གནས་ཡོད། སྡེ་འདིའི་གྲོང་ཆུང་ནི། གྲོང་མགོ་གྲོང་པ་དང་། བ་ལུ་ཤིས་གྲོང་པ། ར་བ་ཁ་གྲོང་པ། ལྗང་ནང་གྲོང་པ་བཅས་སོ།།

ཝ་ཤེས་སྡེ་པ་ནི་བ་སྨད་གྲོང་རྡལ་གྱི་འབྲོག་པ་རྐྱང་རྐྱང་གི་སྡེ་པ་ཞིག་ཡིན། སྡེ་དེར་དུད་གྲངས༡༡༥དང་མི་གྲངས༥༠༣ཡོད་ལ་དེའི་ནང་དུ་གཞོན་ནུ་དང་དར་མ༢༨༩ཡོད། སྡེ་དེའི་རྩྭ་ཐང་རྨོ་སྐྱུར་ནགས་སྤེལ་བྱེད་སར་ས་ཁྱོན་མུའུ༢༤༨ཡོད། ཕྱུགས་རིགས་ཆེ་ཆུང་ཁྱོན་བསྡོམས༡༣༢༥༠ཡོད།  སྡེ་དེར་ཏང་མི༡༢ནང་བུད་མེད༣ཡོད།   རྒན་པ་གསུམ་གྱི་ནང་དུ་ཚུད་པའི་མི༢དང་འགན་ལེན་ལྔའི་དུད་ཚང༣ཡོད།  སྡེ་པ་དེར་དཀའ་ངལ་ཁྱད་པར་ཅན་གྱི་དུད་ཚང༡༦ལ་མི་གྲངས༥༢ཡོད་ལ་སྡེ་པའི་མི་གྲངས་ཁྱོན་གྱི་བརྒྱ་ཆ༢༢ལ་ཟིན་ཡོད།  དབུལ་ཕོངས་དུད་ཚང༢༡ལ་མི་གྲངས༩༨ཡོད་ལ་སྡེ་པའི་མི་གྲངས་ཁྱོན་གྱི་བརྒྱ་ཆ༢༢ལ་ཟིན་ཡོད། སྡེ་པའི་ནང་ཆེས་དམའ་བའི་འཚོ་བའི་འགན་ལེན་མཁན་དུད་ཚང༦དང་། སློབ་ལོར་སོན་པའི་བྱིས་པ༥༥དང་། གྲྭ་པ་དང་ཇོ་མོ་བཅས་ཡོད་པ་ཡིན་ནོ།  །  

གྲོང་མི་ཨུ་ཡོན་ལྷན་ཁང་གི་གནས་ཚུལ།

བ་སྨད་གྲོང་རྡལ་གྱི་ཡུལ་མིའི་ཨུ་ཡོན་ལྟན་ཁང་ནི་བ་སྨད་ཁྲོམ་གཞུང་དུ་གནས་ཡོད་ཅིང་། ཡུལ་མིའི་ཨུ་ཡོན་ལྷན་ཁང་ནི་བ་སྨད་ཁྲོམ་གཞུང་དུ་གནས་ཡོད་ཅིང་། རྟའུ་རྫོང་མཁར་བར་དུ་སྤྱི་ལེ༧༠ཡོད། ཡུལ་མིའི་ཨུ་ལྷན་གྱི་ཁོངས་སུ་དུད་གྲངས༡༡༡ལ་མི་གྲངས༢༡༡ནང་དུ་འགན་ལེན་ལྔའི་ནང་དུ་མི་གཅིག་དང་། དྭ་ཕྲུག་གཅིག ཆེས་དམའི་འཚོ་བའི་འགན་ལེན་མཁན་མི༡༣༥ཡོད།  དབང་པོ་སྐྱོན་ཅན་གྱི་མི༡༦ཡོད། སློབ་ལོ་སོན་པའི་བྱིས་པ༣༠དང་། མཐོ་འབྲིང་སློབ་མ༥། མཐོ་རིམ་ཆེད་སྦྱོང་གི་སློབ་མ་བརྒྱད།  ལོ་སོན་པའི་བྱིས་པ༣༠དང་། མཐོ་འབྲིང་མ་ལྔ། མཐོ་རིམ་ཆེད་སྦྱོང་གི་སློབ་མ་བརྒྱད། བྱིས་པ་བཅུ་གཉིས། ལོ་ལོན་མི་རྒན་བཞི་བཅུ། གྲྭ་པ་གཅིག ཏང་མི་དྲུག་གི་ནང་དུ་བུད་མེད་ཏང་ཡོན་མི་གཅིག་མ་གཏོགས་མེད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༧པའི་ནང་དུ་ཡུལ་ཤོག་དེའི་མཁས་པ་འོད་ཟེར་གྱི་ཡུམ་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།།

དར་མདོ་རྗོང་གི་སྲིད་འཛིན་ས་མིང་།

ལྷ་སྒང་ཡུལ་ཤོག་གི་གཞི་རྩའི་གནས་ཚུལ་མདོར་བསྡུས།

དེ་ཡང་ལྷ་སྒང་ཞེས་པ་ནི་འཕགས་མཆོག་དགའ་བའི་གནས་ཞེས་ལྷ་དགའ་ལས་ཟུར་ཆགས་པ་ཡིན་པར་བཤད་སྲོལ་ཡོད། ལྷ་སྒང་ཤང་ནི་དར་མདོའི་ནུབ་ཕྱོགས་ཀྱི་སྤྱི་ལེ༡༡༣བར་ཞིང་ཆེན་རིམ་པའི་ལམ་ཐིག༢༡༥ཐོག་ཏུ་ཆགས་ཡོད། དར་མདོ་ནས་དཀར་མཛེས་ཁུལ་གྱི་བྱང་ལམ་རྫོང་བརྒྱད་ཀྱི་འགྲིམ་འགྲུལ་གྱི་ལྟེ་བ་ཡིན། ཤང་ཡོངས་ལ་མཚོ་འཕགས་སྨི༣༧༥༠ནས༤༣༠༠བར་ཡིན་ལ་ཤང་གི་རྒྱ་ཁྱོན་ལ་སྤྱི་ལེ༨༤༩་༦༩ཡོད།  ད་སྐབས་ཤང་མི་དམངས་སྲིད་གཞུང་ལ་གཞུང་ཞབས་པ་མི་སྣ་ཉི་ཤུ་ཡོད།  དེ་ལས་མི་གཉིས་རྫ་ཆུ་ཁའི་རོགས་སྐྱོར་ལས་ཞུགས་བྱས་ཡོད།  ལས་གཉེར་མི་སྣ་གསུམ་ཡོད། ཞིང་འབྲོག་ཕྱོགས་བསྡུས་ས་ཚིགས་ཡང་ཁོངས་སུ་རྟོགས། ཞབས་འདེགས་ལས་བཟོ་བ་གཅིག་ཡོད། སློབ་ཆེན་སློབ་མའི་སྡེ་དཔོན་བཞི་ཡོད། གནས་སྐབས་ལས་ཞུགས་མི་སྣ་གསུམ་ཡོད་ཤང་གི་སྟེ་བའི་སྨན་ཁང་གཅིག་དང་། དེ་ལ་སྨན་ལས་མི་སྣ་བདུན་ཡོད། སྡེ་པ་རིམ་པའི་འཕྲོད་བསྟེན་ཁང་བརྒྱད་བཙུགས་ཡོད་ལ་སྨན་པ་བརྒྱད་ཡོད། སློབ་ཆུང་ནི་གསུམ་སྟེ། ཕན་བདེ་སློབ་གྲྭ་དང་། མི་ཉག་རྫོགས་ཆེན་སློབ་གྲྭ་དང་ལྷ་སྒང་སློབ་གྲྭ་བཅས་སློབ་གྲྭ་གསུམ་ལ་དགེ་རྒན་དང་ལས་བྱེད་པ༣༧ཡོད། མངགས་གཏོང་ཁང་གཅིག་ལ་མི་དམངས་ཉེན་རྟོགས་པ་དྲུག་ཡོད། འབྲུ་ཁང་གཅིག་ལ་ལས་བྱེད་པ་མི་སྣ་གཅིག་ལས་མེད། གྲོང་སྡེ་ཡིད་རྟོན་དངུལ་ཁང་གཅིག་ལ་ལས་གཉེར་མི་སྣ་བཞི་ཡོད། ཤང་དེའི་ཁོངས་གཏོགས་ཀྱི་སྲིད་འཛིན་སྡེ་པ་བཅོ་བརྒྱད་ཡོད་ལ་དེར་ཁྱིམ་ཚང༢༡༥༢དང་མི་གྲངས༨༧༡༦ཡོད། རྫོང་གསུམ་གྱི་བར་ཏེ་ཉག་ཆུ་རྫོང་དང་རོང་བྲག་རྫོང་། རྟའུ་རྫོང་གསུམ་གྱི་བར་དང་འབྲེལ་ཡོད་པས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྱང་ལམ་གྱི་འགག་ལམ་ཞིག་ཡིན། རིགས་མི་འདྲ་བའི་ཕྱུགས་རིགས་ལྔ་སྟོང་ལྷག་ཡོད་ལ། དར་མདོ་རྫོང་གི་འབྲོག་ལས་དག་མ་གཉེར་བའི་ཕ་ཁྱིམ་ཁོ་ནའོ།། ཤང་དེའི་ས་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དགུ་དང་ནང་བསྟན་སློབ་གྲྭ་གཅིག་ཡོད་པ་ལ་གྲྭ་པ་དང་ཇོ་མོ་སྟོང་དུ་འབུད་ལ་ཉེ། ཡུལ་དེའི་ཁྱད་ཆོས་གཙོ་བོ་ནི་ས་མཐོ་ལ་མི་གྲངས་མང་། དགོན་པ་མང་བ་དང་གྲྭ་སེར་མང་ཞིང་དད་ལྡན་མང་ཚོགས་དེ་ལས་ཀྱང་མང་པོ་ཡོད། ས་དབྱིབས་ཆགས་ཚུལ་དང་། འབྲོག་པའི་ཐོན་སྐྱེད། འཚོ་བ་བྱེད་སྟངས་དང་མཐོ་གྲངས་ས་ཁུལ་གྱི་ནམ་ཟླའི་ཁྱད་ཆོས་ནི་ཁུལ་ཡོངས་ཀྱི་སྡུག་ཤོས་ཤིག་རེད། བསྡོམས་པའི་ལོ་བཞི་ལ་འབྲོག་དམངས་སྡོད་ཁང༡༡༠༠འཛུགས་སྐྲུན་བྱས་ཡོད་པ་ཡིན་ནོ།  །

ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།

རྡོ་ར་དཀར་མོ་ཚན་ཁག་དང་པོལ་དུད་གྲངས༨༩དང་མི་གྲངས༣༤༦ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༩༡༤དང་རྟ༡༢༤བཅས་ཡོད།

རྡོ་ར་དཀར་མོ་ཚན་ཁག་གཉིས་པ་ལ་དུད་གྲངས༩༡དང་མི་གྲངས༣༨༤ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༧༢༤དང་རྟ༡༣༢ཡོད།

ཤ་མ་ལངས་སྡེ་པ་ལ་དུད་གྲངས༡༤༢དང་མི་གྲངས༥༢༠ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༦༩༡དང་རྟ༡༥༩ཡོད།

གསེར་ཆུ་ཁ་པ་སྡེ་པ་ལ་དུད་གྲངས༡༥༡དང་མི་གྲངས༥༣༧ཡོད་སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༥༥༢དང་རྟ༡༤༠ཡོད།

