མི་ཉག་གི་དེབ་ཐེར་ལྗང་གུ །༼༤༽

རིག་འཛིན་བསྟན་སྲུང་གིས་བརྩམས།        2018-06-06

སྐྱ་ཀེ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

མི་ཉག་གྲོང་སྡེ་པ་ལ་དུད་གྲངས༨༧དང་མི་གྲངས༣༠༦ཡོད།

ཐེའུ་གྲོང་སྡེ་པ་ལ་དུད་གྲངས༤༡དང་མི་གྲངས༢༥༣ཡོད།

ལི་ཚེ་གྲོང་སྡེ་པ་ལ་དུད་གྲངས༣༩དང་མི་གྲངས༡༨༩ཡོད།

སྡེའི་མིང་ལ་གླིང་ཚན་སྡེ་པའང་ཟེར་སྲོལ་ཙམ་ཡོད་དོ། །

རི་ངོས་གྲོང་སྡེ་པ་ལ་དུད་གྲངས༤༣དང་མི་གྲངས༢༤༩ཡོད།

ཚ་མོ་གྲོང་སྡེ་པ་ལ་དུད་གྲངས༤༨དང་མི་གྲངས༢༤༧ཡོད།

རྫ་རི་ཁུག་སྡེ་པ་ལ་དུད་གྲངས༥༧དང་མི་གྲངས༣༠༦ཡོད།

ཞགས་ནང་སྡེ་པ་ལ་དུད་གྲངས༧༢དང་མི་གྲངས༣༨༧ཡོད།

རི་ཚེ་གྲོང་སྡེ་པ་ལ་དུད་གྲངས༤༩དང་མི་གྲངས༢༤༩ཡོད།

ཨ་བརྒྱ་གྲོང་སྟོད་པའི་སྡེ་པ་ལ་དུད་གྲངས༢༨དང་མི་གྲངས༡༦༠ཡོད།

ཨ་བརྒྱ་གྲོང་སྨད་པའི་སྡེ་པ་ལ་དུད་གྲངས༤༡དང་མི་གྲངས༢༣༡ཡོད་དོ། །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ་༢༠༡༢ལོའི་ཟླ་༣པའི་ནང་དུ་ཡུལ་ཤོག་དེའི་ལས་བྱེད་པ་ཚེ་རིང་གཡང་འཛོམས་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ། །

བོན་པོ་གཤིས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཟམ་པ་ཁའི་སྡེ་པ་ནི་དར་མདོ་རྫོང་གི་རྒྱུ་ལའི་ནུབ་ཕྱོགས་སུ་ཆགས་ཡོད། སྡེ་པ་དང་དར་མདོ་རྫོང་མཁར་བར་དུ་སྤྱི་ལེ༩༨ཡོད། ཤང་སྲིད་གཞུང་གནས་ཡུལ་ཡང་ས་ཆ་དེར་ཡོད། སྡེ་པ་ཡོངས་ལ་དུད་གྲངས༣༨དང་མི་གྲངས༢༡༢ཡོད། ཞིང་སའི་རྒྱ་ཁྱོན་ལ་མུའུ༡༡༦༩༡དང་གྲངས་ཆུང༡ཡོད། ཞིང་རྨོ་སྐྱུར་ནགས་སྤེལ་མུའུ༢༡༢ཡོད། འབྲུ་རིགས་ཐད་ཀར་ཁ་གསབ་བྱེད་ཡུལ་མུའུ༥༧༧༢ཡོད། རྩྭ་ར་ཁ་གསབ་བྱེད་ཡུལ་མུའུ༡༠༠༨༢དང་གྲངས་ཆུང༦ཙམ་ཡོད། སྒོ་ཕྱུགས་རིགས་ལ༤༤༤ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཡོང་སྒོ་གཙང་མ་སྒོར༣༩༨༩ཡོད། སློབ་གྲྭའི་ནང་ན་སློབ་སྦྱོང་བྱེད་བཞིན་ཡོད་པའི་སློབ་མ༣༧ཡོད། སྡེ་དེར་ཏང་ཀྲི་པུའུ་ཧྲི་ཅི་གཅིག་དང་ཨུ་ཡོན༢། ཏང་ཡོན༡༢། གྲ་སྒྲིག་ཏང་ཡོན༣འཕེལ་རྒྱས་བཏང་ཡོད། སྡེ་མི་ཨུ་ལྷན་ལ་ཀྲུའུ་རེན་གཅིག་དང་ཨུ་ཡོན་གཉིས་ཡོད། སྡེ་པའི་མིའི་མི་སྣ་གསུམ་ལ་མི༣ཡོད། ཡིག་མཁན་གཅིག་བཅས་ཡོད། ༢༠༡༡ལོ་རྣམ་པ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མི༡༧༠ཡོད་པ་དང་ཞིང་སྡེ་རྒན་གསོའི་ཉེན་སེལ་ནང་ཞུགས་མཁན༩༡ཡོད། ༢༠༠༨ལོ་དུད་ཚང་རེ་རེ་ལ་ཨར་འདམ་ལམ་འཛུགས་བསྐྲུན་བྱས་ཡོད། སྡེ་པའི་འགུལ་སྐྱོད་ཁང་གཅིག་རྒྱབ་ཡོད། མངའ་ཁུལ་དེ་ལ་བོན་པོ་གཤིས་ཤང་གི་ལྟེ་བའི་སློབ་གྲྭ་གཅིག་ལ་སློབ་མ༡༧༦ཡོད་ལ་དགེ་རྒན༡༦ཡོད། འཕྲོད་བསྟེན་ཁང་གཅིག་དང་སྨན་བཅོས་མི་སྣ་གཉིས་ཡོད། ཤང་སྤྱི་བདེ་མངགས་གཏོང་ཁང་གཅིག་དང་ཉེན་རྟོགས་པ༣ཡོད་དོ། །

འབའ་ཏ་གྲོང་སྡེ་པ་ནི་དར་མདོ་རྫོང་གི་ནུབ་ཕྱོགས་དང་། དར་མདོ་ནས་བརྒྱད་ཟིལ་རྫོང་གི་གཞུང་ལམ་འགྲམ་དུ་ཆགས་ཡོད། སྡེ་པ་དང་དར་མདོའི་བར་དུ་སྤྱི་ལེ༡༠༣ཡོད། རང་སྡེ་དང་ཤང་སྲིད་གཞུང་བར་ལ་སྤྱི་ལེ༥ཡོད། སྡེ་ཡོངས་ལ་དུད་གྲངས༣༨ལ་མི་གྲངས༢༣༥ཡོད། ས་ཞིང་རྒྱ་ཁྱོན་མུའུ༩༦༨དང་གྲངས་ཆུང༣ཡོད། རྩྭ་ས་ཁ་གསབ་བྱེད་ས་མུའུ༡༩༦༦དང་གྲངས་ཆུང༧ཡོད། སྒོ་ཕྱུགས་ཁྱོན་གྲངས༦༤༤ཡོད། ༢༠༠༡ལོ་མི་རེར་ཆ་སྙོམས་ཀྱི་ཡོང་སྒོ་ནི་སྒོར༤༠༨༠ཡིན། ཏང་ཀྲི་པུའུ་ཧྲུུའུ་ཅི་གཅིག་དང་ཨུ་ཡོན༢། གྲོང་སྡེའི་ཨུ་ཡོན་ལྷན་ཚོགས་ལ་འགན་གཙོ་གཅིག་དང་ཨུ་ཡོན་གཉིས། ཡིག་མཁན་གཅིག་བཅས་ཡོད། སྡེ་པའི་མི་སྣ་གསུམ་ཞེས་པར་མི༣ཡོད། ཏང་མི༡༧ནང་དུ་གྲ་སྒྲིག་ཏང་ཡོན༣ཡོད། ༢༠༡༡ལོ་རྣམ་པ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི་གྲངས༢༣༢དང་།རྒན་གསོའི་འགན་སྲུང་ཞུགས་མཁན་མི་གྲངས༡༢༧ཡོད། ༢༠༠༧ལོ་དུད་ཚང་རེ་རེ་ལ་ཨར་འདམ་གཞུང་ལམ་འཛུགས་བསྐྲུན་བྱས། སྡེ་པའི་བྱ་འགུལ་ཁང་གཅིག་རྒྱབ་ཡོད་དོ། །

ཐིའུ་ནང་སྡེ་པ་ནི་དར་མདོ་རྫོང་གི་ནུབ་ཕྱོགས་སུ་ཡོད་ཅིང་། རང་སྡེ་དང་དར་མདོ་རྫོང་མཁར་བར་དུ་སྤྱི་ལེ༡༡༥ཡོད། ཤང་སྲིད་གཞུང་བར་དུ་སྤྱི་ལེ༡༥ཡོད། སྡེ་ཡོངས་ལ་དུད་གྲངས༣༤མི་གྲངས༡༩༠ཡོད། ཞིང་སའི་རྒྱ་ཁྱོན་ལ་མུའུ༡༠༠༥དང་གྲངས་ཆུང༣༧དང་། ཞིང་རྨོ་སྐྱུར་ནགས་སྤེལ་མུའུ༣༨༨.༥ཡོད། ཕྱུག་ས་སྐྱུར་རྩྭ་སྤེལ་རྒྱ་ཁྱོན་གྱིས་མུའུ༡༤༦༥༥ཡོད། རྨོ་སྐྱུར་རྩྭ་སྤེལ་མུའུ༡༤༦༥༥ཡོད། འབྲུ་རིགས་ཁ་གསབ་སྤྲད་ས་མུའུ༩༡༧དང་གྲངས་ཆུང༧ཡོད། རྩྭ་ར་ཁ་གསབ་བྱེད་ཡུལ་མུའུ༢༥༦༨དང་གྲངས་ཆུང༧ཡོད། སྒོ་ཕྱུགས་ཁྱོན་གྲངས༨༣༩ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཡོང་སྒོ་གཙང་མ་སྒོར༣༩༡༠རེ་ཐོབ་ཡོད། སྡེ་པའི་ཏང་ཀྲི་པུའུ་ལ་ཧྲུའི་ཅི་གཅིག་དང་ཨུ་ཡོན༢། གྲོང་མི་ཨུ་ལྷན་ལ་ཀྲུའུ་རེན་གཅིག་དང་ཨུ་ཡོན་གཉིས། དྲུང་ཡིག་མཁན་གཅིག་བཅས་ཡོད། སྡེ་པའི་མི་སྣ་གསུམ་ཟེར་བར་མི༣ཡོད། ཏང་ཡོན་མི༡༨ཡོད། གྲ་སྒྲིག་ཏང་ཡོན་མི༢ཡོད། སློབ་གྲྭའི་ནང་སློབ་མ༢༨ཡོད། ༢༠༡༡ལོ་རྣམ་པ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མི་མདའ༡༨༦ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༡༡༤ཡོད། ༢༠༡༠ལོ་སྡེ་པའི་བྱ་འགུལ་ཁང་གཅིག་རྒྱབ་ཡོད། སྡེ་པའི་ནང་དུ་ཆུ་གློག་ཁྲིད་ཐུབ་མེད་དོ། །

ལ་རྩེ་གཤིས་སྡེ་པ་ནི་མདའ་ཐུའུ་འམ་ལབ་རྩེ་གཤིས་གྲོང་སྡེ་ནི་དར་མདོ་རྫོང་གི་ལྷོ་ནུབ་རྒྱུད་ན་ཆགས་ཡོད། རང་སྡེ་དང་རྫོང་མཁར་བར་དུ་སྤྱི་ལེ༡༡༥ཡོད། སྡེ་པ་དང་ཤང་སྲིད་གཞུང་བར་ལ་སྤྱི་ལེ༡༥ཡོད། སྡེ་ཡོངས་ལ་དུད་གྲངས༥༣མི་གྲངས༣༢༩ཡོད། སྡེ་འདིའི་མིང་ལ་འདེག་ཐའུ་གྲོང་སྡེ་པའང་ཟེར་སྲོལ་ཡོད་དོ།།

ལྕགས་མདུད་སྡེ་པ་ནི་དར་མདོ་རྫོང་གི་ལྷོ་ནུབ་ཀྱི་སྤྱི་ལེ༡༠༩བར་དུ་ཆགས་ཡོད། ཤང་མི་དམངས་སྲིད་གཞུང་བར་དུ་སྤྱི་ལེ༡༠ཡོད། སྡེ་ཡོངས་ལ་དུད་ཚང་གྲངས༣༠དང་མི་གྲངས༡༨༠ཡོད། ཞིང་སའི་རྒྱ་ཁྱོན་ལ་མུའུ༩༥༢དང་གྲངས་ཆུང༥ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༡༥༦དང་གྲངས་ཆུང༣ཡོད། ཕྱུགས་སྐྱུར་རྩྭ་གསོའི་ས་ཆ་མུའུ༡༦༥༥༤ཡོད། འབྲུ་རིགས་ཁ་གསབ་སྤྲད་ས་མུའུ༤༨༨དང་གྲངས་ཆུང༡༧ཡོད། ད་ཡོད་ཕྱུགས་གྲངས༦༠༦ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཡོང་སྒོ་གཙང་མ་སྒོར༤༠༦༦རེད། གྲོང་སྡེར་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་ཨུ་ཡོན༢ཡོད། གྲོང་སྡེའི་ཨུ་ལྷན་ལ་ཀྲུའུ་རེན་གཅིག་དང་ཨུ་ཡོན་གཅིག ཡིག་མཁན་གཅིག་བཅས་ཡོད། སྡེ་པའི་མི་རྒན་གསུམ་ནང་ཚུད་པའི་མི༣ཡོད། ཏང་ཡོན་མི༡༤དང་གྲ་སྒྲིག་ཏང་ཡོན༢ཡོད། ༢༠༡༡ལོའི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༡༧༧ཡོད། རྒན་གསོའི་འགན་ལེན་ལ་ཞུགས་མཁན་མི༨༠ཡོད། ༢༠༠༩ལོའི་གྲོང་རིམ་གྱི་བྱེད་སྒོ་ཁང་ལས་མེད། མིག་སྔར་ཡུལ་དེའི་གློག་ནི་གནད་དོན་དེ་དོན་འཁྱོལ་བྱེད་ཐུབ་མེད་དོ།།

ཤིང་ཟམ་ཁ་སྡེ་པ་ནི་དར་མདོ་རྫོང་རྒྱུ་ལའི་ནུབ་ཕྱོགས་ཀྱི་སྤྱི་ལེ༩༢བར་གྱི་ལི་ཆུ་འགྲམ་དུ་ཆགས་ཡོད། ཤང་མི་དམངས་སྲིད་གཞུང་དང་ཐག་མི་རིང་། སྡེ་ཡོངས་ལ་དུད་ གྲངས༢༠དང་།  མི་གྲངས༡༠༩ཡོད། ཞིང་རྨོ་སའི་རྒྱ་ཁྱོན་ལ་མུའུ༨༤༤དང་གྲངས་ཆུང༣ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༡༥༥དང་གྲངས་ཆུང༤༦༢ཡོད། འབྲུ་རིགས་ཁ་གསབ་སྤྲད་ས་མུའུ༥༤༧དང་གྲངས་ཆུང༤༧ཡོད། རྩྭ་ར་ཁ་གསབ་བྱ་དགའ་སྤྲད་ཡུལ་ལ་མུའུ༩༤༠༣དང་གྲངས་ཆུང༦ཡོད། སྒོ་ཕྱུགས་ཁྱོན་གྲངས༤༤༢ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཡོང་སྒོ་སྒོར༣༩༤༤ཡོད་པ་རེད། གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་། ཨུ་ཡོན་གཉིས། ཏང་ཡོན་མི༡༢དང་གྲ་སྒྲིག་ཏང་མི་གཉིས། ཡིག་མཁན་གཅིག་བཅས་ཡོད། ༢༠༡༡ལོའི་གྲོང་རིམ་གྱི་བྱེད་སྒོའི་ཁག་གི་དུད་ཚང༢༠ལ་ཨར་ལས་འཛུགས་བསྐྲུན་བྱེད་བཞིན་ཡོད། ༢༠༡༡ལོའི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༡༠༩ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༤༨ཡོད། སློབ་མ༡༣ཡོད་པ་ཡིན་ནོ། །

རི་ཐོད་སྡེ་པ་ནི་དར་མདོ་རྫོང་རྒྱུ་ལའི་ནུབ་བྱང་གི་སྤྱི་ལེ༩༦བར་གྱི་ས་ཆ་རུ་ཆགས་ཡོད། སྡེ་པ་ཡོངས་ལ་དུད་གྲངས༤༥དང་མི་གྲངས༢༤༡ཡོད། ཞིང་རྨོ་སའི་རྒྱ་ཁྱོན་ལ་མུའུ༣༡དང་གྲངས་ཆུང༣༤ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༡༩༥དང་གྲངས་ཆུང་༧ཡོད། འབྲུ་རིགས་ཁ་གསབ་སྤྲད་ས་མུའུ༦༩༧དང་གྲངས་ཆུང༢༦ཡོད། རྩྭ་ར་ཁ་གསབ་རོགས་སྐྱོར་ལ་མུའུ༣༦༠༡༡དང་གྲངས་ཆུང༩ཡོད། སྒོ་ཕྱུགས་ཁྱོན་གྲངས༧༩༣ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཡོངས་སྒོ་གཙང་མ་སྒོར༤༠༤༤རེད།  གྲོང་སྡེ་ལ་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་ཨུ་ཡོན་གཉིས། ཏང་ཡོན་མི༡༣དང་གྲ་སྒྲིག་ཏང་ཡོན་མི༣ཡོད། གྲོང་སྡེའི་ཨུ་ལྷན་ལ་ཀྲུའུ་རེན་གཅིག་དང་ཨུ་ཡོན༢ཡོད། མི་སྣ་གསུམ་ཞེས་པའ་མི༣ཡོད།  ༢༠༡༡ལོའི་ཁྱིམ་དུད་རྣམས་ཕན་ཚུན་དུ་འགྲོ་ས་སྲ་མཁྲེགས་ལམ་འཛུགས་བསྐྲུན་ཚང་མ་འགྲུབ་ཡོད། ༢༠༡༡ལོའི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི་གྲངས༢༤༡ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༨༨ཡོད། སློབ་མ༤༠ཡོད།  རི་ཐོད་དགོན་པ་གྲུབ་མཐའ་ས་སྐྱ་པར་གཏོགས་ཤིང་ད་ལྟ་དགོན་པར་གྲྭ་པ༡༣༠ཡོད་དོ།  །

རྡོ་ར་གཤིས་སྡེ་པ་ནི་དར་མདོ་རྫོང་ནུབ་ལྷོའི་ཕྱོགས་ཀྱི་རྫོང་ཞབས་དང་བརྒྱད་ཟིལ་རྫོང་བར་གྱི་གཞུང་ལམ་འགྲམ་དུ་ཆགས་ཡོད། དར་མདོའི་བར་དུ་སྤྱི་ལེ༡༠༥དང་ཤང་སྲིད་གཞུང་བར་དུ་སྤྱི་ལེ༧ཡོད། སྡེ་པ་ཡོངས་ལ་དུད་གྲངས༤༠ལ་མི་གྲངས༢༧༦ཡོད། ཞིང་སའི་རྒྱ་ཁྱོན་ལ་མུའུ༩༢༣དང་གྲངས་ཆུང༤༥ཡོད། རྨོ་སྐྱར་ནགས་སྤེལ་བྱེད་སར་མུའུ༤༤༥དང་གྲངས་ཆུང༥ཡོད། ཕྱུགས་དོར་རྩྭ་སྤེལ་བྱེད་སར་མུའུ༡༢༣༡༠ཡོད། འབྲུ་རིགས་ཁ་གསབ་སྤྲད་ས་མུའུ༨༡༦དང་གྲངས་ཆུང༤༨ཡོད། རྩྭ་ར་ཁ་གསབ་རོགས་སྐྱོར་ལ་མུའུ༡༨༩༤༢དང་གྲངས་ཆུང་༩ཡོད། སྒོ་ཕྱུགས་ཁྱོན་གྲངས༧༥༤ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཡོང་སྒོ་གཙང་མ་སྒོར༤༠༦༩ཡོད། སློབ་གྲྭའི་ནང་ཡི་གེ་འདོན་མཁན་སློབ་མ༢༡ཡོད། ༢༠༡༡ལོའི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༢༥༩ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༡༣༩ཡོད། གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་ཨུ་ཡོན་གཉིས་ཡོད། སྡེ་མིའི་ཨུ་ལྷན་གྱི་མགོ་ཁྲིད་གཅིག་དང་ཨུ་ཡོན༢ཡོད། སྡེ་པའི་དྲུང་ཡིགས་གཅིག་བཅས་ཡོད། མི་སྣ་གསུམ་ཟེར་བའི་མི༣ཡོད། ཏང་ཡོན་མི༡༢དང་གྲ་སྒྲིག་ཏང་ཡོན་མི་གཉིས་ཡོད། ༢༠༠༨ལོར་དུད་ཚང་རེ་རེ་ལ་ཨར་འདམ་གཞུང་ལམ་འཛུགས་བསྐྲུན་བྱས་ཚར། སྡེ་པའི་བྱ་འགུལ་ཁང་གཅིག་འཛུགས་སྐྲུན་བྱེད་བཞིན་ཡོད་དོ། །

ཀུ་ལུ་སྟེང་སྡེ་པ་ནི་དར་མདོ་རྫོང་གི་ནུབ་ཕྱོགས་སུ་གནས་ཤིང་། མདོ་གྲོང་བར་དུ་སྤྱི་ལེ༡༠༦ཡོད་ལ། ཤང་སྲིད་གཞུང་བར་སྤྱི་ལེ༨ཡོད། སྡེ་ཡོངས་ལ་དུད་གྲངས༡༢དང་མི་གྲངས༦༦ཡོད། ཞིང་སའི་རྒྱ་ཁྱོན་མུའུ༨༡༤དང་གྲངས་ཆུང༣ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༡༣༤དང་གྲངས་ཆུང༥ཡོད། ཕྱུགས་དོར་རྩྭ་སྤེལ་བྱེད་སར་མུའུ༩༥༠དང་ཕྱེད་ཡོད། འབྲུ་རིགས་ཐད་ཀར་ཁ་གསབ་སྤྲད་ས་མུའུ༢༧༦དང་གྲངས་ཆུང༣༩ཡོད།  རྩྭ་སར་ཁ་གསབ་རོགས་སྐྱོར་བྱེད་སར་མུའུ༢༣༢༡༢དང་གྲངས་ཆུང་༦ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཀྱི་ཡོང་སྒོ་གཙང་མ་སྒོར༤༠༠༠ཐོག་སླེབས་ཡོད། སྡེ་དེར་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་། གྲོང་མི་ཨུ་ལྷན་ལ་གཙོ་འགན་པ་༡དང་། ཨུ་ཡོན་གཉིས། སྡེ་པའི་མི་སྣ་གསུམ་ཟེར་བར་མི༣ཡོད། ཏང་མི༧དང་གྲ་སྒྲིག་ཏང་མི༡བཅས་ཡོད། ༢༠༡༡ལོའི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༦༡དང་། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༢༣ཡོད། སློབ་གྲྭའི་ནང་ཡི་གེ་འདོན་མཁན་སློབ་མ༨ཡོད། སྡེ་པའི་བྱ་འགུལ་སྤེལ་ཡུལ་གྱི་ཁང་པ་དང་ཁྱིམ་དུད་ཕན་ཚུན་བར་དུ་འགྲོ་སའི་སྲ་མཁྲེགས་ལམ་སོགས་ད་དུང་འཛུགས་སྐྲུན་བྱེད་མ་ཚར་བ་ཡིན་ནོ།   །