གངས་རི་མ་སྡེ་པ་ལ་དུད་གྲངས༢༦༡དང་མི་གྲངས༡༠༡༤ཡོད། སྡེ་འདིའི་རྟ་ཟོག་གི་རྟའི་གྲངས་ཀ་ནི་ཟོག༢༦༦༤དང་རྟ༢༩༡ཡོད། དཀར་མཛེས་རང་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་ནང་དུ་སྡེ་པའི་ལོ་རྒྱུས་ཀྱི་བོད་ཡིག་དང་རྒྱ་ཡིག་དབྱིན་ཡིག་བཅས་ཀྱི་བྲིས་ཡོད་མཁན་ནི་གངས་རི་མའི་སྡེ་པ་འདི་མ་གཏོགས་ད་སྔོན་མེད་པར་བཤད།སྤྱིར་གོ་རི་མ་ཞེས་པའི་དོན་ནི།  མི་ཉག་གི་གནའ་སྐད་ལ་ལུང་པ་ཆུང་ཆུང་ཞེས་པའི་དོན་ཡིན། མ་ནི་བདག་སྒྲ་རེད་ཡོད་པས་དེ་གཉིས་ཀྱི་དོན་ཚུར་བསྡུས་ས་གནའ་སྔ་མོ་གོ་རི་ཆུ་དཀར་ནང་ཞེས་པའི་ལུང་པ་ཆུང་ཆུང་ཞིག་གི་ནང་དུ་འདུག་མཁན་ཡིན་པས་མིང་དེ་ལྟར་བཏགས་པ་ཡིན།  རྗེས་སུ་འཕེལ་རྒྱས་ཆེན་པོ་བྱུང་ནས་ས་ཆ་མང་པོ་བདག་ཏུ་བཟུང་ཡོད་པ་ཚང་མས་ཤེས་གསལ་ལྟར་ཡིན་པས་འདིར་མ་བྲིས།དེང་སང་མི་འགའ་རེས་གངས་རི་མ་ཞེས་མིང་བཏགས་ཡོད།  གང་ལྟར་ཡང་མིང་བཏགས་རྒྱུ་དེ་ལ་རྒྱུ་མཚན་ཡོད་མེད་བཅས་ནི་གནད་འགག་ཆེན་པོ་ཞིག་རྩ་བ་ནས་མ་རེད། ང་རང་རང་གི་ལྟ་ཚུལ་ལ་དེང་སང་གོ་རོ་མའི་དོན་ལ་ལོ་ཆུང་ཚོས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་ནི་ཆེས་བཟང་པོ་རེད་མོད། འོན་ཀྱང་གཙོ་བོ་རིག་གནས་སློབ་གསོ་དང་འཕྲོད་སྟེན་ཡག་པོ་རེད་རྒྱུའི་ཐད་ལ་དོགས་ཟོན་བྱེད་དགོས། དེ་ལུགས་གང་ཐད་ལ་བགྲོ་གླེང་བྱེད་རྒྱུ་དང་ཁྱབ་བསྒྲགས་བྱེད་རྒྱུ་གལ་ཆེན་པོ་ཡིན་མོད། སྤྱིར་སྡེ་འདི་ལ་ད་སྐབས་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཀ་ལ་ཡིག་རྨོང་དང་རིག་རྨོངས་གྱི་ནད་ངན་ཆེན་པོ་ཞིག་ཕོག་ཡོད་པས་དེ་བཅོས་ཐབས་ལ་འབད་དགོས།   

གལ་སྲིད་ནད་ངན་དེ་བཅོས་མ་ཐུབ་ན་ཤི་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་ཚང་མས་ཤེས་དགོས་སོ།   །

ལྷ་སྒང་སྡེ་པ་ལ་དུད་གྲངས༢༡༩དང་མི་གྲངས༧༠༦ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༢༨༢དང་རྟ༡༨༩ཡོད། སྡེ་པ་འདི་ལ་ཞིབ་འཇུག་སློབ་མ་གསུམ་ཡོད་དེ།  ཞབས་མ་བའི་མཛེས་མ་ལྷ་སྒྲོན་དང་། རྩོམ་མཁན་འཆི་མེད་སྒྲོན་དཀར།   བསོད་ནམས་དབང་མོ་བཅས་རེད།  མཁས་པ་བསོད་ནམས་དབང་མོ་ནི༢༠༡༣ལོར་རྒྱལ་སྤྱིའི་བོད་རིག་པ་ཚོགས་ཆེན་གྱི་གླེང་སྟེགས་ཐོག་ཏུ་གསུང་བཤད་གནང་ཡོད། སྤྱིར་ན་ལྷ་སྒང་ཡུལ་ཤོག་གི་སྡེ་པ་བཅོ་བརྒྱད་ཀྱི་ནང་དུ་ལྷ་སྒང་སྡེ་པའི་ཞིབ་འཇུག་གི་སློབ་མ་མཐར་ཕྱིན་གཉིས་དང་རབ་འབྱམས་པའི་སློབ་མ་བསོད་ནམས་དབང་མོ་དང་ཟླ་བ་སྒྲོན་མ་འདི་བཞི་མ་གཏོགས་ད་སྔོན་ཐོན་མེད་པར་བཤད་དོ།  །ད་ལྟ་ཡི་གེ་འདོན་བཞིན་པའི་འབུམ་རམས་པའི་སློབ་མ་གཉིས་ཡོད།

རུ་གསར་མ་རུ་ཁག་དང་པོ་ལ་དུད་གྲངས༩༦དང་མི་གྲངས༣༩༩ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༣༣༣༥དང་རྟ་༢༢༡ཡོད། མགོ་རྡུང་མ་སྡེ་པའང་ཟེར།

རུ་གསར་རུ་ཁག་གཉིས་པ་ལ་དུད་གྲངས༧༨དང་མི་གྲངས༣༨༧ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༡༦༦༣དང་རྟ༢༡༩ཡོད། ཡས་ཁྱིམ་སྡེ་པའང་ཟེར།

རུ་གསར་མ་རུ་ཁག་གསུམ་པ་ལ་དུད་གྲངས༨༥དང་མི་གྲངས༣༤༡ཡོད།  སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༢༡༣༨དང་རྟ༢༧༢ཡོད། ཐེར་མ་སྡེ་པའང་ཟེར།

སྐུ་ནུབ་སྡེ་སྡེ་པ་ལ་དུད་གྲངས༦༨དང་མི་གྲངས༢༨༡ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀི་ནི་ཟོག༡༥༣༧དང་རྟ༡༤༢ཡོད།

བ་ལངས་སྡེ་པ་ལ་དུད་གྲངས༡༡༥དང་མི་གྲངས་༤༣༧ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༡༧༢༨དང་རྟ༡༩༩ཡོད།

ར་ལི་བ་གཤམ་ནང་སྡེ་པ་ལ་དུད་གྲངས༦༣དང་མི་གྲངས༢༩༥ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༡༢༢༢དང་རྟ༡༣༠ཡོད།

ར་ལི་བ་མགོན་པོ་སྡེ་པ་ལ་དུད་གྲངས༦༦དང་མི་གྲངས༢༩༩ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༡༢༩༠དང་རྟ༡༥༣ཡོད།  མི་ཉག་ར་ལུ་སྟོད་པ་ལས་བཅོས་སྒྱུར་མ་བྱས་སྔོན་ཙམ་ཞིག་ལ་མར་ལྷ་སྒང་ཕྱོགས་ལ་ཐོན་པ་ཡིན་ནོ།།

ཤིང་ཉག་སྡེ་པ་ལ་དུད་གྲངས༡༢༧དང་མི་གྲངས༤༨༩ཡོད། སྡེ་འདིའི་ཟོག་རྟ་གི་གྲངས་ཀ་ནི་ཟོག༡༤༥༩དང་རྟ༢༧༣ཡོད།

ཐལ་སྐས་སྡེ་པ་ལ་དུད་གྲངས༤༢དང་མི་གྲངས༡༤༣ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༨༡༢དང་རྟ་༡༣༤ཡོད།

ནང་སྐོར་མ་སྡེ་པ་དང་པོ་ལ་དུད་གྲངས༩༧དང་མི་གྲངས༤༤༠ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༡༢༡༦དང་རྟ༡༧༠ཡོད།

ནང་སྐོར་མ་སྡེ་པ་གཉིས་པ་ལ་དུད་གྲངས༨༩དང་མི་གྲངས༤༠༧ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༡༤༠༠དང་རྟ༡༨༤ཡོད།   ནང་སྐོར་སྡེ་པ་གཉིས་ནི་མི་ཉག་ཉག་རོང་ཁོག་ནས་གནའ་སྔ་མོ་ཞིག་ལ་མར་ལྷ་སྒང་ལ་ཐོན་པ་ཞིག་ཡིན་ཞིང་། དང་པོ་མར་ཡོང་དུས་དུད་ཚང་བཅུ་མ་གཏོགས་མེད་པས་ནག་ཁུ་དུད་བཅུ་ཟེར་ལ།   དེ་རྗེས་དུད་ཚང་༦༠ཡོད་པས་ནག་ཁུའམ་ནང་སྐོར་དྲུག་ཅུ་ཞེས་མིང་བཏགས་པ་རེད་ཅེས་སྡེ་དེའི་མི་རྒན་མགྲོན་པོ་ཐུག་ལོས་བཤད་པ་ལྟར་འདིར་སྤྱར་ལོ༡༩༩༧ལོར་བྲིས་པ་ཡིན།   ད་སྐབས་ནང་སྐོར་མ་སྡེ་པ་ཅུང་ཆེན་པོ་གཉིས་ལ་གྱུར་ཟིན་པ་ཡིན་ནོ།  །

ལྕམ་པ་སྡེ་པ་ལ་དུད་གྲངས༣༦༠དང་མི་གྲངས༡༢༠༡ཡོད། སྡེ་འདིའི་རྟ་ཟོག་གི་གྲངས་ཀ་ནི་ཟོག༢༢༢༥དང་རྟ༣༢༣བཅས་ཡོད་པ་ཡིན་ནོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ་༢༠༡༣ལོའི་ཟླ་༩པའི་ནང་དུ་ཡུལ་ཤོག་དེའི་ལས་བྱེད་འགས་མཁོ་འདོན་བྱས་པ་ཡིན་ནོ།   །