འབུ་ཁུག་སྡེ་པ་ནི་དར་མདོ་རྫོང་གི་རྒྱུ་ལའི་ནུབ་ཕྱོགས་སུ་གནས་ཡོད། རྫོང་མཁར་དུ་སྤྱི་ལེ༩༤ཡོད། སྡེ་པ་ཡོངས་ལ་དུད་གྲངས༣༨ལ་མི་གྲངས༡༨༨ཡོད། ཞིང་སའི་རྒྱ་ཁྱོན་མུའུ༩༢༦དང་གྲངས་ཆུང༥ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༢༦༢དང་གྲངས་ཆུང༥ཡོད། ཕྱུགས་དོར་རྩྭ་སྤེལ་བྱེད་སར་མུའུ༡༡༩༨༠ཡོད། འབྲུ་རིགས་ཁ་གསབ་སྤྲད་ས་མུའུ༤༦༥དང་གྲངས་ཆུང༧༧ཡོད། རྩྭ་སའི་ཁ་གསབ་རོགས་སྐྱོར་བྱེད་སར་མུའུ༡༥༢༥༦དང་གྲངས་ཆུང༣ཡོད། སྒོ་ཕྱུགས་ཁྱོན་གྲངས༧༧༩ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཡོང་སྒོ་སྒོར༣༩༥༡ཡོད། གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་། གྲོང་མི་ཨུ་ལྷན་ལ་གཙོ་འགན་པ༡། ཨུ་ཡོན་གཉིས། མི་སྣ་གསུམ་ཟེར་བར་མི༣བཅས་ཡོད། ༢༠༠༨ལོར་དུད་ཚང་རེ་རེ་ལ་ཨར་འདམ་གཞུང་ལམ་འཛུགས་བསྐྲུན་བྱས་ཚར། སྡེ་པའི་བྱ་འགུལ་ཁང་གཅིག་འཛུགས་སྐྲུན་བྱེད་བཞིན་ཡོད། ༢༠༡༡ལོའི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༡༨༥ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༨༨ཡོད། སློབ་གྲྭའི་ནང་ཡི་གེ་འདོན་མཁན་མི༢༨ཡོད་དོ།།  

རིའུ་གྲོང་སྡེ་པ་ནི་དར་མདོ་རྫོང་ལྷོ་ནུབ་མཚམས་སུ་ཆགས་ཡོད།  སྡེ་པ་དང་རྫོང་མཁར་བར་དུ་སྤྱི་ལེ༡༠༦ཡོད།  རང་སྡེ་དང་ཤང་སྲིད་གཞུང་བར་དུ་སྤྱི་ལེ༨ཡོད།  གྲོང་སྡེ་ཡོངས་ལ་དུད་གྲངས༣༤ལ་མི་གྲངས༢༠༡ཡོད།  ཞིང་སའི་རྒྱ་ཁྱོན་མུའུ༧༧༡དང་གྲངས་ཆུང༥༤ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༢༡༤དང་གྲངས་ཆུང༣༡ཡོད། ཕྱུགས་དོར་རྩྭ་སྤེལ་བྱེད་སར་མུའུ༡༢༣༡༠ཡོད། འབྲུ་རིགས་ཁ་གསབ་རོགས་རམ་བྱེད་ཡུལ་མུའུ༦༩༣དང་གྲངས་ཆུང༩༥ཡོད། རྩྭ་སའི་ཁ་གསབ་རོགས་སྐྱོར་བྱེད་སར་མུའུ༡༩༦༢༨དང་གྲངས་ཆུང༨ཡོད། སྒོ་ཕྱུགས་ཁྱོན་གྲངས༢༤༦ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཡོང་སྒོ་སྒོར༤༠༤༣ཐོབ་ཡོད། གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་། ཨུ་ཡོན་གཉིས། གྲོང་མི་ཨུ་ལྷན་ལ་ཨུ་ཡོན་གཉིས། དྲུང་ཡིག་གཅིག སྡེ་པའི་མི་སྣ་གསུམ་ཟེར་བར་མི༣། ཏང་ཡོན་མི༡༦བཅས་ཡོད། གྲ་སྒྲིག་ཏང་ཡོན་མི༢མ་གཏོགས་མེད། ༢༠༡༡ལོའི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༡༩༧ཡོད། རྒན་གསོ་འགན་ལེན་ནང་དུ་ཞུགས་མཁན་མི༡༡༩ཡོད། གྲོང་སྡེའི་ཁོངས་གཏོགས་དགོན་པ་ཞིག་ཡོད། གྲྭ་པ༧༨ཡོད། སློབ་གྲྭའི་ནང་ཡི་གེ་འདོན་མཁན་སློབ་མ༡༩ཡོད། ༢༠༡༡ལོར་དུད་ཚང་རེར་ཨར་འདམ་གཞུང་ལམ་འཛུགས་བསྐྲུན་བྱས་ཚར། གྲོང་མིའི་བྱ་འགུལ་ཁང་ལས་བཞིན་ཡོད། ཁྱིམ་དུད་ཚོ་འགྲོ་སའི་སྲ་མཁྲེགས་ལམ་མ་ཚར་བ་ཡིན་ནོ།།

མུ་སྡི་ཟམ་ཁ་སྡེ་པ་ནི་བོན་པོ་ཡུལ་ཤོག་གི་མི་བསྡུ་ཟམ་ཁ་གྲོང་སྡེ་ནི་དར་མདོ་རྫོང་གི་ནུབ་ཕྱོགས་སུ་ཆགས་ཡོད་པ་དང་། རྫོང་མཁར་བར་སྤྱི་ལེ༩༩ཡོད། སྡེ་པ་ཡོངས་ལ་དུད་ཚང༤༠དང་མི་གྲངས༢༠༩ཡོད། ཞིང་རྨོ་སའི་ས་ཆ་རྒྱ་ཁྱོན་མུའུ༡༨༣༣དང་གྲངས་ཆུང༨ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༢༣.༤ཡོད། འབྲུ་རིགས་ཁ་གསབ་རོགས་རམ་མུའུ༧༦༠དང་གྲངས་ཆུང༦༣ཡོད། རྩྭ་སའི་ཁ་གསབ་རོགས་སྐྱོར་ས་ཆ་མུའུ༡༡༥༦༢དང་གྲངས་ཆུང༧ཡོད། སྒོ་ཕྱུགས་ཀྱི་ཁྱོན་གྲངས༨༦༣ཡོད། ༢༠༡༡ལོར་མི་རེར་ཆ་སྙོམས་ཡོང་སྒོ་སྒོར༤༠༢༧ཐོབ་ཡོད། སློབ་གྲྭའི་ནང་ཡི་གེ་འདོན་མཁན་སློབ་མ༢༣ཡོད། ༢༠༡༡ལོའི་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༡༩༩ཡོད། རྒན་གསོ་འགན་ལེན་ནང་དུ་ཞུགས་མཁན་མི༩༧ཡོད། གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་། ཨུ་ཡོན་གཉིས། ཨུ་ལྷན་ལ་སྡེ་དཔོན་གཅིག་དང་ཨུ་ཡོན་གཅིག དྲུང་ཡིག་གཅིག རྒན་པ་གསུམ་ནང་ཚུད་པའི་མི་གསུམ། ཏང་ཡོན༡༢། གྲ་སྒྲིག་ཏང་ཡོན་མི་གསུམ་བཅས་ཡོད་དོ། །

རྨ་སེ་སྡེ་པ་ནི་དེ་ཡང་སྡེ་པའམ་རྨ་སེ་རུ་ཁག་གི་ལོ་རྒྱུས་རགས་བསྡུས། བོན་པོ་ཤང་གི་རྨ་སེ་རུ་ཁག་ནི་དར་མདོ་རྫོང་མཁར་གྱི་ལྷོ་ནུབ་ཕྱོགས་སུ་ཆགས་ཡོད། དར་མདོ་གྲོང་ཁྱེར་བར་དུ་སྤྱི་ལེ༡༣༨ཡོད་ཅིང་། བོན་པོ་ཤང་སྲིད་གཞུང་ཡོད་སར་སྤྱི་ལེ༤༠ཡོད། ས་བདེ་ཤང་དང་འབྲེལ་ནས་ཡོད། རང་རེའི་རུ་ཁག་གི་ལས་དོན་གཙོ་བོ་ནི་འབྲོག་ལས་རྐྱང་རྐྱང་གི་སྡེ་པ་ཞིག་ཡིན། སྡེ་དེར་དུད་གྲངས༦༧དང་མི་གྲངས༢༨༧ཡོད། ཞིང་རྨོ་སའི་ས་ཆ་རྒྱ་ཁྱོན་མུའུ༦༢༢དང་རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༦༢༢ཡོད། ཕྱུགས་དོར་རྩྭ་སྤེལ་བྱེད་སར་མུའུ༢༢༦༩༠དང་། རྩྭ་སའི་ཁ་གསབ་རོགས་སྐྱོར་ས་ཆ་མུའུ༧༧༧༥༩དང་ཕྱེད་ཡོད།སྒོ་ཕྱུགས་ཀྱི་ཁྱོན་གྲངས༡༡༤༦ཡོད། ༢༠༡༢ལོར་ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༢༨༡དང་། འབྲོག་སྡེའི་རྒན་གསོ་འགན་ལེན་ནང་དུ་ཞུགས་མཁན་མི༩༨ཡོད། སློབ་གྲྭའི་ནང་ཡི་གེ་འདོན་མཁན་སློབ་མ༡༦ཡོད། སྡེ་དེར་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་དང་། ཨུ་ཡོན་གཉིས། རུ་ཁག་ཨུ་ཡོན་ལྷན་ཁང་ལ་སྡེ་དཔོན་གཅིག་དང་ཨུ་ཡོན་གཉིས་ཡོད། དྲུང་ཡིག་གཅིག སྡེ་པའི་མི་སྣ་གསུམ་ཟེར་བའི་མི༣དང་ཏང་མི༡༤། གྲ་སྒྲིག་ཏང་མི༢ཡོད། སྤྱི་ལོ༢༠༡༡ལོར་འབྲོག་པའི་གཏན་སྡོད་བྱེད་ས་དུད་ཚང༤༡ལ་ཁང་པ་གསར་པ་ལས་ཡོད་ཅིང་། དུད་ཚང༡༡ལ་ཁང་པ་ཇེ་བརྟན་དུ་བཏང་ཡོད། སྡེ་པའི་བྱ་འགུལ་སྤེལ་སའི་ཁང་པ་གཅིག་དང་། དུད་ཚང་ནང་དུ་འགྲོ་སའི་སྲ་མཁྲེགས་ཀྱི་ལམ་བཅས་འཛུགས་སྐྲུན་བྱས། སྡེ་འདིའི་མིང་ལ་རྨ་སེ་རུ་ཁག་ཀྱང་ཟེར་སྲོལ་ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༢ལོའི་ཟླ༣པའི་ནང་དུ་ཡུལ་ཤོག་དེའི་ལས་བྱེད་པ་ཆོས་མཚོ་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།།

ས་བདེ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཁྲོད་རྒྱུད་གཤིས་སྟོད་པའི་སྡེ་པ་ནི་དེ་ཡང་ཁྲོད་རྒྱུད་གཤིས་པ་སྟོད་སྡེ་ཡོངས་ལ་དུད་ཚང་གྲངས༨༧ལ་མི་གྲངས༥༣༦ཡོད། དེའི་ནང་ལ་འགན་ལེན་ལྔའི་དུད་ཚང༡ཡོད། དབུལ་ཕོངས་དུད་ཚང༨ལ་མི་གྲངས༨༡དང་། དབང་པོ་སྐྱོན་ཅན་མི་བཞི། དམག་ཁོངས་ནས་ཕྱིར་ལོག་པའི་མི་གཅིག་གྲྭ་པ༣༤། གྲོང་སྡེའི་ཏང་ཡོན་མི༡༩དང་གྲ་སྒྲིག་ཏང་མི༣དང་། ཏང་ཞུགས་ཧུར་བརྩོན་མི་བདུན་བཅས་ཡོད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༥༡༩ཡོད། རྒན་གསོ་འགན་ལེན་ནང་ཞུགས་མཁན་མི༣༩༡དང་། ཉེན་འགོག་ཚད་བརྒྱ་ཆ༩༡དང་གྲངས་ཆུང༧ཡིན། ཞིང་སའི་རྒྱ་ཁྱོན་མུའུ༨༢༤ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༡༣༣༡དང་གྲངས་ཆུང༧ཡོད། ཕྱུགས་དོར་རྩྭ་སྤེལ་བྱེད་སར་མུའུ༨༩༩༩དང་གྲངས་ཆུང༩༨ལྷག་ཙམ་ཡོད། སྒོ་ཕྱུགས་ཁྱོན་གྲངས༢༠༦༡ཡོད། དབྱར་རྩྭ་དགུན་འབུ་དང་། བེ་ལོ་ཤྭ་མོ་སོགས་མི་དམངས་ཀྱི་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་དང་། གྲོང་སྡེ་ཡོངས་ཀྱི་ནས་དང་གྲོ། སྲན་མ། ཞོག་ཁོག་སོགས་ཞིང་ལས་ཐོན་སྐྱེད་ཀྱི་ཐོན་རྫས་ཡིན། ལོ་རེ་ལ་ཡོང་སྒོ་སྒོར༤༥༤༧ཡིན་ཟེར། ད་ལྟའི་བར་དུ། གྲོང་སྡེ་གསར་པ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་བལྟས་ན། གྲོང་སྡེའི་ནང་གཞུང་ལམ་སྨི༢༡༠༠དང་། མི་ཕྱུགས་ཆུ་སྤྱོད་ཨར་ལས་འགྲུབ་ཚར། གྲོང་སྡེ་སྲ་འགྱུར་ལམ་སྨི༧༡༠༠དང་གྲངས་ཆུང༨འགྲུབ་ཡོད།  སྤྱི་ལོ༢༠༠༦ལོར་གྲོང་མིའི་བྱ་འགུལ་སྤེལ་ས་ཁང་པའང་འགྲུབ་ཚར་བ་ཡིན་ནོ། །

ཁྲོད་རྒྱུད་གཤིས་སྨད་པའི་སྡེ་པ་ནི་ཡང་ཁྲོ་རྒྱལ་ཤིས་སམ་ཁྲོད་རྒྱུད་གཤིས་སྨད་སྡེ་ལ་དུད་ཚང༦༦ལ་མི་གྲངས༤༠༢ཡོད་པ་དེའི་ནང་དུ་དབུལ་ཕོངས་དུད་ཚང༧དང་། ཆེས་དམའ་བའི་འཚོ་བའི་འགན་ཁུར་ལེན་མཁན་མི༥༡། དབང་པོ་སྐྱོད་ཅན་མི༡། དམག་ཁོངས་ནས་ཕྱིར་ལོག་པའི་མི་གཅིག་གྲྭ་པ༢༠བཅས་ཡོད། གྲོང་སྡེ་དེར་ཏང་མི༢༢དང་། གྲ་སྒྲིག་ཏང་མི༣ཡོད། ཏང་ཞུགས་ཧུར་བརྩོན་པ་མི༦ཡོད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མི༣༦༡ཡོད་ལ་ཞུགས་ཚད་བརྒྱ་ཆ༩༡དང་གྲངས་ཆུང༦༢ཟིན་ཡོད། རྒན་གསོའི་འགན་ལེན་ནང་ཞུགས་མི༢༤༩ཡོད་ལ་ཞུགས་ཚད་བརྒྱ་ཆ༩༨ཟིན་ཡོད། སྡེ་འདིའི་ཞིང་སའི་རྒྱ་ཁྱོན་མུའུ༦༥༡དང་། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༧༥༤དང་གྲངས་ཆུང༥༥ཡོད། ཕྱུགས་དོར་རྩྭ་སྤེལ་བྱེད་སར་མུའུ༦༩༩༩དང་གྲངས་ཆུང༩༡དང།ཕྱུགས་མཚམས་འཇོག་ཡུལ་མུའུ༡༧༠༠༠དང་གྲངས་ཆུང༣༨ཡོད། སྒོ་ཕྱུགས་ཁྱོན་གྲངས༡༦༥༡ཡོད། སྡེ་མིའི་དཔལ་འབྱོར་གྱི་ཡོང་སྒོ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང་། བེ་ལོ་ཤྭ་མོ་སོགས་ཡིན། གྲོང་སྡེའི་ཞིང་ལས་ཐད་རྨོ་འདེབས་བྱེད་པའི་ལོ་ཏོག་གཙོ་བོ་ནི་ནས་དང་གྲོ། སྲན་མ། ཞོག་ཁོག་སོགས་ཡིན། ལོ་རེར་མི་རེ་རེ་ལ་ཆ་སྙོམས་ཡོང་སྒོ་སྒོར་མོ༤༥༡༠རེད་ཟེར། སྡེ་བགྲོད་གཞུང་ལམ་སྨི༢༤༠༠དང་། མི་དང་ཕྱུགས་ཀྱི་ཆུ་འཐུང་ཨར་ལས་སྨི༦༠༠༠འཛུགས་སྐྲུན་བྱས་ཡོད། དུད་ཚང༡༣གྱི་གསུམ་བསྒྱུར་བཟོ་སྐྲུན་བཅས་འགྲུབ་ཚར་ཡོད། ༢༠༡༠ལོར་སྡེ་མིའི་བྱ་འགུལ་སྤེལ་ས་ཁང་པ་གཅིག་དང་། གསང་སྤྱོད་ཁང་བཅས་ཚང་མ་འཛུགས་སྐྲུན་བྱས་ཟིན་ནོ། །

ངོར་པ་རོང་སྡེ་པ་ནི་དར་མདོ་རྫོང་ནུབ་ཕྱོགས་སུ་ཆགས་ཡོད། གྲོང་སྡེ་ཡོངས་ལ་དུད་གྲངས༦༩ལ་མི་གྲངས༣༤༥ཡོད། འཚོ་བ་ཆེས་དམའ་བའི་འགན་ལེན་མཁན་མི༦༣ཡོད། གྲོང་སྡེའི་ཏང་ཡོན་ངོ་མ་མི༢༣དང་། གྲ་སྒྲིག་ཏང་ཡོན་མི༣ཡོད། ཏང་ཞུགས་ཧུར་བརྩོན་པ་མི༥ཡོད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་འགན་ལེན་ནང་ཞུགས་མཁན་མི་༣༢༢ཡོད་ལ། བརྒྱ་ཆ༩༧དང་སྐར་ཆུང༦ལྷག་ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༢༣༩དང་གྲངས་ཆུང༩༢ཡོད། ཞིང་ལས་སྐྱེ་དངོས་འདེབས་སའི་རྒྱ་ཁྱོན་མུའུ༥༥༤དང་གྲངས་ཆུང༦ཡོད། ཕྱུགས་སྐྱུར་རྩྭ་སྤེལ་བྱེད་སར་མུའུ༥༨༨༥ཡོད། སྒོ་ཕྱུགས་ཁྱོན་གྲངས༡༨༧༩ཡོད། དབྱར་རྩྭ་དགུན་འབུ་དང་། བེ་ལོ་ཤྭ་མོ་སོགས་ནི་མི་སེར་གྱི་དཔལ་འབྱོར་གྱི་ཡོང་ཁུངས་དངོས་ཡིན། སྡེ་པ་ཡོངས་ཀྱི་རྨོ་འདེབས་བྱེད་རྒྱུ་གཙོ་བོ་ནི་ནས་དང་གྲོ། སྲན་ནག་ཞོག་ཁོག་བཅས་ཡིན། ལོ་རེར་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར༤༤༩༠ཡོན།ཞིང་སྡེ་གསར་པའི་འཛུགས་བསྐྲུན་རྣམ་གྲངས་མཇུག་སྒྲིལ་བའི་གནས་ཚུལ་ནི། གྲོང་སྡེ་ཡོངས་ལ་གཞུང་ལམ་གྱི་འཛུགས་སྐྲུན་སྨི༡༢༠༠༠དང་། མི་ཕྱུགས་ཀྱི་འཐུང་ཆུ་ཨར་ལས་སྨི༦༩༩༠ཡོད། གྲོང་པའི་སྲ་འགྱུར་ལམ་སྨི༦༩༨༡ཚང་མ་འཛུགས་བསྐྲུན་བྱས་ཡོད་མོད། འོན་ཀྱང་ལོ་དེའི་ཟླ་བ༧པའི་ཚེས༡༣ཉིན་ཆུ་ལོག་ཤུགས་ཆེན་ཞིག་ཐོན་པས། གྲོང་སྡེའི་བརྒྱ་ཆ་དྲུག་གི་གཞུང་ལམ་དང་ཕྱུགས་ཟོག་གི་འཐུང་ཆུའི་ཨར་ལས་རྣམས་རྩ་མེད་དུ་བཏང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྲུན་གནས་ཚུལ། སྤྱི་ལོ༢༠༡༠ལོར་ཞིང་སྡེའི་བྱ་འགུལ་ཁང་བཅས་འཛུགས་སྐྲུན་གྱི་མཇུག་བསྡུས་པ་ཡིན་ནོ། །

ཡི་ཐར་རོང་སྡེ་པ་གཉིས་པའི་གནས་ཚུལ་རགས་བསྡུས་ནི།  སྡེ་པར་དུད་གྲངས༥༩ལ་མི་གྲངས༣༣༤ཡོད་པའི་ནང་དུ་དབུལ་ཕོངས་ཀྱི་དུད་ཚང༥དང་། འགན་ལེན་ལྔའི་དུད་ཚང༢ཡོད། སྡེ་པ་དེར་ཏང་མི༢༥དང་། གྲ་སྒྲིག་ཏང་ཡོན་མི༣ཏང་ཞུགས་ཧུར་བརྩོན་པ་མི༥བཅས་ཡོད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༢༤༡ཡོད་ལ། ཞུགས་ཚད་བརྒྱ་ཆ༩༤དང་གྲངས་ཆུང༥ལ་ཟིན་ཡོད། ཞིང་ལས་རྨོ་འདེབས་སའི་རྒྱ་ཁྱོན་ལ་མུའུ༦༠༢དང་། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༧༥༤དང་གྲངས་ཆུང༥༥ཡོད། ཕྱུགས་འཚོ་བར་གཏན་འགོག་བྱེད་ཡུལ་མུའུ༦༩༩༩དང་། ཕྱུགས་སྐྱུར་རྩྭ་སྤེལ་བྱེད་ས་མུའུ༡༧༠༠༠ཡོད། ད་ཡོད་ཕྱུགས་ཟོག་ཁྱོན་གྲངས་ནི༡༩༥༠ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༣༥༩ཡོད་ཅིང་ཞུགས་ཚད་བརྒྱ་ཆ༩༨དང་གྲངས་ཆུང༦ལ་ཟིན་ཡོད། ད་ཡོད་སྒོ་ཕྱུགས་ཀྱི་ཁྱོན་གྲངས༢༤༢༨ཡོད། དབྱར་རྩྭ་དགུན་འབུ་དང་། བེ་ལོ་ཤྭ་མོ་སོགས་ནི་སྡེ་དམངས་ཀྱི་དཔལ་འབྱོར་གྱི་ཡོང་སྒོ་གཙོ་བོ་ཡིན། སྡེ་འདིའི་ཞིང་རྨོ་འདེབས་བྱེད་རྒྱུའི་ལོ་ཐོག་གཙོ་བོ་ནི་ནས་དང་གྲོ། སྲན་མ། ཞོག་ཁོག་བཅས་ཡིན། ལོ་རེར་མི་རེར་ཆ་སྙོམས་ཀྱི་ཡོང་སྒོ་ནི༤༤༣༨ཡིན། ཞིང་སྡེ་གསར་པའི་འཛུགས་སྐྲུན་བྱས་ཚུལ་སྐོར། སྡེར་བགྲོད་གཞུང་ལམ་སྨི༨༠༠༠དང་། མི་ཕྱུགས་ཀྱི་འཐུང་ཆུའི་ཨར་ལས་སྨི༣༦༤༥དང་། སྡེ་པ་རིམ་པའི་སྲ་མཁྲེགས་ལམ་སྨི༣༥༠༠བཅས་འགྲུབ་ཚར་ན་ཡང་། ༧༡༣ཟེར་བའི་ཆུ་ལོག་ཆེན་པོའི་གནོད་སྐྱོན་ཕོག་ནས་སྡེ་དེའི་བརྒྱ་ཆ༨༠ཟིན་པའི་སྡེ་བགྲོད་གཞུང་ལམ་དང་། མི་ཕྱུགས་གྱི་འཐུང་ཆུའི་ཨར་ལས་ལ་གནོད་སྐྱོན་ཚབ་ཆེན་ཐེབས་ཡོད། ༢༠༡༠ལོར་སྡེ་རིམ་པའི་བྱ་འགུལ་སྤེལ་སའི་ཁང་པ་འཛུགས་སྐྲུན་བྱས་ཚར་བར་བཤད་དོ།།