ར་རྔ་ཁའི་གྲོང་རྡལ་གྱི་གནས་ཚུལ་མདོར་བསྡུས།

ར་རྔ་ཁ་གྲོང་རྡལ་ནི་དར་མདོ་རྫོང་རྒྱུ་ལའི་ནུབ་ཕྱོགས་མི་ཉག་ལི་ཆུའི་འགྲམ་དུ་ཆགས་ཡོད། སྡེ་པའང་ཟེར། མཚོ་འཕགས་སྨི༣༥༠༠ཡིན། གྲོང་རྡལ་གྱི་ས་ཆ་རྒྱ་ཁྱོན་སྤྱི་ལེ༥༠༨.༣ཡོད། གྲོང་རྡལ་ནས་རྫོང་མཁར་དུ་སྤྱི་ལེ༨༠ཡོད། ཤར་དུ་ཝ་ཁྲལ་ལམ་ཝ་ཚི་ཤང་དང་། ལྷོ་རུ་འགོག་པ་ཤང་ནུབ་དུ་ཉག་ཆུ་རྫོང་གི་གྲོང་གསུམ་ཤང་དང་ཨོ་རོང་ཤིས་ཤང་། བྱང་དུ་ལྷ་སྒང་ཤང་དང་འབྲེལ་ཡོད། ཁྲོན་བོད་ལམ་གྱི་བྱང་ལྷོའི་གཞུང་ལམ་གྱི་དབྱེ་མཚམས་ན་གནས་ཡོད། གཞུང་ལམ་དེ་ནི་དར་མདོ་ནས་ཡར་ལྷ་ས་དང་། མར་རྒྱ་ནག་ཁྲིན་ཏུའུ་བཅས་ཀྱི་བར་ལ་ངེས་པར་དུ་བརྒྱུད་དགོས་པའི་གཞུང་ལམ་ཞིག་ཀྱང་ཡིན། དེ་ནི་བཤད་འོས་པའི་མགྲིན་པ་ལྟ་བུའི་གཞུང་ལམ་ཞིག་ཡིན། ད་སྐབས་གྲོང་རྡལ་དེའི་ཁོངས་སུ་སྲིད་འཛིན་གྲོང་པའམ་སྡེ་པ་བཅུ་གསུམ་དང་། ཡུལ་མིའི་ཨུ་ཡོན་ལྷན་ཁང་གཅིག་ཡོད། བསྡོམས་བརྩིས་བྱས་པ་ལྟར་ན། གྲོང་རྡལ་དེའི་མི་གྲངས་ད་སྐབས༧༧༠༠ལྷག་ཡོད། དེའི་ནང་དུ་བོད་རིགས་བརྒྱ་ཆ༩༨ལ་ཟིན་ཡོད། གཞན་ཡང་རྒྱ་རིགས་དང་ཧུའི་རིགས། དབྱིས་རིགས་བཅས་དེ་མིན་གྱི་གྲངས་ཉུང་མི་རིགས་འདིར་འདུས་སྡོད་བྱས་ཡོད། གྲོང་དེའི་ཁོངས་གཏོགས་ས་ཁུལ་ནང་དུ་སློབ་གྲྭ་བཞི་ཡོད།  དེང་སང་སློབ་མ་ཧ་ལམ་མི་གྲངས༢༥༠༠ཙམ་ཡོད། དགོན་པ་གཅིག་ལ་གྲྭ་པ༧༠ཙམ་ཡོད།  གྲོང་རྡལ་ནང་མི་གྲངས་ཕང་ཆེར་ཞིང་འབྲོག་ལས་རིགས་ཀྱིས་ཁ་གསོ་གཞིན་ཡོད། ཐོན་དངོས་ཀྱི་འབྲུ་རིགས་གཙོ་བོ་ནི་ནས་དང་། གྲོ། སྲན་མ། ཞོག་ཁོག་སོགས་ཡིན། ད་དུང་འབྲི་གཡག་དང་གླང་། རྟ། དྲེལ། ར་ལུག་ཕག་བཅས་ཕྱུགས་རིགས་དེ་ཚོ་འབྲོག་ལས་ཀྱི་གཞི་རྐང་ལྟ་བུ་ཡིན། གཞན་ཡང་རྒྱུན་སྡོད་མི་སྣ་ཁག་ཅིག་གིས་འདིར་ཚོང་རྒྱག་བཞིན་ཡོད། ཚོང་ལས་དང་འགྲིམ་འགྲུལ་འཕྲུལ་ཆས་ལས་པ། ཚེམ་བཟོ་དང་ཟས་ཁང་། མགྲོན་ཁང་སོགས་ཞབས་ཞུའི་ལས་རིགས་བཅས་སྒྲུབ་བཞིན་མཆིས། མཐོ་སྒང་དུ་གནས་པའི་ར་རྔ་གྲོང་རྡལ་ནི། དྲོད་གྲང་གི་ཚད་གཞི་ཁྱད་པར་ཆེ་ལ། གནམ་གཤིས་འགྱུར་སྡོག་ཆེ་བ་དེ་མཐོ་སྒང་ནང་ཁུལ་གྱི་གནམ་གཤིས་ལྟར་ཡིན། ཡུལ་ལྗོངས་མཛེས་ལ་རྒྱལ་ཁབ་རིམ་པའི་གཞུང་ལམ་ཨང༣༡༨པ་གྲོང་རྡལ་དེ་ནས་སོང་ཡོད། གཞུང་ལམ་འགྲམ་རྒྱུད་སྤྱི་ལེ༡༠ཙམ་ནི་པར་ལེན་པའི་བར་ཁྱམས་སུ་གཏོགས་པའི་འདི་ནི་ཧང་ལས་སའི་རི་མོ་ལྟ་བུའི་དབེན་པའི་སྐྱེད་ཚལ་ཞིག་དང་མཚུངས། མཐར་གཏུག་ན་ར་རྔ་ཁ་གྲོང་རྡལ་ནི་ཡུལ་སྐོར་བྱེད་མཁན་འཐེན་སྡུད་བྱེད་པའི་གསེར་གྱི་ས་ཚིགས་ལྟ་བུ་ཞིག་ཡིན། ཡུལ་སྐོར་གྱི་ཡུལ་དེའི་དཔལ་འབྱོར་སྐུལ་འདེད་དང་། མི་དམངས་ཕྱུག་པོ་གཏོང་བའི་མགོ་ཁྲིད་པ་ལྟ་བུའི་ནུས་པ་ཐོན་ཡོད། ཉེ་བའི་ལོ་ཤས་ནས་བཟུང་། རྫོང་ཨུ་དང་སྲིད་གཞུང་གྱི་སེམས་ཁུར་དང་རོགས་རམ་འོག་ཏུ། གྲོང་རྡལ་མི་དམངས་ཀྱི་འཚོ་བའི་བཟོ་སྐྲུན་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་ཞིང་། རྩ་བའི་དགོས་ཆས་ལོ་རེ་བཞིན་ལེགས་བཅོས། མི་སེར་བདེ་སྡོད་ལས་བརྩོན། ཆབ་སྲིད་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་གྲུབ་འབྲས་གཟེངས་སུ་ཐོན་ཡོད། མིག་སྔར། ཞིང་ཆེན་ཏང་ཨུ་དང་རང་སྐྱོང་ཁུལ་ཏང་ཨུ་ཡིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཚན་རིག་འཆར་འགོད། ཁྲོན་བོད་ཐོག་ཏུ་ངེས་པར་དུ་བརྒྱུད་དགོས་པའི་ལམ་དུ་གནས་པའི་ར་རྔ་ཁ་དེ་བོད་ལ་འགྲོ་སའི་གཙོ་གྲོང་འཛུགས་སྐྲུན་བྱ་བའི་གཙོ་བོའི་དུས་སྐབས་ཤིག་བྱུང་ཡོད། ད་ནས་བཟུང་། ར་རྔ་ཁས་ཤུགས་ཆེན་གྱི་སྒོ་ནས་རྣམ་གྲངས་འཕེལ་རྒྱས་དང་། ཤུགས་ཡོད་མེད་ཀྱི་སྒོ་ནས་དཔལ་འབྱོར་སྤེལ་བ་དེ་གཙོ་བོའི་འགྱུར་ཁུག་བྱས་ཏེ། རྒྱལ་ཁབ་ཀྱི་བཅུ་གཉིས་ལྔ་ཅེས་པའི་འཆར་འགོད་ནང་དུ་གདོང་བསུ་མདུན་སྐྱོད་དང་ཇེ་ཡག་ཇེ་མགྱོགས་སུ་འཕེལ་རྒྱས་བྱེད་བཞིན་པ་ཡིན་ནོ།    །

གྲོང་རྡལ་འདིའི་སྲིད་འཛིན་སྡེ་པའི་མིང་།

 ཕག་གསོ་སྡེ་པ་གཉིས་པ་ནི་ར་རྔ་ཁ་གྲོང་རྡལ་ནུབ་ཕྱོགས་སུ་ཆགས་ཡོད། མཐོ་ཚད་མཚོ་འཕགས་སྨི༣༥༠༠ཡོད། ཞིང་ཆེན་རིམ་པའི་ལམ་ཨང༢༡༥འགྲམ་ན་ཆགས་ཡོད། ར་རྔ་ཁ་གྲོང་རྡལ་དང་བར་ཐག་སྤྱི་ལེ༣༠ཙམ་ཡོད། ཞིང་ལས་གཙོ་བོ་བྱེད་སའི་ས་ཆ་ཞིག་ཡིན། སྡེ་འདིར་དུད་གྲངས༨༤དང་མི་གྲངས༣༥༦ཡོད། དེའི་་ནང་དུ་དམིགས་བསལ་དབུལ་ཕོངས་དུད་ཚང༥དང་། ཅུང་ཟད་དབུལ་བའི་དུད་ཚང༡༢ཡོད། སྡོད་ཁང་མེད་པའི་དུད་ཚང༡༢ཡོད། འགན་ལེན་ལྔའི་དུད་ཚང༣ཡོད། ཞིང་སྡེའི་འགན་ལེན་མཉམ་ལས་སྨན་བཅོས་ནང་དུ་ཞུགས་མཁན་དུད་གྲངས༧༧ལ་མི༣༣༤ཡོད། ཆེས་དམའ་བའི་འཚོ་བའི་འགན་ལེན་ནང་དུ་ཞུགས་མཁན་དུད་ཚང༣༦ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་མུའུ༡༡༩༣ཡོད། ཕྱུགས་ཟོག་གི་ཁྱོན་གྲངས༦༡༧ཡོད། དེའི་ནང་དུ་ཟོག༥༥༧དང་རྟ༦༠ཡོད། སུམ་བསྒྱུར་འཛུགས་སྐྲུན་ནང་ལ་ཞུགས་མཁན་དུད་གྲངས༥ཡོད། རྫ་ཀྱོ་ཡོད་སའི་ཁང་པ་ཡོད་ས་དུད་ཚང༦༤ཡོད། གྲྭ་པ་ཁྱོན་བསྡོམས་མི་གྲངས༡༣ཡོད་པ་ཡིན། སྡེ་ཡོངས་ལ་ཞིང་རྨོ་སའི་ས་ཁྱོན་མུའུ༣༢༨དང་གྲངས་ཆུང༩༨ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་ས་ཁྱོན་མུའུ༢༩༣དང་གྲངས་ཆུང༢༢ཡོད། ཕྱུགས་སྐྱུར་རྩྭ་སྤེལ་དང་ནོར་ཕྱུགས་འཚོ་བདག་བྱེད་ཡུའུ་གྱི་ས་ཆ་མུའུ༡༧༡༦༦ཡོད། གྲོང་སྡེའི་འཚོ་བའི་ཡོང་སྒོ་གཅོ་བོ་ནི་སྒོ་ཕྱུགས་འཚོ་སྐྱོང་དང་ས་ཞིང་རྨོ་འདེབས་བྱེད་རྒྱུ་བཅས་རེད། སྡེ་དེར་ཏང་ཀྲི་པུའུ་ལ་ཏང་ཡོན༡༨ཡོད། ཏང་འཇུག་ཧུར་བརྩོན་པ༡ཡོད། སྡེ་པའི་ཏང་ཀྲི་པུའུ་ཧྲུའི་ཅི་ནི་དབང་ཕྱུག་དང་། གྲོང་མི་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ནི་པད་མ་ཡིན། དྲུང་ཡིག་བཀྲ་སྒྲོན་སོགས་མི་གསུམ་ཡོད། གྲོང་ནང་ལ་རྩ་འཛུགས་དང་དྲིལ་བསྒྲགས། མི་དམངས་མང་ཚོགས་ཀྱི་ཚོགས་པར་འགན་ཁུར་མཁན་བསོད་ནམས་ཚེ་བརྟན་དང་། འཐབ་ཕྱོགས་གཅིག་གྱུར་དང་ཆོས་ལུགས་པ་སྟོབས་ཆེ། བདེ་འཇགས་སྲུང་སྐྱོབ་དང་ཕྱོགས་བསྡུས་དོ་དམ་པ་བསམ་བློ་བཅས་མི་གསུམ་ཡོད། ཞིང་སྡེ་གསར་པ་འཛུགས་སྐྲུན་བྱས་ནས་བཟུང་། མིག་སྔར་སྡེ་འདིའི་ཞིང་སྡེའི་གློག་ནུས་དྲྭ་རྒྱ་ལས་དོན་ཕལ་ཆེར་འགྲུབ་ཚར་བར་བཤད། མི་དང་ཕྱུགས་བདེ་སྲུང་གི་ཆུའི་ལས་དོན་དང་། གྲོང་པ་དང་གྲོང་པའི་བར་གྱི་འགྲོ་སའི་ཨར་འདམ་ལམ་དང་ཉི་ནུས་ཆུ་དྲོད་འཕྲུལ་ཆས་ལས་དོན་བཅས་ཡང་འགྲུབ་ཡོད། གྲོང་པའི་བྱ་འགུལ་སྤེལ་ས་ཁང་པ་གཅིག་ལས་ཡོད། ཞིང་སྡེའི་འགན་ལེན་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་དུད་གྲངས༧༧ལ་མི༣༣༥ཡོད། རྒན་གསོ་ཉེན་འགོག་ནང་ཞུགས་མཁན་མི་གྲངས༡༣༨ཡོད། ཆེས་དམའ་བའི་འཚོ་བ་འགན་ལེན་ནང་དུ་ཞུགས་མཁན་མི༥༢ཡིད། དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ལོན་མཁན་མི༣ཡོད། སྡོད་ཁང་དཀའ་ངལ་ཡོད་མཁན་དུད་ཚང༢༢ཡོད། གྲོང་པའི་གསུམ་བསྒྱུར་ཨར་ལས་བྱེད་ས་དུད་ཚང༥ཡོད། གྲོང་མིའི་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཡག་པོ་བྱས་ཡོད་པ་ཡིན་ཟེར། སྡེ་འདིའི་གྲོང་ཆུང་གི་མིང་ནི། འ་བོ་གྲོང་། རྫ་མོ་འགག་གྲོང་པ། དབར་གྲོང་པ། སྡེ་པ་འདིའི་ས་མཚམས་ནི། དབར་བོ་གྲོང་མན་ཆད་དང་དབར་རོ་གྲོང་ཡན་ཆད་ཡིན་ནོ།   །