ས་བདེ་སྡེ་པར་དུད་གྲངས༥༤དང་མི་གྲངས༣༠༨ཡོད། དེའི་ནང་དུ་དབུལ་ཕོངས་དུད་ཚང༥དང་། ཆེས་དམའ་བའི་འཚོ་བའི་འགན་ལེན་ལོངས་སྤྱོད་བྱེད་མཁན་མི༤༥ཡོད། ཏང་མི༢༤དང་། གྲ་སྒྲིག་ཏང་མི༣།ཏང་ཞུགས་ཧུར་བརྩོན་པ་མི༥བཅས་ཡོད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་འགན་ལེན་ནང་ཞུགས་མཁན་མི༢༩༤ཡོད་ལ། ཞུགས་ཚད་བརྒྱ་ཆ༩༥ཟིན་ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༡༩༨ཡོད་ལ་ཞུགས་ཚད་བརྒྱ་ཆ་༩༢དང་གྲངས་ཆུང༩ཟིན་ཡོད། ཞིང་ལས་སྐྱེ་དངོས་འདེབས་སའི་ས་ཆ་རྒྱ་ཁྱོན་མུའུ༣༤༧ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༥༥༧དང་གྲངས་ཆུང༩༡༣ཡོད། ཕྱུགས་དོར་རྩྭ་སྤེལ་བྱེད་ཡུལ་ནང་ཕྱུགས་གཏན་འགོག་བྱེད་ས་མུའུ༤༤༨༢ཡོད། ཕྱུགས་འཚོ་མཚམས་འཇོག་བྱེད་སའི་མུའུ༡༡༠༥༥ཡོད། དབྱར་རྩྭ་དགུན་འབུ་དང་བེ་ལོ་ཤྭ་མོ་བཏུ་རྒྱུ་ནི་དམངས་ཀྱི་ཡོང་སྒོ་གཙོ་བོ་ཡིན། སྡེ་འདིའི་རྨོ་འདེབས་བྱེད་རྒྱུ་གཙོ་བོ་ནི་ནས་དང་གྲོ། སྲན་མ། ཞོག་ཁོག་སོགས་ཡིན་ཞིང་། ལོ་རེར་མི་རེ་རེ་ལ་ཆ་སྙོམས་ཡོང་སྒོ་སྒོར༤༥༤༨ཐོག་སླེབས་ཡོད་ཟེར། མིག་སྔར་སྡེ་བགྲོད་གཞུང་ལམ་སྨི༡༢༦༠༠དང་། མི་ཕྱུགས་ཀྱི་ཆུ་འཐུང་ཨར་ལས་སྨི༡༥༥༠༠ལས་ཚར། དུད་ཚང༢༣གྱི་བསྒྱུར་བཀོད་གསུམ་ཟེར་བའི་ཨར་ལས་འཛུགས་སྐྲུན་ཡང་ཚར་ཡོད། སྡེ་པའི་སྲ་མཁྲེགས་ལམ་སྨི༧༣༠༠འགྲུབ་ཡོད། ༢༠༠༧ལོར་གྲོང་པའི་བྱ་འགུལ་སྤེལ་སའི་ཁང་པ་ཞིག་ཀྱང་ལས་ཚར་རོ། །

འོག་ཡོ་སྡེ་པའམ་དབང་ཡོད་སྡེ་པ་ནི་དར་མདོ་རྫོང་ནུབ་ཕྱོགས་སུ་ཆགས་ཡོད། གྲོང་སྡེ་ཡོངས་ལ་དུད་གྲངས༤༧ལ་མི་གྲངས༢༨༦ཡོད། དེའི་ནང་དུ་དབུལ་ཕོངས་དུད་ཚང༤དང་། འགན་ལེན་ལྔའི་དུད་ཚང༢ཡོད། ཏང་མི༢༡དང་། གྲ་སྒྲིག་ཏང་ཡོན་མི༢ཡོད། ཏང་ཞུགས་ཧུར་བརྩོན་ཅན་གྱི་མི༥ཡོད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༢༦༠ཡོད་ལ། ཞུགས་ཚད་བརྒྱ་ཆ༩༨དང་གྲངས་ཆུང༨ལ་ཟིན་ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༡༦༦དང་། ཞུགས་ཚད་བརྒྱ་ཆ༩༣དང་གྲངས་ཆུང༧ཡོད། ཞིང་ལས་སྐྱེ་དངོས་འདེབས་སའི་ས་ཆ་རྒྱ་ཁྱོན་ལ་མུའུ༣༠༩ཡོད། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༤༩༦དང་གྲངས་ཆུང༧༧ཡོད། ཕྱུགས་འཚོ་བ་རེས་མོས་བྱེད་ས་མུའུ༡༠༠༩༧དང་གྲངས་ཆུང༨༧ཡོད། སྒོ་ཕྱུགས་ཁྱོན་གྲངས༡༨༢༧ཡོད། དབྱར་རྩྭ་དགུན་འབུ་དང་བེ་ལོ་ཤྭ་མོ་བཏུ་རྒྱུ་སོགས་ནི་དམངས་ཀྱི་ཡོང་སྒོ་གཙོ་བོ་རེད། སྡེ་དམངས་ཡོངས་ཀྱིས་གཙོ་བོ་ནས་དང་གྲོ། སྲན་མ། ཞོག་ཁོག་སོགས་ཞིང་ལས་སྐྱེ་དངོས་རྣམས་རྨོས་ཡོད། ལོ་རེ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་མོ༤༥༤༩ཡོད། ད་ལྟའི་བར་དུ། གྲོང་སྡེ་གསར་པའི་ཨར་འདམ་འཛུགས་བསྐྲུན་རྣམ་གྲངས་མཇུག་སྒྲིལ་བའི་གནས་ཚུལ་ནི། གྲོང་སྡེ་བར་ལ་འབྲེལ་བའི་གཞུང་ལམ་གྱི་འཛུགས་སྐྲུན་སྨི༣༤༠༠དང་། མི་ཕྱུགས་ཀྱི་ཆུ་འཐུང་རྒྱུར་བཟོ་སྐྲུན་སྨི༥༠༠༠ཡོད། གྲོང་པའི་སྲ་འགྱུར་ལམ་སྨི༢༣༠༠ལས་ཡོད། གཞི་རིམ་སྲིད་དབང་གི་འཛུགས་སྐྲུན་གནས་ཚུལ་ནི། ༢༠༠༩ལོར་གྲོང་པའི་བྱ་འགུལ་སྤེལ་སའི་ཁང་པ་འཛུགས་སྐྲུན་བྱས་ཚར་རོ།།

བསེ་འགུ་སྡེ་པ་ནི་མིའུ་སྨད་སྡེ་པའམ་གསེར་མགོ་སྡེ་པ་པ་ཁྱོན་ཡོངས་ལ་དུད་ཚང་གྲངས༩༩ལ་མི་གྲངས༤༤༩ཡོད། དབུལ་ཕོངས་ཁྱིམ་ཚང༣དང་། འགན་ལེན་ལྔའི་དུད་ཚང༡། དམའ་སྐྱོང་མི་གྲངས༦༧། ད་ཡོད་ཏང་ཡོན༢༧། གྲ་སྒྲིག་ཏང་ཡོན༢དང་ཧུར་བརྩོན་ཅན་གྱི་ཏང་ཡོན་མི༤བཅས་ཡོད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༤༡༩ནང་དམངས་སྲིད་སྐྱོབ་རགས་ཀྱི་མི༦༧ཡོད། འགན་ལེན་ཞུགས་པའི་བསྡུར་ཚད་བརྒྱ་ཆ༩༦དང་གྲངས་ཆུང༧ཡོད།  རྒན་གསོ་འགན་ལེན་ནང་དུ་ཞུགས་མཁན་མི༢༢༣ཡོད་ལ། བསྡུར་ཚད་བརྒྱ་ཆ༨༦དང་གྲངས་ཆུང༤ཡིན། ཞིང་ལས་སྐྱེ་དངོས་འདེབས་སའི་ས་ཆ་རྒྱ་ཁྱོན་མུའུ༤༣༨དང་། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༥༡༤དང་གྲངས་ཆུང༤༩ ཡོད། ཕྱུགས་སྐྱུར་རྩྭ་སྤེལ་བྱེད་ས་མུའུ༦༤༢༣དང་གྲངས་ཆུང༩༥ཡོད། ད་ཡོད་སྒོ་ཕྱུགས་ཀྱི་ཁྱོན་གྲངས༡༧༣༤ཡོད། ཡུལ་མིའི་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང་བེ་ལོ་ཤྭ་མོ་བཅས་རེད། གྲོང་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་བྱེད་རྒྱུ་གཙོ་བོ་ནི་ནས་དང་གྲོ། སྲན་མ། ཞོག་ཁོག་སོགས་ཡིན། མིག་སྔར། གྲོང་རིམ་སྲ་འགྱུར་ལམ་སྨི༡༨༨༠དང་། ཁྱིམ་འབྲེལ་ལམ་སྨི༤༤༧༠ལས་ཡོད། རྒྱ་ཆེ་བཏང་བའི་ལམ་སྨི༦༠༠༠དང་། ས་ལམ་སྨི༡༧༠༠མི་ཕྱུགས་ལ་འཐུང་ཆུའི་ས་ཁྱོན་སྨི༧༠༠༠ཡོད། གསུམ་བསྒྱུར་ཨར་ལས་ཁྱིམ་ཚང༣ཡོད། གཞི་རིམ་གྱི་སྲིད་དབང་སྐྲུན་པའི་གནས་ཚུལ། སྤྱི་ལོ༢༠༠༦ལོའི་གྲོང་རིམ་བྱེད་སྒོའི་འཛུགས་སྐྲུན་ཚང་མ་འགྲུབ་ཚར། དབྱར་རྩྭ་དགུན་འབུ་དང་བེ་ལོ་ཤྭ་མོ་ནི་སྡེ་འདིའི་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་ཡིན་ནོ། །