ཕག་གསོ་སྡེ་པ་དང་པོ་ལ་དུད་གྲངས༨༤དང་མི་གྲངས༣༥༦ཡོད། སྡེ་པ་འདིའི་གྲོང་ཆུང་ནི། ཡ་ཁོག་གྲོང་པ་དང་། མ་ཁོག་གྲོང་པ། འདེག་ལྟེ་ཐང་གྲོང་པ། རྫི་ཁུག་གྲོང་པ། འོས་ཡས་གྲོང་པ། དགོན་པ་ནི་ལྷ་སྒང་དགོན་པ་ཡིན། འདིའི་ས་མཚམས་ནི། འདེག་ལྟེ་ཐང་གྲོང་པ་མན་ཆད་དང་ཟམ་ནག་མ་ཁ་ཡན་ཆད་ཡིན་ནོ།།  

བལ་གསེད་སྟོད་སྡེ་དང་པོ་ལ་དུད་གྲངས༡༡༥ཡོད། མི་གྲངས༤༧༣ཡོད། སྡེ་འདིའི་གྲོང་ཆུང་ནི། ཞིས་ཁྲི་པ། སེ་འོས་ཁུག་གྲོང་པ། རྒྱ་གྲོང་པ། ར་དོགས་གྲོང་པ། འོས་ཡས་གྲོང་པ། འདེགས་བྱེད་གྲོང་པ། ཚོ་ཆུང་བཞི་ཡོད། གནས་བཞི་ཆོས་ཚོགས་ཞེས་དགོན་པ་ཆུང་ཆུང་ཞིག་ཡོད། སྡེ་འདིའི་ས་མཚམས་ནི། ཟམ་ནག་མ་ཁ་ཡན་ཆད་དང་མི་གབ་མཆོད་རྟེན་ནམ་ཨ་ཅ་རང་དབང་ཡན་ཆད་སྡེ་འདིའི་ས་ཆ་ཡིན་ཞེས་བཤད་སྲོལ་ཡོད་དོ། །

ཨ་མཁའ་གྲོང་སྡེ་པ་ནི་བལ་གསེད་གྲོང་སྟོད་ཀྱི་སྡེ་པ་གཉིས་པའམ་ཨ་མཁའ་གྲོང་སྡེ་པ་ནི་དར་མདོ་རྫོང་རྒྱུ་ལའི་ནུབ་ཕྱོགས་སུ་ཆགས་ཡོད། མཚོ་འཕགས་སྨི༣༥༠༠ཡོད། ཞིང་ཆེན་རིམ་པའི་ལམ༢༡༥རྒྱུད་ན་ཆགས་ཡོད། ར་རྔ་ཁ་དང་བར་ཐག་སྤྱི་ལེ༡༥ཡོད། སྡེ་པ་དེར་དུད་གྲངས༧༧དང་མི་གྲངས༣༡༧ཡོད། སྡེ་ཡོངས་ལ་ཞིང་སའི་ས་ཁྱོན་མུའུ༡༡༠༠ཡོད། སྒོ་ཕྱུགས་ཟོག་ཆེ་ཆུང་ཁྱོན་བསྡོམས༥༨༠ཡོད། དེའི་ནང་དུ་རྟ༢༥ཡོད། དུད་ཚང་རེ་རེ་ལ་སྲ་མཁྲེགས་འགྱུར་བའི་ལམ་སྨི༢༤༠༠ལས་ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་མ་དངོས་བྱུང་གི་ཡོང་སྒོ་སྒོར༣༠༠༠ཡོད། སྡེ་དེར་ཏང་པུའུ་གཅིག་དང་ཏང་མི༡༢དང་། ཏང་ཞུགས་ཧུར་བརྩོན་པ༢ཡོད། གྲོང་མི་ཨུ་ལྷན་གསུམ་ཡོད། དྲུང་ཡིག་གཅིག་ཞིང་སྡེ་གསར་པའི་ཨར་ལས་འཛུགས་སྐྲུན་བྱས་ནས་བཟུང་། ད་ལྟ་གྲོང་ཡོངས་ལ་ཨར་འདམ་གྱི་ལམ་དང་གློག་དང་ཆུ་འཐུང་རྒྱུ་སོགས་ལས་ཀ་རྣམས་ལས་ཚར་ཡོད། གྲོང་མིའི་བྱ་འགུལ་སྤེལ་ས་ཁང་པ་ཞིག་རྒྱབ་ཡོད། ཞིང་སྡེའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་ཁྱིམ་ཚང༩༥དང་མི་གྲངས༤༢༣ཡོད། ཞིང་སྡེ་གསར་པའི་རྒན་གསོའི་འགན་ལེན་ནང་ཞུགས་མཁན་མི༡༦༣ཡོད། ཆེས་དམའ་བའི་འཚོ་བའི་འགན་ལེན་ལ་ལོངས་སྤྱོད་མཁན་མི༥༧ཡོད། སྡོད་ཁང་དཀའ་ངལ་ཅན་དུད་ཚང༩ཡོད།ཞིང་སྡེའི་གསུམ་སྒྱུར་ཨར་ལས་ནང་དུད་ཚང༡༡ཡོད། མི་དམངས་ཀྱི་འཚོ་བ་དང་ཐོན་སྐྱེད་ཐད་ལ་ལེགས་བཅོས་ཆེན་པོ་ཐོབ་ཡོད་པ་ཡིནསྡེ་འདིའི་གྲོང་ཆུང་ནི། ཤོག་བུ་གྲོང་པ། མདའ་ཁུག་གྲོང་པ། ཨ་མཁའ་གྲོང་པ། འཛི་ར་གྲོང་པ། ཤུ་ཁུག་གྲོང་པ། མདའི་ཁུག་གྲོང་པ་བཅས་ཡོད། སྡེ་འདིའི་ས་མཚམས་ནི། སྐྱ་ཀ་བྲག་མན་ཆད་དང་ཨ་བོས་ལུང་པ་ཡན་ཆད་ཡིན་ཞེས་བཤད་འདུག་པས་དེ་ལུགས་ཞུའོ།།

བལ་གསེད་སྨད་སྡེ་དང་པོ་ལ་དུད་གྲངས༡༠༨དང་མི་གྲངས༤༤༤ཡོད། སྡེ་འདིའི་གྲོང་ཆུང་ནི།  འབུ་ཁུག་གྲོང་པ།  ཁུ་ལུ་མདའ།  དབལ་རུས་མདའ་རྒྱ་གྲོང་པ།  ཆབ་མདོ་གྲོང་པ།  ཛུ་ པུའུ་གྲོང་པ། འོས་ཕྲུག་གྲོང་པ། སྡེ་འདིའི་ས་མཚམས་ནི། ཨ་བོས་ལུང་པ་མན་ཆད་དང་ལྷ་ལོ་གྲོང་ཡན་ཆོད་བཅས་ཡིན་པར་བཤད་དོ།།  

བལ་གསེད་སྨད་པའི་སྡེ་པ་གཉིས་པ་ལ་དུད་གྲངས༧༧དང་མི་གྲངས༣༡༧ཡོད། སྡེ་འདིའི་གྲོང་ཆུང་ནི། ཉོག་ལུ་གྲོང་པ་དང་།   རུ་ལུ་ཁུག་གྲོང་པ།  འ་འ་གྲོང་ཡས་གྲོང་པ། མདོས་ཡས་གྲོང་པ།  སྡེ་འདིའི་ས་མཚམས་ཆབ་རོམ་གཤམ་པ་མན་ཆད་དང་ཡེ་ཏོས་ཐོག་ཡན་ཆད་ཡིན་ཞེས་པཤད་སྲོལ་ཡོད་དོ།།

 བལ་གསེད་སྨད་སྡེ་གསུམ་པ་ལ་དུད་ཚང༦༨དང་མི་གྲངས༢༧༥ཡོད། ལོ་ན་ཚོད༡༦ནས༥༩བར་ལ་མི་གྲངས༡༨༩ཡོད། ལོ་ན༦༠ཡན་ཆད་མི་གྲངས༡༨ཡོད། དེའི་ནང་དུ་སློབ་སྔོན་སློབ་མ༢༣དང་། སློབ་ཆུང་སློབ་མ་ཞེ་དྲུག སློབ་འབྲིང་སློབ་མ་བཅུ། མཐོ་འབྲིང་སློབ་མ་དྲུག་དང་སློབ་ཆེན་སློབ་མ་བཞི་ཡོད། དམིགས་བསལ་དབུལ་ཕོངས་དུད་ཚང༡༡ཡོད། སྡོད་ཁང་མེད་པའི་དུད་ཚང༥ཡོད། འགན་ལེན་ལྔའི་དུད་ཚང༣ཡོད། གྲོགས་མེད་ཁེར་རྐྱང་གི་མི་རྒན༢ཡོད།ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་དུ་ཞུགས་མཁན་དུད་གྲངས༦༨དང་མི༢༢༥ཡོད།  རྒན་གསོའི་འགན་ལེན་ནང་དུད་ཞུགས་མཁན་མི་གྲངས༩༡ཡོད། ཞིང་སྡེ་ཆེས་དམའ་བའི་འཚོ་བའི་འགན་ལེན་ནང་ཞུགས་མཁན་མི་གྲངས༢༦ཡོད། དབང་པོ་སྐྱོན་ཅན་མི་གྲངས༡༥ཡོད།   དེའི་ནང་ལ་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་ཡོད་མཁན་མི༤ཡོད། རྩྭ་ས་རྒྱ་ཁྱོན་མུའུ༣༠༡༥༡དང་གྲངས་ཆུང༦ཡོད། ས་ཞིང་རྒྱ་ཁྱོན་མུའུ༦༢༤དང་གྲངས་ཆུང༧༣ཡོད། ཕྱུགས་ཟོག་ཁྱོན་གྲངས༦༠༠ཡོད། སུམ་བསྒྱུར་འཛུགས་སྐྲུན་ལ་ཞུགས་པའི་དུད་ཚང༢༤ཡོད། སྡེ་ཡོངས་ལ་ཏང་ཡོན༨ཡོད། གྲྭ་པ་ཁྱོན་བསྡོམས་མི་གྲངས༡༡༡ཡོད་པ་ཡིན།   སྡེ་འདིའི་གྲོང་ཆུང་སོགས་ཀྱི་མིང་ནི། མདོ་བ་ཁུག་གྲོང་པ། རི་ཅི་ཕུག་གྲོང་པ། བྲག་ཞབས་གྲོང་པ། རྒྱ་ལུང་པ། མགྲིན་ཤིས་གྲོང་པ། གྲོང་འདིའི་མིང་ལ་མེ་ཟུར་ཤིས་དང་། སྨད་ཟུར་གཤིས་མེ་རྫོང་གཤིས་བཅས་ཟེར་སྲོལ་འགའ་ཤས་ཡོད་དོ།།

མགོ་ལོག་ཐང་སྡེ་པ་དང་པོ་ལ་དུད་གྲངས༧༡དང་མི་གྲངས༣༠༣ཡོད། སྡེ་འདིའི་གྲོང་ཆུང་གི་མིང་ནི། ར་རྔ་གྲོང་པ། རྒྱ་ཁང་གྲོང་པ། སྡེ་འདིའི་ས་མཚམས་ནི། གྲོང་མགོ་མན་ཆད་དང་རྒྱ་ཁང་གྲོང་པ་ཡན་ཆད་སྡེ་འདིའི་མངའ་ཁོངས་ཡིན་པར་བཤད་དོ། །

མགོ་ལོག་ཐང་སྡེ་པ་གཉིས་པ་ནི་ར་རྔ་ཁ་གྲོང་རྡལ་གྱི་དར་མདོའི་རྒྱུ་ལའི་ནུབ་ཕྱོགས་ན་ཡོད། ཁམས་ལྷོ་རྒྱུད་དང་བྱང་རྒྱུད་ལ་འགྲོ་སའི་གཞུང་ལམ་གཉིས་ཀྱི་འགྲམ་དུ་ཆགས་ཡོད། མཚོ་འཕགས་སྨི༣༥༠༠ཡོད། རང་སྡེ་དང་ར་རྔ་ཁའི་བར་དུ་སྤྱི་ལེ༥ལྷག་ཙམ་ཡོད། ཞིང་ལས་རྐྱང་རྐྱང་ལས་མཁན་ཡིན། སྡེ་དེར་དུད་ཚང༤༠ལ་མི་གྲངས༡༧༩ནང་དུ་བུ༩༠དང་བུ་མོ༨༦། ཞིང་ལས་ངལ་རྩོལ་བྱེད་མི༨༡དང་སློབ་མ༢༨ཡོད། ས་ཞིང་རྒྱ་ཁྱོན་བསྡོམས་མུའུ༣༢༣.༩༨ཡོད། རྨོ་དོར་ནགས་སྤེལ་བྱེད་སའི་རྒྱ་ཁྱོན་མུའུ༡༦༡དང་གྲངས་ཆུང༢ཡོད། འབྲོག་སྐྱུར་ཕྱུགས་སྲུང་བྱེད་སའི་རྒྱ་ཁྱོན་མུའུ༡༢༦༠༠ཡོད། ད་ཡོད་ཀྱི་ཕྱུགས་གྲངས༣༧༩ཡོད། དབྱིབས་ཆུང་རླངས་འཁོར༦ཡོད་དོ། ཤར་སྡེ་གཉིས་པའི་ཏང་ཀྲི་པུའུ་ལ་ཁྱོན་ཏང་མི༡༠ཡོད། ཏང་ཞུགས་ཧུར་བརྩོན་པ་མི༢ཡོད། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྟ་མགྲིན་རྡོ་རྗེ། ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་ཕུན་ཚོགས། དྲུང་ཡིག་རིན་ཆེན་རྒྱ་མཚོ་གསུམ་དང་། སྡེ་པའི་མི་སྣ་གསུམ་ནི། བསོད་ནམས་བཀྲ་ཤིས་དང་། ཚེ་རིང་དོན་འགྲུབ།བཀྲ་ཤིས་བཅས་ཡིན། ཞིང་སྡེ་གསར་པ་འཛུགས་སྐྲུན་བྱས་ནས་བཟུང་སྟེ། མིག་སྔར་གྲོང་པ་ཡོངས་ལ་གློག་ནུས་དྲྭ་བ་དང་།  མི་ཕྱུགས་གཉིས་ལ་བདེ་འཇགས་ཅན་གྱི་ཆུ་འཐུང་རྒྱུ་དང་།   ཉི་ནུས་ཆུ་དྲོད་འཕྲུལ་ཆས། སྟབས་བདེའི་སྲ་མཁྲེགས་ཅན་གྱི་ལམ་བཅས་ཁྱོན་ཡོངས་ནས་བཟོ་བསྐྲུན་ལེགས་འགྲུབ་བྱུང་ཡོད། ད་སྐབས་གྲོང་སྡེ་འདི་ལ་བྱ་འགུལ་ལྟེ་གནས་གཅིག་རྒྱབ་ཡོད། དམངས་ཕན་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་འོག་ཏུ། ཤར་གྲོང་གཉིས་པའི་དུད་ཚང༤༡གི་མི་གྲངས༡༧༦གྲོང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་དུ་ཞུགས། རྒན་གསོ་འགན་ལེན་ནང་མི༧༠ཞུགས་ཐུབ་ཡོད། ཆེས་དམའ་བའི་འཚོ་བའི་འགན་ལེན་ནང་ཞུགས་མཁན་མི༡༩ཡོད། དབང་པོ་སྐྱོན་ཅན་གྱི་དཔང་ཡིག་ལོན་མཁན་མི༢ཡོད། སྡོད་གནས་དཀའ་ངལ་སེལ་ཨར་ལས་བཟོ་སྐྲུན་ནང་དུ་ཞུགས་མཁན་ཁྱིམ་ཚང༡༡ཡོད་ཞིང་སྡེའི་སྒྱུར་བཀོད་གསུམ་ནང་ཞུགས་པའི་དུད་ཚང༡༡ཡོད། སྡེ་འདིའི་གྲོང་ཆུང་གི་མིང་རྣམས་ནི། དགུ་བསུ་ཕུག་གྲོང་པ་བྲག་ཞབས་སྦུག་གྲོང་པ། སྡེ་འདིའི་ས་མཚམས་ནི། དགུ་བསུ་ཕུག་མན་ཆད་དང་གཞུང་ལ་ཡན་ཆད་བཅས་ཡིན་པར་བཤད་དོ། །

མགོ་ལོག་ཐང་སྡེ་པ་གསུམ་པ་ནི་ར་རྔ་ཁའི་གྲོང་རྡལ་གྱི་མངའ་ཞབས་མགོ་ལོག་ཐང་སྡེ་པ་གསུམ་པ་ནི་དར་མདོའི་རྒྱུ་ལའི་ནུབ་ཕྱོགས་སུ་ཆགས་ཡོད། ཁམས་ལྷོ་རྒྱུད་དང་བྱང་རྒྱུད་ལ་འགྲོ་སའི་གཞུང་ལམ་གཉིས་ཀྱི་བར་འགྲམ་དུ་གནས་ཡོད། མཚོ་འཕགས་སྨི༣༥༠༠ཡོད། ཞིང་ཆེན་གྱི་ལམ་ཨང༢༡༥པའི་ལམ་རྒྱུད་ལ་གནས་ཡོད། རང་སྡེ་དང་ར་རྔ་ཁའི་བར་དུ་སྤྱི་ལེ༥ཙམ་ཡོད། ཞིང་ལས་རྐྱང་རྐྱང་ལས་མཁན་ཞིག་ཡིན། སྡེ་དེར་དུད་ཚང༤༡ལ་མི་གྲངས༡༨༦ཡོད། ཞིང་སའི་རྒྱ་ཁྱོན་མུའུ༤༠༥ཡོད། ད་ཡོད་ཀྱི་ཕྱུགས་གྲངས༦༧༧ནང་དུ་རྟ༢༧དང་ཕག༡༠ཡོད། སྟབས་བདེ་སྲ་མཁྲེགས་ཅན་གྱི་ལམ་སྨི༢༣༢༠དང་གྲངས་ཆུང༦ལས་ཡོད། མི་རེར་ཆ་མཉམ་ཡོང་སྒོ་སྒོར་མོ༣༠༠༠ཡོད། གྲོང་སྡེའི་ཏང་ཀྲི་པུའུ་ལ་ཁྱོན་ཏང་མི༡༣ཡོད། ཏང་ཞུགས་ཧུར་བརྩོན་པ་མི༣ཡོད། སྡེ་པའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསྟན་པ་དར་རྒྱས་ཡིན། ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་གཅིག་ཡོད། དྲུང་ཡིག་ཁྲ་ཆུང་ཡིན། ཞིང་སྡེ་གསར་པ་འཛུགས་སྐྲན་བྱས་ནས་བཟུང་སྟེ། མིག་སྔར་གྲོང་པ་ཡོངས་ལ་གློག་ཤུགས་ཀྱི་དྲྭ་བ་དང་གློག་སྒྲོན། མི་ཕྱུགས་གཉིས་ལ་བདེ་སྲུང་གི་འཐུང་རྒྱུ། ཉི་ནུས་དྲོད་ཐོན་འཕྲུལ་ཆས། བརྙན་འཕྲིན་ལྟ་རྒྱུ་བཅས་ཀྱི་དོན་རྣམས་འགྲུབ་ཟིན། ད་སྐབས་གྲོང་སྡེ་འདི་ལ་བྱ་འགུལ་ལྟེ་གནས་ཀྱི་ཁང་པ་ཞིག་ཀྱང་ལས་ཚར། གྲོང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་དུ་ཞུགས་མཁན་དུད་ཚང༤༡གི་མི་གྲངས༡༨༤ཞུགས་ཡོད། རྒན་གསོ་འགན་ལེན་ནང་མི༦༦ཞུགས་ཡོད། ཆེས་དམའ་བའི་འཚོ་བའི་འགན་ལེན་ནང་ཞུགས་མཁན་མི༢༥ཡོད། སྡོད་གནས་དཀའ་ངལ་ཅན་དུད་ཚང༡༣ལ་ཨར་ལས་བཟོ་སྐྲུན་བྱས་ཟིན། ཞིང་སྡེ་གསུམ་འགྱུར་བའི་ཁྱིམ་ཚང༡༡ཡོ། གྲོང་མིའི་འཚོ་བ་དང་ཐོན་སྐྱེད་གྱི་ཆ་རྐྱེན་ཇེ་ལེགས་སུ་བཏང། སྡེ་འདིའི་གྲོང་ཆུང་གི་མིང་ནི། དགུ་བསུ་ཕུག་གྲོང་པ། བྲག་ཞབས་སྦུག་གྲོང་པ་སྡེ་འདིའི་ས་མཚམས་ནི། དགུ་བསུ་ཕུག་མན་ཆད་དང་གཞུང་ལས་ཡན་བཅས་ཡིན་པར་བཤད་ལ། སྡེ་འདིའི་ས་ཆ་ཐོག་ལ་རྒྱལ་ཁབ་ཀྱིས་གྲོང་ཆུང་གསར་པ་ཞིག་འཛུགས་སྐྲུན་བྱས་ཡོད་པར་བཤད་དོ། །

མགོ་ལོག་ཐང་སྡེ་པ་བཞི་པ་ལ་དུད་གྲངས༨༣ཡོད།  མི་གྲངས༣༣༠ཡོད་སྡེ་འདིའི་གྲོང་ཆུང་ནི།   ཚེ་འགུ་ལྟས་གྲོང་པ།   སྡེ་འདིའི་ས་མཚམས་ནི།  རྒྱ་གྲོང་མན་ཆད་དང་གཞུང་ལམ་ཡན་ཆད་ཡིན་ནོ། །

ར་རྔ་ཁའི་གྲོང་སྡེ་དང་པོ་ནི་ར་རྔ་ཁའི་གྲོང་རྡལ་གྱི་མངའ་ཞབས་ཀྱི་ར་རྔ་ཁ་སྡེ་པ་དང་པོ་ནི་སྲིད་འཛིན་སྡེ་པ་བཅུ་གསུམ་གྱི་ཡ་གྱལ་གྱི་སྡེ་པ་ཞིག་རེད།  གྲོང་རྡལ་གྱི་གཙོ་བོའི་ས་ཆ་རྒྱལ་ཁབ་ཀྱི་གཞུང་ལམ་ཨང༣༡༨འགྲམ་དུ་ཆགས་ཡོད། ས་ཁྱོན་སྤྱི་ལེ་གྲུ་བཞི་མ༥༠ཡོད། མཚོ་འཕགས་སྨི༣༥༠༠ཡོད། སྡེ་དེ་ནས་དར་མདོའི་བར་དུ་སྤྱི་ལེ༨༠ཡོད། ཝ་ཁྲལ་ལམ་ཝ་ཚི་ཤང་བར་དུ་ཧ་ལམ་སྤྱི་ལེ༩ཡོད། ཡུལ་མི་རྣམས་ཀྱི་འཚོ་བ་སྤྱོད་སྟངས་ནི་རོང་མ་འབྲོག་རེད། གྲོང་སྡེ་དེར་དུད་ཚང༡༥༨ལ་མི་གྲངས༦༤༥ཡོད།  སྡེ་དེའི་ནང་དུ་ཏང་ཡོན་མི་གྲངས༢༢ཡོད། ཆེས་དམའ་བའི་འཚོ་བའི་འགན་ལེན་ཞུགས་མཁན་མི༥༣ཡོད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་དུ་ཞུགས་མཁན་མི༥༠༦ཡོད། གྲོང་པའི་མི་གྲངས་ཀྱི་བརྒྱ༧༨དང་གྲངས་ཆུང༩ཟིན་ཡོད། རྒན་གསོ་འགན་ལེན་ནང་ཞུགས་མི་གྲངས༢༨༨ཡོད། གྲོང་དེའི་མི་གྲངས་ཀྱི་བརྒྱ་ཆ༤༤དང་གྲངས་ཆུང༩ལ་ཟིན་ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་མུའུ༩༨༨ཡོད། ཞིང་ལས་ཐོན་སྐྱེད་གཙོ་བོ་ནས་དང་གྲོ། སྲན་མ། ཞོག་ཁོག་བཅས་ཡིན།ཡོང་འབབ་ལ་བསྡོམས་གྲངས་ཏུན༡༦༡ཡོད། ཕྱུགས་ལས་ཐོན་སྐྱེད་གཙོ་བོ་བྱེད་ཡུལ་ནི་འབྲི་དང་རྟ། གཡག ར་མ། ལུག་བཅས་གསོ་སྐྱོང་བྱེད་བཞིན་ཡོད། ཕྱུགས་ཟོག་གི་ཁྱོན་གྲངས་ནི༤༩༢ཡིན། རྨོ་སྐྱུར་ནགས་སྤེལ་མུའུ༤༩༤དང་གྲངས་ཆུང༧ཡོད། ཕྱུགས་སྐྱུར་རྩྭ་སྤེལ་བྱེད་ས་མུའུ༩༤༠༠ཡོད།སྡེ་ཡོངས་ཀྱི་ལོ་གཅིག་གི་མི་རེར་ཆ་མཉམ་ཡོང་སྒོ་སྒོར་མོ༣༢༠༠ཡིན། ༢༠༡༡ལོའི་གྲོང་སྡེ་ཡོངས་ལ་མི་ཕྱུགས་ལ་ཉེན་མེད་འཐུང་ཆུ་དང་ཁྱིམ་སྤྱོད་པའི་སྲ་མཁྲེགས་ལམ་བཅས་འཛུགས་སྐྲུན་བྱས་ཡོད་པར་བཤད་དོ། །