ལག་འོག་སྡེ་པ་ནི་དེ་ཡང་ལག་ཝ་སྡེ་པའི་གནས་ཚུལ་རགས་བསྡུས། ལག་ཝ་སྡེ་པ་ལ་དུད་གྲངས༡༡༢དང་མི་གྲངས༥༡༧ཡོད།    ལག་འོག་སྡེ་པ་ནི་དེ་ཡང་ལག་ཝ་སྡེ་པའི་གནས་ཚུལ་རགས་བསྡུས། ལག་ཝ་སྡེ་པ་ལ་དུད་གྲངས༡༡༢དང་མི་གྲངས༥༡༧ཡོད། སྡེ་འདི་ནི་མི་ཉག་ཙ་མི་ལོ་ཙ་བ་སངས་རྒྱས་གྲགས་པ་འཁྲུངས་ས་དངོས་ཡིན་པར་བཤད། དཔེར་ན། ས་ཆ་དེར་ཁོང་གི་སྐུ་ལུས་ཆ་ཚང་བ་རྡོ་ལ་བཞག་སའི་རྗེས་ཤུལ་སྐུ་རྗེས་དང་།  བྱིས་པའི་སྐབས་ཀྱི་ཞབས་རྗེས་བཅས་སྡེ་དེའི་ནང་དུ་དེང་སང་ཡོད་པ་ཁོ་བོས་དངོས་སུ་མཇལ་མྱངས་བ་ཡིན། ས་ཆ་དེར་ཁོང་གི་སྐུ་ལུས་ཆ་ཚང་བ་རྡོ་ལ་བཞག་སའི་རྗེས་ཤུལ་སྐུ་རྗེས་དང་།  བྱིས་པའི་སྐབས་ཀྱི་ཞབས་རྗེས་བཅས་སྡེ་དེའི་ནང་དུ་དེང་སང་ཡོད་པ་ཁོ་བོས་དངོས་སུ་མཇལ་མྱངས་བ་ཡིན། སྡེ་དེའི་ཁོངས་གཏོགས་ཀྱི་གྲོང་ཚོ་ཆུང་ཆུང༩ཡོད་པ་རེ་རེའི་མིང་གཤམ་གསལ། གཡས་ཐེ་ཐང་གྲོང་པའི་དུད་ཚང་དགུ་ལ་མི༤༠དང་། ཐང་ཐེ་གྲོང་པའི་དུད་ཚང༡༥ལ་མི་གྲངས༧༠ཡོད། རི་ལྕེ་གྲོང་པའི་དུད་ཚང༡༥ལ་མི་གྲངས༧༣ཡོད། ཚོ་ལྟ་གྲོང་པའི་དུད་ཚང༡༣ལ་མི་གྲངས༦༠ཡོད། འབོས་ཝ་གྲོང་པའི་དུད་ཚང༡༥ལ་མི་གྲངས༧༠ཡོད། ལག་འོག་གྲོང་པའི་དུད་ཚང༢༤ལ་མི་གྲངས༡༠༢ཡོད། ཧ་རན་ཅེའི་གྲོང་པའི་དུད་ཚང༧ལ་མི་གྲངས༢༨ཡོད། རི་ཅེ་གྲོང་པའི་དུད་ཚང༩ལ་མི་གྲངས༣༠ཡོད། ཝ་ཞབས་གྲོང་པའི་དུད་ཚང༩ལ་མི་གྲངས༤༠ཡོད། དེ་དག་གི་ནང་དུ་དབུལ་ཕོངས་ཀྱི་དུད་ཚང༣དང་། དཀའ་ངལ་ཤིན་ཏུ་ཆེ་བའི་དུད་གྲངས༣། འགན་ལེན་ལྔའི་དུད་གྲངས༡། ཆེས་དམའ་བའི་འགན་ལེན་ལོངས་སུ་སྤྱོད་མཁན་མི༦༥། ཏང་མི༢༣དང་། གྲ་སྒྲིག་ཏང་མི༣། ཏང་ཞུགས་ཧུར་བརྩོན་པ་མི༥བཅས་ཡོད། ཞིང་སྡེ་གསར་པའི་མཉམ་ལས་སྨན་བཅོས་ནང་ཞུགས་མཁན་མི༥༡༠ཡོད་ལ་ཞུགས་ཚད་བརྒྱ་ཆ༩༩དང་གྲངས་ཆུང༨ཟིན་ཡོད། རྒན་གསོའི་འགན་ལེན་ནང་དུ་ཞུགས་མཁན་མི༣༥༩ཡོད་ཅིང་ཞུགས་ཚད་བརྒྱ་ཆ༩༨དང་གྲངས་ཆུང༦ལ་ཟིན་ཡོད། ཞིང་ལས་སྐྱེ་དངོས་འདེབས་སའི་རྒྱ་ཁྱོན་མུའུ༤༡༧དང་། རྨོ་སྐྱུར་ནགས་སྤེལ་བྱེད་སར་མུའུ༦༧༨དང་གྲངས་ཆུང༨ཡོད། ཕྱུགས་འཚོ་བར་གཏན་འགོག་བྱེད་ཡུལ་མུའུ༧༩༩དང་། ཕྱུགས་སྐྱུར་རྩྭ་སྤེལ་བྱེད་མུའུ༡༨༩༩༩ཡོད། ད་ཡོད་སྒོ་ཕྱུགས་ཀྱི་ཁྱོན་གྲངས༢༤༢༨ཡོད། དབྱར་རྩྭ་དགུན་འབུ་དང་། བེ་ལོ་ཤྭ་མོ་སོགས་ནི་སྡེ་དེའི་དཔལ་འབྱོར་གྱི་ཡོང་ཁུངས་ཡིན། གྲོང་ཡོངས་ཀྱི་ཞིང་ལས་སྐྱེས་དངོས་འདེབས་འཛུགས་བྱེད་རྒྱུ་གཙོ་བོ་ནི་ནས་དང་གྲོ། སྲན་མ། ཞོག་ཁོག་བཅས་ཡིན། ལོ་རེར་མི་རེར་ཆ་སྙོམས་ཀྱི་ཡོང་སྒོ་སྒོར༤༥༥༨ཡིན། མིག་སྔར་ཞིང་སྡེ་གསར་པའི་འཛུགས་སྐྲུན་གྱི་ལས་ཀ་འགྲུབ་ཚུལ་ནི་སྡེར་བགྲོད་གཞུང་ལམ་སྨི༡༣༧༠༠༠དང་། སྡེ་གསར་པའི་སྲ་མཁྲེགས་ལམ་སྨི༢༦༥༠༠འགྲུབ་ཚར། ༢༠༠༧ལོར་ཞིང་སྡེའི་གློག་དྲྭའི་བསྒྱུར་བཀོད་ལེགས་འགྲུབ་བྱུང་། ༢༠༠༨ལོར་མི་ཕྱུགས་གྱི་འཐུང་ཆུའི་ཨར་ལས་སྨི༨༧༠༠འགྲུབ་ཚར། ༢༠༡༠ལོར་སྡེ་རིམ་པའི་བྱ་འགུལ་སྤེལ་སའི་ཁང་ལས་བཅས་ཚར་ཡོད་པ་ཡིན་ནོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་ཡུལ་ཤོག་དེའི་ལས་བྱེད་པ་རྒྱ་ཕྲུག་ཞིག་དང་སྒྲོན་དཀར་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།།

གངས་དཀར་ཡུལ་ཤོག་གི་གནས་ཚུལ་ངོ་སྤྲོད།

དེ་ཡང་འབོ་གངས་དཀར་ཤང་ནི་རི་བོ་གངས་དཀར་གྱི་རི་འདབས་སུ་ཆགས་ཡོད། ཤང་དང་རྫོང་མཁར་བར་དུ་སྤྱི་ལེ༡༨༨ཡོད། ཀླུ་ལྡིང་ངམ་བློ་བདེ་ལྕགས་ཟམ་ཁ་དང་སྲིབ་མིན། བརྒྱད་ཟིལ་བཅས་རྫོང་གསུམ་གྱི་ས་མཚམས་དང་འབྲེལ་ཡོད། མཚོ་འཕགས་སྨི༣༥༠༠ཡིན། དབྱར་རྩྭ་དགུན་འབུ་དང་། བེ་ལོ་ཤྭ་མོ། སྙི་བ་ཨ་བི་ཁ་ཞན་པ་སོགས་སྨན་རྫས་རྩ་ཆེན་གྱི་ཐོན་ཁུངས་ཡོད། ང་ཚོའི་ཡུལ་ཤོག་གི་དང་ཐོག་གི་མིང་ལ་ཀླུ་པ་ཡུལ་ཤོག་ཟེར།སྤྱི་ལོ༢༠༠༣ལོའི་རི་བོ་གངས་དཀར་ཤང་ཞེས་མིང་དེ་བརྗེས།མངའ་ཁོངས་ཀྱི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༢༡༠༦དང་གྲངས་ཆུང༩༣ཡོད། མངའ་འོག་སྲིད་འཛིན་གྲོང་སྡེ་དགུ་དང་དུད་ཚང༥༦༨ལ་མི་གྲངས༢༦༣༥ཡོད། ཤང་གཅིག་ལ་སྲིད་འཛིན་མི་སྣ༡༢དང་། ལས་ཀ་ཙག་ཙིག་སྒྲུབ་མཁན་མི༣ཡོད། ཤང་ཡོངས་ལ་སློབ་ཆུང་བཞི་ལ་དགེ་རྒན༡༤ཡོད་ལ། དེའི་ནང་དུ་དགེ་རྒན་ངོ་མ་མི༡༡དང་ཚབ་ཁྲིད་དགེ་རྒན་མི༣ཡོད། འཕྲོད་བསྟེན་ཁང་གཅིག་ལ་སྨན་པ་གཅིག་ཡོད། འབྲོག་ལས་ཐད་རྟ་ནོར་གསོ་སྐྱོང་བྱེད་རྒྱུ་གཙོ་བོ་ཡིན། སྒོ་ཕྱུགས་ཀྱི་ཁྱོན་གྲངས༢༥༥༨༨ཡོད་པ་དང་ལོ་རེར་བཤས་ཁོངས་སུ་བཏང་པའི་གྲངས་ཀ༧༩༤༦ཡིན། ཚོང་ཟོག་གི་གྲངས་ཀ༥༩༦༠ཡོད། ཞིང་ལས་ཀྱི་འབྲུ་རིགས་ལ་ནས་དང་གྲོ་སྲན་མ་གཙོ་བོ་ཡིན། ཞིང་རྨོ་སའི་ས་ཆ་མུའུ༡༠༦༩༥ཡོད། ཞིང་ལས་ཐོན་རྫས་ཀྱི་རིན་ཐང་ཁྱོན་བསྡོམས་སྒོར་ཁྲི༡༥༨༩དང་གྲངས་ཆུང༥༧ཡོད། ལོ་རེར་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་ནི་སྒོར་མོ༢༩༡༤ཡིན་ནོ།།

ཡུལ་ཤོག་འདིའི་སྲིད་འཛིན་སྡེ་པའི་མིང་།

རི་བོ་གངས་དཀར་སྡེ་པ་ལ་དུད་གྲངས༡༠དང་མི་གྲངས༦༤ཡོད།

སི་ཧུ་རོང་སྡེ་པ་དང་པོ་ལ་དུད་གྲངས༥༢དང་མི་གྲངས༢༥༧ཡོད།

སི་ཧུ་རོང་སྡེ་པ་གཉིས་པ་ལ་དུད་གྲངས༡༣༠དང་མི་གྲངས༦༠༦ཡོད།

ཀླུ་པ་སྡེ་པ་ལ་དུད་གྲངས༥༨དང་མི་གྲངས༢༩༧ཡོད།

མི་རྒྱུ་སྟོད་པའི་སྡེ་པ་ལ་དུད་གྲངས༧༡དང་མི་གྲངས༣༧༨ཡོད།

མི་རྒྱུ་སྨད་པའི་སྡེ་པ་ལ་དུད་གྲངས༧༦དང་མི་གྲངས༣༣༡ཡོད།

ཁྲོ་འཛི་སྟོད་པའི་སྡེ་པ་ལ་དུད་གྲངས་གྲངས༦༢དང་མི་གྲངས༣༡༡ཡོད།

ཁྲོ་འཛི་སྨད་པའི་སྡེ་པ་ལ་དུད་གྲངས༩༦དང་མི་གྲངས༡༩༨ཡོད།

ཡིད་ལྷུང་གཤིས་སྡེ་པ་ལ་དུད་གྲངས༡༨༩དང་མི་གྲངས༤༠༤ཡོད་པ་ཡིན་ནོ། །གཞན་ཡང་སྔོན་ཆད་ཤང་འདིའི་མིང་ལ་ཀླུ་པ་ཤང་ཞེས་འབོད་སྲོལ་ཡོད་ཀྱང་དེ་རྗེས་སྤྱི་ལོ༢༠༠༤ལོ་ནས་བཟུང་རོ་བོ་གངས་དཀར་ཤང་ཞེས་མིང་བཏགས་པ་ཡིན་ནོ། །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༢ལོའི་ཟླ༣པའི་ནང་དུ་ཡུལ་ཤོག་དེའི་ལས་བྱེད་པ་རྒྱ་མོ་འགའ་ཤས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

དཔའ་སྲེག་རོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

སྤང་ཐང་སྡེ་པ་ལ་དུད་གྲངས༣༥དང་མི་གྲངས༡༥༠ཡོད།

རྩེགས་གསུམ་གྲོང་སྡེ་པ་ལ་དུད་གྲངས༥༠དང་མི་གྲངས༢༡༢ཡོད།

དཔའ་སྲེག་རོང་སྡེ་པ་དང་པོ་ལ་དུད་གྲངས༦༢དང་མི་གྲངས༣༣༨ཡོད།

དཔའ་སྲེག་རོང་སྡེ་པ་གཉིས་པ་ལ་དུད་གྲངས༤༢དང་མི་གྲངས༢༤༩ཡོད།

ཁུ་ཤུ་རོང་སྡེ་པ་ལ་དུད་གྲངས༩༥དང་མི་གྲངས༣༧༧ཡོད།

འཇིག་རྟེན་སྡེ་པ་ལ་དུད་གྲངས༡༢༥དང་མི་གྲངས༦༢༢ཡོད།

འགྱ་ལ་ཧྭ་སྡེ་པ་ལ་དུད་གྲངས༨༠དང་མི་གྲངས༣༨༠ཡོད། གོང་གི་དཔའ་ས་རོང་ངམ་དཔའ་སྲེག་རོང་ཞེས་འབྲི་སྲོལ་གཉིས་ཡོད། བཤད་སྲོལ་ལ་སྡེ་པ་འདི་ལ་དཔའ་བོ་མང་པོ་ཞིག་ཡོད་ས་ཡིན་པས་རེད་ཟེར་བ་ཞིག་དང་། ཡུལ་འདིའི་དཔའ་བོ་ཞིག་མེ་ལ་སྲེག་པ་རེད་ཅེས་བཤད་སྲོལ་སྣ་ཁ་གཉིས་ཡོད་དོ། །ས་ཆ་འདིའི་དགོན་པའི་མཚན་ཐོ།  འཇིག་རྟེན་རོང་གི་ཁུ་འབྱོར་དགོན་པ་དང་།  དཔའ་སྲེག་རོང་གི་ཐང་དཀར་དགོན་པ།  གནས་ཆེན་ཕོ་བྲང་ལྔ་བརྩེགས་དགོན་པ་བཅས་ཡོད་པ་ཡིན་ནོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༢ལོའི་ཟླ་བ༣པའི་ནང་དུ་ཡུལ་ཤོག་དེའི་ལས་བྱེད་པ་ཨ་རྣམ་དང་བཀྲ་ཤིས་གཉིས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།།

བྱས་བྱས་སམ་སྐྱིད་ཡུལ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

སྒང་པ་སྡེ་པ་ལ་དུད་གྲངས༡༣༣དང་མི་གྲངས༦༦༨ཡོད།

ཚྭ་ཡུལ་གྲོང་སྡེ་པ་ལ་དུད་གྲངས༧༦དང་མི་གྲངས༣༤༢ཡོད། སྡེ་འདིའི་མིང་ལ་ཚ་ཡུལ་སྡེ་པ་འང་ཟེར་སྲོལ་ཡོད།

གསེར་གཞོང་སྡེ་པ་ལ་དུད་གྲངས༦༨དང་མི་གྲངས༣༣༧ཡོད།

འབའ་ཐེའུ་སྡེ་པ་ལ་དུད་གྲངས༨༩དང་མི་གྲངས༤༢༧ཡོད། སྡེ་འདིའི་མིང་ལ་མི་ཐགས་སྡེ་པ་འང་ཟེར་སྲོལ་ཡོད།

སྐྱིད་ཡུལ་སྡེ་པ་ལ་དུད་གྲངས༦༨དང་མི་གྲངས༣༣༤བཅས་ཡོད་དོ། །གཞན་ཡང་ཡུལ་ཤོག་འདིའི་མངའ་ཞབས་སུ་རྗེ་བཙུན་འགག་དགོན་པ་ཞེས་པ་ཞིག་ཡོད་པ་ཡིན་ནོ། །

རྗེས་སུ་རང་མི་རྣམས་ཀྱི་ས་ཆའི་མིང་བཏགས་སྟངས་ཤིན་ཏུ་གཟབ་གཟབ་བྱེད་དགོས་པ། དཔེར་ན། དར་མདོ་རྫོང་གི་སྐྱ་ཀེའི་མིང་ལ་ལྕགས་གད་དམ་སྐྱ་ཀན་བཅས་ཀྱི་མིང་འབྲི་མི་ཉན་སྙམ། སྔོན་གྱི་མི་ཉག་གི་མཁས་པ་འཇམ་དབྱངས་གྲགས་པས་སྐྱ་ཀེ་ཞེས་མིང་བྲིས་པ་ལྟར་འབྲི་དགོས། དེ་བཞིན་དུ་དཔལ་ལྷ་སྒང་ཤང་གི་གངས་རི་མ་སྡེ་པའི་མིང་ལ། དེང་སང་ཅུང་ཟད་ཤེས་པར་རློམ་པ་འགས་གོ་རོ་མ་ཞེས་མིང་བྲིས་ཡོད་པ་ནི་ནོར་བ་ཡིན་པས་གངས་རི་མ་ཞེས་འབྲི་དགོས། བ་སྨད་ཀྱི་མིང་ལ་དཔལ་སྨད་ཅེས་མིང་བྲིས་པའང་དཔྱད་གཞི་ཙམ་ཡིན། རྒྱུ་མཚན་ཅི་རེད་ཅེ་ན་སྔོན་གྱི་ཡིག་ཆ་ལ་ཁུངས་བཅོལ་ན་བཟང་པོ་རེད་ཀྱང་། ས་གནས་རང་གི་མཁས་པས་བྲིས་པའི་ཡིག་ཆ་ཚད་ལྡན་མིན་ན་ས་ཆའི་མིང་བྲིས་པ་ལ་ཡིད་རྟོན་རུང་བའི་གནས་མ་ཡིན། སྤྱིར་མིང་བཏགས་རྒྱུ་ལ་རྒྱུ་མཚན་ངེས་པར་དུ་འགྲེལ་རྒྱག་རྒྱུ་ཞིག་ཡོད་མི་དགོས། དཔེར་ན་གདོད་མའི་མིང་།  ཉི་མ་དང་།  ཟླ་བ།  སྐར་མ། འབྱུང་བ་བཞིའི་མིང་ལ་ས་དང་ཆུ།  མེ་རླུང་ལྟ་བུ་ལ་ངེས་ཚིག་འགྲེལ་རྒྱུ་མེད་པ་ལྟ་བུ་སོགས་ཤེས་རྒྱུ་གལ་ཆེན་པོ་ཡིན་ནོ།  །

ཉག་ཆུ་རྗོང་གི་སྲིད་འཛིན་ས་མིང་།

ཆུ་ཁུག་གྲོང་རྡལ་གྱི་སྲིད་འཛིན་སྡེ་པའི་མིང་།

སྤུན་ཟླ་གྲོང་སྡེ་པ་དང་ཁྲུངས་ཤིང་སྡེ་པ།    གསེར་རྟའི་ཟམ་གྲོང་སྡེ།   རི་རྒྱབ་གྲོང་སྡེ།   ཞྭ་ལྟག་གྲོང་སྡེ།  མར་རྩི་སྲིབ་གྲོང་སྡེ་བཅས་གྲོང་པའམ་སྡེ་པ་དྲུག་ཡོད་ཅིང་།   ཁྱིམ་ཚང་ངམ་དུད་ཚང༡༦༣༨དང་མི་གྲངས༧༨༠༩བཅས་ཡོད་པ་ཡིན་ནོ།  །

མགོ་ལོག་ཤིས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

རྒྱ་བཙུགས་གྲོང་སྡེ་ལ་དུད་གྲངས༢༠༠དང་མི་གྲངས༨༤༧ ཡོད།

མགོ་ལོག་སྟོད་པའི་གྲོང་སྡེ་ལ་དུད་གྲངས༡༧༥མི་གྲངས༧༨༠ཡོད།

ཁུག་རྩ་གྲོང་སྡེ་པ་ལ་དུད་གྲངས༡༢༦དང་མི་གྲངས༦༦༤ཡོད།

དབང་འདུས་གྲོང་སྡེ་པ་ལ་དུད་གྲངས༡༤༨དང་མི་གྲངས༧༥༨ ཡོད།

འཇང་པ་གྲོང་སྡེ་ལ་དུད་གྲངས༡༤༣མི་གྲངས༢༡༧ཡོད། སྡེ་པ་འདིའི་མིང་ལ་འཇང་པ་སྡེ་པ་དང་མཇུག་མགོ་བསྡོམས་སྡེ་པ་བཅས་ཟེར་སྲོལ་ཡོད།   རྒྱས་ཡུལ་ཤོག་འདིའི་མིང་ལ་ནུབ་མགོ་ལོག་ཞེས་འབོད་སྲོལ་ཡང་ཡོད་པ་རེད།   ས་ཆ་འདིར་གནའ་ཤུལ་རྩ་ཆེན་ཡོད་པ་རྣམས་འོག་ཏུ་བཀོད་ཡོད་དོ།  །

བར་སྟོད་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

དེ་སྨད་ཁ་སྡེ་པ་ལ་དུད་གྲངས༩༡དང་མི་གྲངས༣༣༠ཡོད།  སྡེ་འདིའི་མིང་ལ་དབུ་རྩེ་སྡེ་པའང་ཟེར་སྲོལ་ཡོད།

སྡུག་མེད་ཁ་སྡེ་པ་ལ་དུད་གྲངས༡༡༥དང་མི་གྲངས༤༧༠ཡོད།

ཇོ་བོ་ཁ་སྡེ་པ་ལ་དུད་གྲངས༨༦དང་མི་གྲངས༣༢༠ཡོད།

དཔེ་ནང་གྲོང་སྡེ་པ་ལ་དུད་གྲངས༨༠དང་མི་གྲངས༢༨༠ཡོད།

ཤོག་གཡང་གྲོང་སྡེ་པ་ལ་དུད་གྲངས༡༤༠དང་མི་གྲངས༤༨༨ཡོད། སྡེ་འདིའི་མིང་ལ་ཞེ་བོ་གྲོང་སྡེ་པའང་ཟེར་སྲོལ་ཡོད་དོ།།   

ཐོག་སྒོའི་སྡེ་པ་ལ་དུད་གྲངས༢༦དང་མི་གྲངས༣༤༠ཡོད། སྡེ་འདིའི་མིང་ལ་ཐང་མགོའི་གྲོང་ཡང་ཟེར་སྲོལ་ཡོད་དོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་ཡུལ་ཤོག་དེའི་མི་རྫིང་གི་སློབ་འབྲིང་དགེ་རྒན་ཡང་ཏུང་ཧྭ་ལགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

མི་བཟང་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

རི་འོག་རྩ་སྡེ་པ་ལ་དུད་གྲངས༣༥དང་མིགྲངས༢༡༠ཡོད།

མགུ་དབུ་གྲོང་སྡེ་པ་ལ་དུད་གྲངས༣༡དང་མི་གྲངས༡༨༦ཡོད།

བདེ་ཐང་གྲོང་སྡེ་པ་ལ་དུད་གྲངས༤༠དང་མི་གྲངས༢༤༠ཡོད།

མི་བཟང་གྲོང་སྡེ་པ་ལ་དུད་གྲངས༥༦དང་མི་གྲངས༣༣༢ཡོད།

ཉ་སྟོད་གྲོངས་སྡེ་པ་ལ་དུད་གྲངས༤༠དང་མི་གྲངས༢༦༠ཡོད། སྡེ་འདིའི་མིང་ལ་ཉ་དོ་དང་ཡར་སྟོད་གྲོང་ངམ་འོ་རྩི་གྲོང་སྡེ་པ་བཅས་ཟེར་སྲོལ་ཡོད་ཅིང་། འདྲ་ཤིང་ཁ་མ་ཡང་སྡེ་འདིའི་ཁོངས་སུ་གཏོགས་པར་བཤད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་རྫིང་གི་སློབ་འབྲིང་དགེ་རྒན་ཚེ་རིང་དབང་མོས་མཁོ་འདོན་བྱས་པ་ཡིན་ནོ།།