ར་རྔ་ཁའི་གྲོང་སྡེ་གཉིས་པ་ནི་ར་རྔ་ཁའི་གྲོང་རྡལ་གྱི་མངའ་ཞབས་ཀྱི་གྲོང་སྡེ་གཉེས་པ་ནི་དར་མདོ་རྫོང་རྒྱུ་ལའི་ནུབ་ཕྱོགས་སུ་ཆགས་ཡོད། མཚོ་འཕགས་སྨི༣༥༠༠ཡིན། སྡེ་དང་དར་མདོ་རྫོང་མཁར་བར་དུ་སྤྱི་ལེ༦༨ཡོད། ས་ཁྱོན་སྤྱི་ལེ་གྲུ་བཞི་མ༥༠ཡོད། སྡེ་འདི་ལ་དུད་གྲངས༡༣༢དང་མི་གྲངས༥༠༤ཡོད། དེའི་ནང་དུ་དབུལ་ཕོངས་དུད་ཚང༣དང་། སྡོད་ཁང་མེད་པའི་དུད་ཚང་གསུམ། འགན་ལེན་ལྔའི་དུད་ཚང་གཉིས། ལོ་ན༦༢ནས༨༠བར་གྱི་གྲོགས་མེད་ཁེར་རྐྱང་གི་མི་རྒན་གཉིས་ཡོད། ཞིང་སྡེའི་མཉམ་ལས་སྨན་བཅོས་དབྱིབས་གསར་ནང་ཞུགས་པའི་ཞིང་པ་དུད་ཚང༡༣༢དང་མི་གྲངས༤༢༥ཡོད། རྒན་གསོའི་འགན་ལེན་ནང་ཞུགས་མི༢༩༢ཡོད། ཆེས་དམའ་བའི་འཚོ་བའི་འགན་ལེན་ནང་ཞུགས་མཁན་དུད་ཚང༢༦ལ་མི་གྲངས༣༨ཡོད། རབ་བྱུང་གྲྭ་པ་མི༩ཡོད། རྩྭ་སའི་རྒྱ་ཁྱོན་ལ་མུའུ༤༠༤༥་༣༠ཡོད། རྨོ་སྐྱུར་ནགས་སྤེལ་མུའུ༣༥༢དང་གྲངས་ཆུང༨ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་མུའུ༡༣༥༤དང་གྲངས་ཆུང༦ཡོད། ཕྱུགས་ཟོག་གི་གྲངས་ནི༥༠༤ཡིན། རྟ་ཆེ་ཆུང༥༩ཡོད། ཕྱུགས་ཟོག་མེད་མཁན་དུད་ཚང༧༦ཡོད། གྲོང་འདིའི་ཏང་ཀྲི་པུའུ་ལ་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་། ཀྲི་པུའུ་ཨུ་ཡོན༢། ཏང་ཡོན་མི༢༠དང་། ཏང་ཡོན་ནང་ལ་གྲ་སྒྲིག་བྱེད་མཁན་མི༢བཅས་ཡོད་། གྲོང་སྡེ་འདི་ནི་ཕྱུགས་ལས་དང་ཞིང་ལས་འདྲེས་མ་བྱེད་མཁན་ཞིག་ཡིན། གཙོ་བོའི་ཡོང་འབབ་ནི་ཞིང་རྨོ་འདེབས་བྱེད་རྒྱུ་ལ་བརྟེན་ཡོད། དཔལ་འབྱོར་ཐོག་ནས་ཡོང་འབབ་མེད། ཕལ་བའི་ལས་ཀ་ནི་ས་ཕྱོགས་གཞན་ལ་ཞོར་ལས་འགྲོ་རྒྱུ་དེ་ཡིན། ལོ་གཅིག་གི་ཆེས་མཐོ་བའི་ཡོང་འབབ་ཧ་ལམ་སྒོར་སྟོང་ལྔ་ཙམ་ཡིན། ཆེས་དམའ་བ་ནི་སྒོར་མོ༣༠༠༠ནས༤༠༠༠བར་ཡིན་ཟེར། གྲོང་གསར་གཉིས་པའི་གསུམ་བསྒྱུར་འཆར་གཞི་ལེགས་འགྲུབ་བྱུང་བ་དུད་ཚང༣༣ཡོད། མི་དང་སྒོ་ཕྱུགས་བདེ་འཇགས་འཐུང་ཆུའི་ལས་དོན་ཕལ་ཆེར་འགྲུབ་ཡོད་པར་བཤད་དོ། །

གྲོང་མི་ཨུ་ཡོན་ལྷན་ཁང་།ལ་དུད་ཚང་གྲངས༦༧དང་མི་གྲངས༡༥༩ཡོད་དོ །  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་གྲོང་རྡལ་དེའི་ཧྲུའུ་ཅི་བསྟན་པ་རྒྱ་མཚོ་དང་དཔོན་པོ་སངས་རྡོར་གཉིས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།   །

ཝ་ཚི་ཡུལ་ཤོག་གི་ངོ་སྤྲོད་མདོར་བསྡུས།  

དེ་ཡང་ས་བབ་ཀྱི་གནས་ཚུལ་རགས་བཤད། ས་མིང་གི་འབྱུང་ཁུངས་ནི་ཡུལ་དཔོན་ལ་ཝ་ལྤགས་ཀྱི་ཁྲལ་འཇལ་དགོས་པའི་ས་ཆ་ཞིག་ཡིན་པས་མིང་བཏགས་པ་རེད་ཟེར། ས་གཤིས་གནས་ཡུལ་ནི་འཕྲེད་ཐིག་བྱང་མའི༣༠.༥༠.༣༨དང་། གཞུང་ཐིག་ཤར་མའི༡༠༡.༥༢.༦༢ཡིན་ལ།  མཚོ་འཕགས་སྨི ༣༤༤༠ཡིན། ར་རྔ་ཁ་གྲོང་རྡལ་དང་ཁྱིམ་མཚེས་ཡིན། ཤང་སྲིད་གཞུང་གི་ད་ལྟའི་སྡོད་གནས་ནི་རྫོང་ཞབས་གྲོང་པ་དང་། ཁ་པར་ཡུལ་གྲངས༠༨༣༦ཡིན། སྤྲགས་སྲིད་ཨང་གྲངས༦༢༦༠༠༠ཡིན། ཤང་ནས་དར་མདོ་རྫོང་མཁར་བར་དུ་སྤྱི་ལེ༧༡ཡོད། ཤང་མིང་གི་འགྱུར་ལྡོག་སྐོར། སྤྱི་ལེ༡༩༥༧ལོར་ཤང་སྲིད་གཞུང་བཙུགས་ཤིང་རྫོང་ཞབས་ཆུས་ཀྱི་ཁོངས་སུ་གཏོགས། ༡༩༥༩ལོར་རྫོང་ཞབས་ཆུས་ར་རྔ་ཁར་སྤོ་སྐབས། ཝ་ཁྲལ་ཤང་ཡང་ཝ་ཁྲལ་གྲོང་ནས་རྫོང་ཞབས་ལ་སྤོས་ཤིང་མིང་ནི་སྔར་བཞིན་ཝ་ཁྲལ་ཤང་ཞེས་བཏགས། ༡༩༦༦ལོར་ཀུང་ཧྲེ་ཟེར་བ་དེ་བཙུགས་སྐབས་ཀུང་ཧྲེ་ཞེས་པར་མིང་བསྒྱུར། ༡༩༥༩ལོར་ཡང་མིང་བརྗེས་ཏེ་ཝ་ཁྲལ་ཀུང་ཧྲེ་ཞེས་མིང་བཏགས། ༡༩༨༤ལོར་ཝ་ཁྲལ་ཤང་ཞེས་པའི་མིང་སྐྱར་གསོ་བྱས་པ་ཡིན། ཤང་དེས་སྲིད་འཛིན་ས་ཁུལ་གྱི་ས་ཆ་བགོ་ཚུལ་ནི། ཝ་ཁྲལ། རྫོང་ཞབས། སྐྱིད་ལེགས་དང་རྒྱ་རྔ་ཐོག་འགུ་ཞི། དགོན་པ་གཤིས། ཨ་ཉག་སྨད་པ། ཨ་ཉག་སྟོད་པ། ན་བ་གཤིས་པ། གཡུ་རྩེ་གཤིས་སྡེ་པ་གསུམ་དང་དབར་བ་མདོ། མཁར་འོག་གྲོང་། དཔེ་ཡུལ་གཤིས་པའི་སྡེ་པ་སོགས་གྲོང་མི་ཨུ་ཡོན་ལྷན་ཁང༡༥ཡོད་དོ།།  མི་གྲངས་དང་ས་ཆ་ནི་ཤང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༥༡༡.༡༧ཡོད། ༢༠༡༡ལོའི་ལོ་མཇུག་ཏུ་དུད་ཚང༩༤༥ཡོད། མི་རིགས་ཀྱི་གྲུབ་ཚུལ་ནི་བོད་རིགས་གཙོ་བོ་ཡིན་ལ། ཤང་ཡོངས་ཀྱི་མི་གྲངས་ཁྱོན་བརྒྱ་ཆ༩༦དང་གྲངས་ཆུང༡ཡས་མས་སུ་ཟིན་ཡོད་དོ།། རང་བྱུང་ཁམས་ཀྱི་ཆ་རྐྱེན་དང་ས་བབ་ཆགས་ཚུལ་ནི་ས་དབྱིབས་བདེ་མོ་ཡིན་ལ། ཤང་ཡོངས་ཀྱི་ས་དབྱིབས་ནི་བྱང་མཐོ་ལ་ལྷོ་དམའ་བར་རི་མཐོ་ཆུ་མང་པོ་ཡོད་པའི་ས་ཁུལ་ཡིན། གནམ་གཤིས་ནི་རི་ཁུལ་དྲོ་གྲང་གཉིས་ལྡན་ས་ཁུལ་གྱི་གནམ་གཤིས་ཡིན། ཆུའི་འགྱུར་ཚུལ་ནི་ཤང་གི་ཆུ་ཚང་མ་ཆ་རྒྱུན་ཆང་བའི་ཆུ་རྒྱུད་ཡིན། རྫོང་ཞབས་ལུང་པ་ནས་རྫོང་ཞབས་སྡེ་པ་བརྒྱུད་ནས་མི་ཉག་ལི་ཆུ་འབབ་སར་སྟོད་སྨད་རྒྱུད་ནས་གཤར་བཞིན་ཡོད། གཡུ་རྩེ་གཤིས་ལུང་པའི་ཆུ་ནི་སྡེ་པ་གསུམ་བརྒྱུད་ནས་མི་ཉག་གི་སྨད་དུ་ཆུ་རྣམས་འབབ་བཞིན་ཡོད། གཏེར་ཁ་དང་དེ་མིན་རང་བྱུང་ཐོན་ཁུངས་ཐད། ཤང་ཁོངས་སུ་གཏེར་རྫས་ཐོན་ཁུངས་གཙོ་བོ་ནི་གསེར་དང་ཝུའུ་ཡིན་ལ། ཁྱབ་ཡུལ་ནི་གཡུ་རྩེ་གཤིས་དང་ཆུ་ཆེན་ཁ་བཅས་ཡིན། སྨན་རྫས་ཀྱི་རིགས་ལ་ལྕུམ་རྩ་དང་། སྲོ་ལོ་དམར་པོ་སོགས་ཡོད། རི་སྐྱེས་སྲོག་ཆགས་ཀྱི་རིགས་མང་ལ། གཙོ་བོ་ནི་གནའ་བ་དང་དོམ། འཕྱེ་བ། གྲུམ་པ། དགོ་པ། ཝ། སྤྱང་ཀི་སོགས་ཡོད། རང་བྱུང་གི་གནོད་པ་ནི་སེར་བ་དང་། ཆུ་ལོག་རྡོ་རུད། གངས་དགྲ་སོགས་ཡིན། དཔལ་འབྱོར་གྱི་གནས་ཚུལ་ནི། ཞིང་ལས་ཀྱི་ཐད་ལ། སྤྱི་ལོ༢༠༡༡ལོར་འབྲུ་རིགས་ཐོན་ཚད་ཁྱོན་བསྡོམས་ཏུན༡༨༩༠ཡོད། ཞིང་ལས་རིན་ཚད་ཁྱོན་བསྡོམས་སྒོར༥༧༥༠༠༠༠དང་། མི་རེར་ཆ་མཉམ་ཡོང་སྒོ་སྒོར༣༧༨༣ཡོད། ཞིང་ལས་ཐད་ཞིང་ལས་ཀྱི་རྨང་གཞིའི་དགོས་ཆས་ཆ་རྐྱེན་ལེགས་བཅོས་དང་། ཤུགས་ཆེན་པོས་ཚན་རྩལ་འདོན་སྤྲོད་བྱས་ཏེ། ཕྱོགས་ཡོངས་ནས་ཐོན་སྤར་ལག་ཐབས་རྣམས་དོན་ཐོག་འཁྱོལ་ཞིང་། འབྲུ་རིགས་ཀྱི་ཐོན་ཚད་ཆེར་སྐྱེད་དང་། སྤྱིའི་ཐོན་ཚད་བརྟན་པོ་བྱས་པ་དང་། ཞིང་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱ་བའི་གོམ་སྟབས་ཇེ་ལེགས་སུ་བཏང་བ་དང་། ཁྱད་པར་ཅན་གྱི་འབྲུ་རིགས་གྲོ་ནས་ཀྱི་རྟེན་གཞིའི་འཛུགས་སྐྲུན་ཤུགས་ཆེ་རུ་གཏོང་བ་གཙོ་བོར་བཟུང་ཞིང་། ཞོག་ཁོག་དང་སྲན་རིགས་སྤུས་ལེགས། དུས་ཚིགས་ཁག་དབྱེ་བའི་སྔོ་ཚོད་རྨོ་འདེབས་དང་། ཀྲུང་བོད་སྨན་རྩྭ་རྨོ་འདེབས་བྱེད་པ་བཅས་ལ་ཤུགས་སྣོན་བྱས་པ་ཡིན། ཞིང་ལས་ཐོན་སྐྱེད་བདག་གཉེར་བྱ་བར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས། གྲུབ་འབྲས་ལྡན་པའི་སྒོ་ནས་ཞིང་ལས་རྩ་འཛུགས་བྱས། ཧུར་བརྩོན་གྱིས་གནས་གཞི་དང་ཆ་ལྡན་པའི་ལས་སྣོན་དང་། ཚོང་རའི་མ་ལག་འཛུགས་སྐྲུན་བཅས་དམ་འཛིན་ཡག་པོ་བྱས་པ་ཡིན། ལོ་དེར་ལོ་ཏོག་རྨོ་འདེབས་བྱས་པའི་རྒྱ་ཁྱོན་ལ་མུའུ༡༣༣༡༦ནང་འབྲུ་རིགས་རྨོས་པའི་རྒྱ་ཁྱོན་ལ་མུའུ༡༢༥༨༠ཡོད། དེའི་ནང་ནས་རྨོས་སའི་རྒྱ་ཁྱོན་ལ་མུའུ༩༧༣༣དང་། ཞོག་ཁོག་མུའུ༡༤༠༦བཅས་རྨོས་ཡོད། སྲན་མའི་རིགས་མུའུ༡༢༤༡ཡོད། དཔལ་འབྱོར་ལོ་ཏོག་མུའུ༤༣༦དང་། སྣུམ་ཚལ་མུའུ༤༣༦ལྷག་རྨོས་ཡོད། འབྲོག་ལས་ཐོན་སྐྱེད་ཐད་ལ། མུ་མཐུད་ནས་འབྲོག་ལས་ཐོན་སྐྱེད་གོམ་པ་བརྟན་པོས་གོང་དུ་སྤེལ་བ་དང་།ཕྱུགས་ཁྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་པ་ཤེད་ཤུགས་ཆེ་རུ་བཏང་སྟེ། ཤུགས་ཆེན་པོས་ཟོག་དང་བོད་ཕག་གི་གསོ་འཕེལ་ལས་ཀར་ཤུགས་སྣོན་དང་། ཕྱུགས་ཟོག་ར་བ་ནས་ཕུད་པ་དང་འཁོར་རྒྱུགས་བྱེད་ཚད་ཇེ་མགྱོགས་སུ་བཏང་ཞིང་། ཕྱུགས་ཟོག་གི་ནད་བཅོས་ནད་འགོག་ལས་ཀ་དང་རང་བྱུང་གནོད་འགོག་ནུས་པ་མཐོར་འདེགས་བྱེད་པ་བཅས་ཀྱི་ཐད་ནན་ཏན་གྱིས་དམ་འཛིན་བྱས་ཏེ། ཞིང་འབྲོག་པར་ཡོང་འཕར་མྱུར་ཕྱུག་གཏོང་བར་སྐུལ་འདེད་བྱས་པ་ཡིན། ཕྱུགས་ལས་ཀྱི་ཐོན་རིན་སྒོར༩༦༩༠༠༠༠འགྲུབ་ཅིང་། ར་བར་ཡོད་པའི་ཕྱུགས་ཟོག༢༠༤༥༠ཡོད། ཞོར་ལས་ཀྱི་ཐད་ལ། ཡུལ་སྐོར་ལས་རིགས་མུ་མཐུད་ནས་འཕེལ་རྒྱས་འགྲོ་བ་དང་མཉམ་དུ། ཝ་ཁྲལ་ཤང་གི་བོད་མའི་སྡོད་ཁང་སྣེ་ལེན་འཕེལ་རྒྱས་ཧ་ཅང་མགྱོགས་པས། ༢༠༡༡ལོར་ཡུལ་སྐོར་ཐོན་སྐྱེད་སྤྱིའི་ཐོན་ཚད་རིན་ཐང་སྒོར་ཉིས་འབུམ་ཐོག་ཏུ་སླེབས་ཡོད། སྤྱི་ཚོགས་འཕེལ་རྒྱས་ཐད་ལ། ༢༠༡༡ལོར་སྡེ་པའི་བྱེད་སྒོ་སྤེལ་ཡུལ་དགུ་བསྐྲུན་པ་དང་། ཞིང་དུད་དཔེ་མཛོད་ཁང༤ཡི་ནང་དུ་དཔེ་དེབ་ཁྲི་གཅིག་ལྷག་བཞག་ཡོད། སློབ་གསོའི་ཐད་ལ། ཤང་ནང་ཞག་སྡོད་ལམ་ལུགས་ཀྱི་ལྟེ་བའི་སློབ་གྲྭ་གཅིག་རྫོང་ཞབས་རེ་སྨོན་སློབ་ཆུང་དང་། སྡེ་པའི་སློབ་ཆུང་གཉིས་ལ་སློབ་ཁྲིད་འཛིན་གྲྭ༡༡ལ་སློབ་མ༢༨༡ནང་ཞག་སྡོད་སློབ་མ༡༢༠ཡོད། སློབ་གྲྭའི་འཛུགས་ཡུལ་ཤང་ཡོངས་ཀྱི་སྲིད་འཛིན་སྡེ་པ༡༥ལ་ཁྱབ་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་ཐད་ལ། ཤང་ཡོངས་ལ་འཕྲོད་བསྟེན་ཁང་གཅིག་དང་སྨན་པ༣ཡོད། སྡེ་པར་འཕྲོད་བསྟེན་ས་ཚུགས༣ལ་སྡེ་པའི་སྨན་པ༡༥ཡོད། ༡༠༡༡ལོར་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་འགན་ལེན་དང་ཞུགས་མཁན་མི་གྲངས༣༨༨༨ཡོད་ལ། འགན་ལེན་ནང་ཞུགས་ཚད་བརྒྱ་ཆ་༡༠༠ཡིན། སྤྱི་ཚོགས་འགན་ལེན་གྱི་ཐད་ལ། ༢༠༡༡ལོར་ཤང་ཡོངས་སུ་ཞིང་སྡེའི་ཆེས་དམའ་བའི་འཚོ་བའི་འགན་ཁུར་ལེན་མཁན་མི༥༤༦དང་། ཞིང་སྡེའི་འགན་ལེན་ལྔའི་ནང་ཚུད་མཁན་མི༡༤ཡོད། གྲོང་ཁྱེར་གྱི་ཆེས་དམའ་བའི་འཚོ་བའི་འགན་ལེན་མཁན་མི༡༠ཡོད། དམག་མི་དང་དཔའ་འདས་ཀྱི་ཁྱིམ་པའི་འཚོ་བའི་ཁ་སྣོན་ལེན་མཁན་གཅིག་དང་། རྒྱལ་ཁབ་ཀྱི་གཟིགས་སྐྱོང་བྱེད་སའི་མི༡༦། དྭ་ཕྲུགས་རོགས་སྐྱོར་བྱེད་ས་མི་གཅིག ཞིང་སྡེའི་རྒན་གསོའི་འགན་ལེན་ཉོ་མཁན་མི་གྲངས༡༤༡༢ཡོད་པ་ཡིན་ནོ། །

ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།

མཁར་འོག་གྲོང་སྡེ་པ་ལ་དུད་གྲངས༣༧དང་མི་གྲངས༡༨༩ཡོད། སྡེ་འདི་ལ་ཞིང་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༥༦༩ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༡༢༨དང་གྲོ་རྒྱ་མ༤ཡོད།   སྒོ་ཕྱུགས་ཀྱི་གྲངས་ནི།རྟ༩༡དང་ཟོག༥༢༤ར་ལུག༢༣༥བཅས་ཡོད།

འགུ་ཞི་གྲོང་སྡེ་པ་ལ་དུད་གྲངས༣༡དང་མི་གྲངས༡༦༢ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༥༥༤ཡོད།  ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༡༢༨དང་གྲོ་རྒྱ་མ༤ཡོད།  སྒོ་ཕྱུགས་ཀྱི་གྲངས་ནི། རྟ༩༡དང་ཟོག༥༢༤དང་ར་ལུག༢༣༥བཅས་ཡོད།  

བེའུ་གཤིས་གྲོང་སྡེ་ལ་དུད་གྲངས༣༨དང་མི་གྲངས༡༦༢ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༣༩༡ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༨༨དང་གྲོ་རྒྱ་མ༤.༦ཡོད། སྒོ་ཕྱུགས་ཀྱི་གྲངས་ནི། རྟ༦༨ཟོག༤༣༣ར་ལུག༡༨༧བཅས་ཡོད།

དགོན་པ་གཤིས་སྡེ་པ་ལ་དུད་གྲངས༥༡དང་མི་གྲངས༢༡༤ཡོད། དགོན་པ་གཤིས་ཆོས་ཚོགས་ལ་བསྟོད་པ། ཨེ་ཝཾ་ཁོངས་ཆུབ་སངས་རྒྱས་ཡེ་ཤེས་ཀྱིས། །གཙུག་ལག་བཏབ་ཅིང་དགོན་གཤིས་ཡོངས་གྲགས་པར། ཀརྨ་པ་དང་རྒྱ་མཚོ་བུ་མའི་ཐུགས་རྗེ།  །གཞན་ཕན་ལྷུན་གྲུབ་རྙེད་པའི་གནས་བཟང་མཛེས།  །ཞེས་པ་འདི་ནི་སྐྱིད་ལེགས་སྐུ་ཞབས་ཆོས་ཀྱི་རྒྱ་མཚོས་གསུངས་བར་བཤད་དོ།  །སྡེ་འདི་ལ་ཞིང་རྨོ་སའི་ཆའི་རྒྱ་ཁྱོན་ལ་མུའུ༧༥༦.༣༥ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༡༧༠དང་གྲོ་རྒྱ་མ༤ཡོད། སྒོ་ཕྱུགས་ཀྱི་གྲངས་ནི། རྟ༦༠ཟོག༤༠༡ར་ལུག༢༤༢བཅས་ཡོད།

གཡུ་རྩེ་གཤིས་ཚན་ཁག་དང་པོ་ལ་དུད་གྲངས༤༨དང་མི་གྲངས༢༥༢ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༦༧༣.༨༤ཡོད།   ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༡༤དང་གྲོ་རྒྱ་མ༣ཡོད། སྒོ་ཕྱུགས་ཀྱི་གྲངས་ནི། རྟ༣༤དང་ཟོག༢༢༧ར་ལུག༡༦༩བཅས་ཡོད།

གཡུ་རྩེ་གཤིས་ཚན་ཁག་གཉིས་པ་ལ་དུད་གྲངས༦༧དང་མི་གྲངས༣༥༡ཡོད། སྡེ་འདི་ལ་ཞིང་རྨོ་སའི་ཆའི་རྒྱ་ཁྱོན་ལ་མུའུ༡༡༢༣.༥ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༤༤དང་གྲོ་རྒྱ་མ༣.༢ཡོད། སྒོ་ཕྱུགས་ཀྱི་གྲངས་ནི། རྟ༦༠དང་ཟོག༦༠༦ར་ལུག༢༧༥བཅས་ཡོད།

གཡུ་རྩེ་གཤིས་ཚན་ཁག་གསུམ་པ་ལ་དུད་གྲངས༨༢དང་མི་གྲངས༣༢༢ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༡༦༦.༧༨ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༥༢དང་གྲོ་རྒྱ་མ༤ཡོད། སྒོ་ཕྱུགས་ཀྱི་གྲངས་ནི། རྟ༤༣༢དང་ཟོག༢༣༢ར་ལུག༢༤༠བཅས་ཡོད།

ཝ་ཁྲལ་སྡེ་པ་ལ་དུད་གྲངས༡༢༧དང་མི་གྲངས༥༠༢ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༦༩༧ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༣༠༤དང་གྲོ་རྒྱ་མ༤ཡོད། སྒོ་ཕྱུགས་ཀྱི་གྲངས་ནི། རྟ༤༢དང་ཟོག༥༣༢ར་ལུག༢༤༠བཅས་ཡོད།

རྫོང་ཞབས་གྲོང་སྡེ་ལ་དུད་གྲངས༨༧དང་མི་གྲངས༣༡༤ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༠༠༣.༤ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༣༤དང་གྲོ་རྒྱ་མ༣.༡༤ཡོད། སྒོ་ཕྱུགས་ཀྱི་གྲངས་ནི། རྟ༦༨དང་ཟོག༥༩༨ར་ལུག༢༠༣བཅས་ཡོད།

སྐྱིད་ལེགས་མདའ་སྡེ་པ་ལ་དུད་གྲངས༦༥དང་མི་གྲངས༣༠༦ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༩༢༤ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༡༤དང་གྲོ་རྒྱ་མ༣༠༦ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༤༣དང་ཟོག༤༢༧ར་ལུག༡༣༦བཅས་ཡོད།

རྒྱ་རྔ་ཐོག་སྡེ་པ་ལ་དུད་གྲངས༤༧དང་མི་གྲངས༢༡༨ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༧༠༤ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༡༧༤དང་གྲོ་རྒྱ་མ༤ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༤༢དང་ཟོག༤༢༧ར་ལུག༡༣༦བཅས་ཡོད།

ཨ་ཉག་གྲོང་སྡེ་པ་ལ་དུད་གྲངས༧༢དང་མི་གྲངས༣༣༧ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༣༠༢.༣ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༧༢དང་གྲོ་རྒྱ་མ༣.༤ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༤༧༡དང་ར་ལུག༡༩བཅས་ཡོད།

ཆུ་གཉིས་བར་སྡེ་པ་ལ་དུད་གྲངས༨༣དང་མི་གྲངས༢༩༩ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༡༥༡ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༦༢དང་གྲོ་རྒྱ་མ༣ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༥༡དང་ཟོག༡༩༩ ར་ལུག་བཅས་ཡོད། སྡེ་འདིའི་མིང་ལ་སྨད་པ་སྡེ་པའང་ཟེར་སྲོལ་ཡོད་དོ། །

ན་བ་གཤིས་སྡེ་པ་ལ་དུད་གྲངས༨༩དང་མི་གྲངས༣༤༨ཡོད། སྡེ་འདི་ལ་ཞིང་རྨོ་སའི་ཆའི་རྒྱ་ཁྱོན་ལ་མུའུ༡༣༢༤.༥ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༩༦དང་གྲོ་རྒྱ་མ༣.༠༨ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༥༦དང་ཟོག༣༠༡ ར་ལུག༡༠༩བཅས་ཡོད།

དབར་བ་མདོ་སྡེ་པ། ལ་དུད་གྲངས༤༦དང་མི་གྲངས༢༡༢ཡོད།  སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༨༧༩.༠༨ཡོད།ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༡༢དང་གྲོ་རྒྱ་མ༣.༤ཡོད། སྒོ་ཕྱུགས་ཀྱི་གྲངས་རྟ༥༦དང་ཟོག༣༠༡ར་ལུག༡༠༩བཅས་ཡོད། ཤང་གཅིག་གི་ཁྱིམ་ཚང་རྣམས་ཁྱོན་བསྡོམས་བྱས་ན་དུད་གྲངས་དགུ་བརྒྱ་དང་བདུན་ཅུ་ཡོད་ལ་མི་སེར་མི་དམངས་ཀྱི་མི་གྲངས་ཀ་ནི༤༡༨༨ཡོད་པ་ཡིན་ནོ། །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༢ལོའི་ཟླ༥པའི་ནང་དུ་ཡུལ་ཤོག་དེའི་ལས་བྱེད་པ་སྒྲོན་མ་ལྷ་མོས་མཁོ་འདོན་བྱས་པ་ཡིན་ནོ།  །

འགག་པ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ལི་ཆུ་གྲོང་སྡེ་པ་ལ་དུད་གྲངས༡༠༣དང་མི་གྲངས༤༤༧ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༨༢༩.༧༦ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༧༢༠༠༠དང་གྲོ་རྒྱ་མ༡༢༦༠༠ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༥༦དང་ཟོག༣༠༡  ར་ལུག༢༥༤བཅས་ཡོད། ས་ཆ་འདིར་ཆུ་གཏེར་ཆུ་མིག་ཅེས་པ་ཆུ་མིག་སྐད་གྲགས་ཅན་ཞིག་ཀྱང་ཡོད།

འགག་པ་སྟོད་པ་སྡེ་པ་ལ་དུད་གྲངས༣༡དང་མི་གྲངས༡༦༧ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༧༩༣.༩༦ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༩༤༠༠༠༠དང་གྲོ་རྒྱ་མ༤༦༠༠༠ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༣༣དང་ཟོག༡༨༠ར་ལུག༨༧བཅས་ཡོད།

 འགག་པ་སྨད་པ་སྡེ་པ་ལ་དུད་གྲངས༣༠དང་མི་གྲངས༡༥༤ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༦༥༦.༡༦ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༨༨༠༠༠དང་གྲོ་རྒྱ་མ༤༠༠༠༠ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༤༥དང་ཟོག༢༢༠ར་ལུག༧༣བཅས་ཡོད།

ལྕགས་ཟམ་ཁ་སྡེ་པ་ལ་དུད་གྲངས༧༨དང་མི་གྲངས༣༦༩ཡོད། སྡེ་པ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༥༧༠.༠ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༣༦༠༠༠ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༦༠དང་ཟོག༣༧༠ ར་ལུག༡༢༦བཅས་ཡོད། སྡེ་འདིའི་མིང་ལ་མི་ཉག་ལྕགས་ཟམ་ཁ་པ་ཡང་ཟེར།  སྡེ་པ་འདིའི་ནང་དུ་རྒྱལ་ཡོངས་གཅིག་གི་སློབ་སྦྱོང་བྱེད་ས་དང་མིག་དཔེ་ལྟ་སའི་དམག་མི་བཟང་པོ་བྱམས་པ་མཁས་གྲུབ་འཁྲུངས་སའི་སྡེ་དངོས་་ཡིན་ནོ།།

བསུ་ཚེ་སྡེ་པ་ལ་དུད་གྲངས༧༩དང་མི་གྲངས༣༧༦ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༤༥༡.༩༦ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༣༧༦༠༠༠ཡོད།

ཅུ་ནང་སྡེ་པ། ལ་དུད་གྲངས༦༠དང་མི་གྲངས༢༨༨ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༢༢༥.༠༦ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༣༣༨༠༠༠ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༧༩དང་ཟོག༥༥༩ ར་ལུག༢༨༡བཅས་ཡོད།

འཛུ་ནང་སྡེ་པ་ལ་དུད་གྲངས༤༨དང་མི་གྲངས༢༢༣ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༢༧༣.༧༦ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༣༣༢༠༠༠ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༥༧དང་ཟོག༡༠༢ ར་ལུག༤༩༩བཅས་ཡོད།

 ཐག་ར་ཁུག་སྟོད་པའི་སྡེ་པ་ལ་དུད་གྲངས༦༥དང་མི་གྲངས༣༤༩ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༠༦༨.༥༦ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༢༧༤༠༠༠དང་གྲོ་རྒྱ་མ༢༨༤༠༠༠ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༡༨༥དང་ཟོག༦༨༩ ར་ལུག༡༣༢༠བཅས་ཡོད།

ཐག་ར་ཁུག་སྨད་པའི་སྡེ་པ་ལ་དུད་གྲངས༥༧དང་མི་གྲངས༣༢༥ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༡༠༣.༢༦ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༣༠༠༠༠དང་གྲོ་རྒྱ་མ་ཡོད།

 མུ་ནང་སྡེ་པ་ལ་དུད་གྲངས༦༦དང་མི་གྲངས༣༤༥ཡོད། སྡེ་འདི་ལ་ཞིང་རྨོ་སའི་ས་ཆའི་རྒྱ་ཁྱོན་ལ་མུའུ༡༢༦༨.༠༦ཡོད། ལོ་གཅིག་ལ་འབྲུ་རིགས་ནས་རྒྱ་མ༣༦༠༠༠ཡོད།སྒོ་ཕྱུགས་ཀྱི་གྲངས། རྟ༡༣༧ཟོག༥༨༦ར་ལུག༡༠༤༢བཅས་ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༢༠དང་ཟོག་༢༡༢  ར་ལུག་༨༨བཅས་ཡོད་དོ།   །

མགོ་བཏགས་མ་རུ་ཁག་དང་པོ་ལ་དུད་གྲས༧༧དང་མི་གྲངས༣༥༠ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༨༥དང་ཟོག༡༢༦༣  ར་ལུག༡༡༣༡བཅས་ཡོད།

མགོ་བཏགས་མ་རུ་ཁག་གཉིས་པ་ལ་དུད་གྲངས༨༧དང་མི་གྲངས༣༥༩ཡོད། སྒོ་ཕྱུགས་ཀྱི་གྲངས། རྟ༡༢༠དང་ཟོག༡༡༥༦ ར་ལུག༩༤༠བཅས་ཡོད།   ཁྱོན་བསྡོམས་ཤང་གཅིག་ལ་དུད་ཚང༧༨༡ཡོད་ཅིང་མི་གྲངས༣༧༥༢ཡོད་པ་ཡིན་ནོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༢ལོའི་ཟླ༦པའི་ནང་དུ་ཡུལ་ཤོག་དེར་འབྲེལ་ཡོད་ཀྱི་ལས་བྱེད་པ་ཚེ་རིང་གཡང་འཛོམས་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  ། 


  • ལེ་ཚན་སྔོན་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༢༽
  • ལེ་ཚན་རྗེས་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༤༽