མགར་ར་གཤིས་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

མགར་ར་གྲོང་སྡེ་པ་ལ་དུད་གྲངས༡༡༠དང་མི་གྲངས༥༧༠ཡོད་གོང་གི་མི་གྲངས་དང་དུད་གྲངས་ནི་ཚོད་ཚོད་བྱས་པ་ཡིན། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི༢༠ཡོད། ཟོག་གི་གྲངས་ཀ༡༢༠༠དང་རྟའི་གྲངས་ཀ༥༠ར་ལུག་གི་གྲངས་ཀ༡༠༠ཡོད།

དཔལ་ཟིལ་གྲོང་སྡེ་པ་ལ་དུད་གྲངས༡༡༥དང་མི་གྲངས༥༦༥ཡོད། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི༣༠ཡོད། ཟོག༡༦༠༠དང་རྟ༡༠༠ ར་ལུག་གྲངས༢༠༠བཅས་ཡོད།  སྡེ་པ་འདིའི་མིང་ལ་གྲིབ་སོ་སྟོད་པའང་འབོད་སྲོལ་ཡོད་དོ།།

སྐྱིད་སྡེ་གྲོང་སྡེ་པ་ལ་དུད་གྲངས༡༢༥དང་མི་གྲངས༣༧༦ཡོད། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི༡༠ཡོད། ཟོག༥༠༠དང་རྟ༢༠ ར་ལུག༡༠༠བཅས་ཡོད།

བཅུ་གཉིས་པ་སྡེ་པ་ལ་དུད་གྲངས༨༡དང་མི་གྲངས༣༥༠ཡོད། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི༢༠ཡོད། ཟོག༦༠༠དང་རྟ༥༠ར་ལུག༥༠བཅས་ཡོད།

འཁོར་ལོ་གྲོང་སྡེ་པ་ལ་དུད་གྲངས༥༢དང་མི་གྲངས༢༧༠ཡོད། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི༢༥ཡོད། ཟོག༡༣༠༠དང་རྟ༢༠༠  ར་ལུག༡༢༠བཅས་ཡོད།

ཁམས་སྡེ་གྲོང་པ་ལ་དུད་གྲངས༡༠༣དང་མི་གྲངས༤༦༥ཡོད། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི༡༢ཡོད། ཟོག༡༢༠དང་རྟ༥༠  ར་ལུག༥༠བཅས་ཡོད།

སྐྱིད་བོད་གྲོང་སྡེ་པ་ལ་དུད་གྲངས༣༤དང་མི་གྲངས༡༩༨ཡོད། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི༡༧ཡོད། ཕྱུགས་རིགས་ཀྱི་གྲངས་ནི། ཟོག༧༠དང་རྟ༦༠། ར་ལུག༥༠བཅས་ཡོད།

སྐྲུ་རྒན་གྲོང་སྡེ་པ་ལ་དུད་གྲངས༡༤དང་མི་གྲངས༦༥ཡོད། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་༡༤ཡོད། ཟོག༡༦༠དང་རྟ༦༠ ར་ལུག༡༠༠བཅས་ཡོད།

རྟ་སྒ་སྡེ་པ་ལ་དུད་གྲངས༦༧དང་མི་གྲངས༣༠༡ཡོད། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་༡༢ཡོད། ཟོག༡༢༠དང་རྟ༧༠  ར་ལུག༡༠༠བཅས་ཡོད།

བོད་སྡེ་གྲོང་སྡེ་པ་ལ་དུད་གྲངས༧༠དང་མི་གྲངས་༣༠༥ཡོད། ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི༡༦ཡོད། ཟོག༡༩༠དང་རྟ༡༦༠ ར་ལུག༢༠༠བཅས་ཡོད་དོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་རྫིང་གི་སློབ་འབྲིང་དགེ་རྒན་ཚེ་རིང་དབང་མོས་མཁོ་འདོན་བྱས་པ་ཡིན་ནོ།   །

མཁར་རིང་པོ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།  

མཁར་རིང་པོ་སྡེ་པ་ལ་དུད་གྲངས༩༨དང་མི་གྲངས༤༥༢ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༢༨་༤༩ཡོད། སྡེ་འདིའི་མིང་ལ་ཨོ་རོང་གཤིས་སྡེ་པའང་ཟེར།

རི་རྒྱུད་གྲོང་སྡེ་པ་ལ་དུད་གྲངས༨༤དང་མི་གྲངས༤༣༠ཡོད།  ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༤༤་༠༨ཡོད།

མི་ཚེ་སྐྱིད་གྲོང་སྡེ་ལ་དུད་གྲངས༥༧དང་མི་གྲངས༢༨༦ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༡༤་༣༠ཡོད།

འོད་ལྡན་གྲོང་སྡེ་པ་ལ་དུད་གྲངས༦༣དང་མི་གྲངས༢ ༩༧ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༡༨་༢༤ཡོད།

ཐང་འདབས་སྡེ་པ་ལ་དུད་གྲངས༤༨དང་མི་གྲངས༢༠༠ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང་གི་གྲངས་ཀ་མེད།

ཨོ་རོང་གཤིས་གྲོང་འགོ་སྡེ་པ་ལ་དུད་གྲངས༨༣དང་མི་གྲངས༤༠༦ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༣༥་༠༢ཡོད། སྡེ་འདིའི་མིང་ལ་གྲོང་མགོ་གྲོང་སྡེ་པའང་ཟེར་སྲོལ་འདུག

ཕག་མོ་རི་སྡེ་པ་ལ་དུད་གྲངས༧༩དང་མི་གྲངས༣༩༢ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༢༣་༤༢ཡོད།

རྫ་རི་གྲིང་སྡེ་པ་ལ་དུད་གྲངས༧༦དང་མི་གྲངས༢༦༠ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་སྤྱི་ཆིང༢༦་༨༩ཡོད།   གྲོང་སྡེ་འདི་ནི་འབོ་ཡས་གཤིས་པ་ཡིན།

དབང་དགའ་གྲོང་སྡེ་པ་དང་པོ་ལ་དུད་གྲངས༣༥དང་མི་གྲངས༡༧༠ཡོད།  ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༢༣་༤༢ཡོད། གྲོང་སྡེ་འདི་ནི་འབོ་གཡས་གཤིས་པ་ཡིན།

ལུང་སྒོ་སུམ་མདོ་སྡེ་པ་ལ་དུད་གྲངས༧༩དང་མི་གྲངས༣༩༢ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༢༧་༤༠ཡོད། སྡེ་འདིའི་མིང་ལ་རྟ་མགོ་གྲོང་ངམ་ཕག་མོ་རི་སྡེ་པའང་ཟེར་སྲོལ་འདུག་གོ།  གྲོང་སྡེ་འདི་ནི་འབོ་གཡས་གཤིས་པ་ཡིན།

དགེ་འཇོ་སྡེ་པ་ལ་དུད་གྲངས༤༩དང་མི་གྲངས༣༧༢ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༡༦་༤༣ཡོད། གྲོང་སྡེ་འདི་ནི་འབོ་གཡས་གཤིས་པ་ཡིན།

དབང་དགའ་སྡེ་པ་གཉིས་པ་ལ་དུད་གྲངས༤༩དང་མི་གྲངས༣༧༢ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༢༨་༣༡ཡོད། མཁར་རིང་པོའམ་ཨོ་རོང་གཤིས་ཤང་གཅིག་གི་སྒོ་ཟོག་གི་ཁྱོན་བསྡོམས་གྲངས་ལས་ཕྱུགས་ཟོག༣༥༧༥དང་།རྟ་ཆེ་ཆུང༤༢༣། ར་ལུག་ཆེ་ཆུང༡༥༤༦བཅས་ཡོད།  གྲོང་སྡེ་འདི་ནི་འབོ་གཡས་གཤིས་པ་ཡིན་པར་བཤད་དོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་རྫིང་གི་སློབ་འབྲིང་དགེ་རྒན་ཚེ་རིང་དབང་མོས་མཁོ་འདོན་བྱས་པ་ཡིན་ནོ།

གྲོང་གསུམ་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

སྡེ་ཚྭ་གྲོང་སྡེ་པ་ལ་དུད་གྲངས༨༡དང་མི་གྲངས༣༢༠ཡོད།

འོག་ཐང་གྲོང་སྡེ་པ་ལ་དུད་གྲངས༦༥དང་མི་གྲངས༣༥༥ཡོད།

དར་རྒྱས་གྲོང་སྡེ་པ་ལ་དུད་གྲངས༤༡དང་མི་གྲངས༣༢༡ཡོད།

རྡོ་ཉ་གྲོང་སྡེ་པ་ལ་དུད་གྲངས༣༩དང་མི་གྲངས༢༥༠ཡོད།

སྤུན་ཟླ་གྲོང་སྡེ་པ་ལ་དུད་གྲངས༡༡༥དང་མི་གྲངས༥༡༡ཡོད།

ལྷ་གཡག་གྲོང་སྡེ་པ་ལ་དུད་གྲངས༧༤དང་མི་གྲངས༢༡༦ཡོད།

སྤྲིན་འདབས་གྲོང་སྡེ་པ་ལ་དུད་གྲངས༦༧དང་མི་གྲངས༢༤༤ཡོད།

ཉི་མ་གྲོང་སྡེ་པ་ལ་དུད་གྲངས༥༤དང་མི་གྲངས༢༠༦ཡོད།

དཔེ་མཛེས་གྲོང་སྡེ་པ་ལ་དུད་གྲངས༤༨དང་མི་གྲངས༡༧༦ཡོད།

ལྷ་འབྲི་གྲོང་སྡེ་པ་ལ་དུད་གྲངས༣༢དང་མི་གྲངས༡༢༡ཡོད།

རི་ལུག་ཁོག་སྡེ་པ་ལ་དུད་གྲངས༣༨དང་མི་གྲངས༡༣༢ཡོད། འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་ས་ཆ་དེའི་སློབ་མ་ཞིག་གིས་མཁོ་འདོན་བྱས་པ་ཡིན་ནོ།  །

མིག་ནོར་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

མིག་ནོར་སྡེ་པ་ལ་དུད་གྲངས༦༦དང་མི་གྲངས༣༧༩ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༥༡་༨༠ཡོད།

ཁྲིམས་འཇམ་གྲོང་སྡེ་པ་ལ་དུད་གྲངས༦༣དང་མི་གྲངས༣༣༣ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༣༧་༢༠ཡོད། སྡེ་འདིའི་མིང་ལ་གྲུབ་འཇམ་སྡེ་པའང་ཟེར་སྲོལ་ཡོད་པར་བཤད།

ར་སྐུང་གྲོང་སྡེ་པ་ལ་དུད་གྲངས༥༡དང་མི་གྲངས༣༢༩ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༣༢་༠༠ཡོད།

གླང་གདོང་གྲོང་སྡེ་པ་ལ་དུད་གྲངས༤༨དང་མི་གྲངས༣༣༩ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༣༥་༨༠ཡོད།

དཔེ་མཛེས་རོང་སྡེ་པ་ལ་དུད་གྲངས༤༥དང་མི་གྲངས༣༥༣ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༢༦་༠༠ཡོད།

རོང་པ་གྲོང་སྡེ་པ་ལ་དུད་གྲངས༣༥དང་མི་གྲངས༢༠༩ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༢༣་༠༠ཡོད།

གླ་བ་ཕུག་སྡེ་པ་ལ་དུད་གྲངས༣༠དང་མི་གྲངས༢༢༩ཡོད། ས་ཞིང་རྨོ་སའི་རྒྱ་ཁྱོན་ལ་སྤྱི་ཆིང༢༢་༠༠ཡོད། སྡེ་འདིའི་མིང་ལ་རྡོ་ཡུལ་ཕུག་སྡེ་པའང་ཟེར་སྲོལ་འདུག་པས་དཔྱད་པར་འཚལ། ཤང་འདིའི་མིང་ལ་མེ་ལོང་ཤང་ཞེས་འབོད་སྲོལ་འང་ཡོད་འདུག་རྗེས་སུ་བརྟག་བྱའི་གནས་སོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་རྫོང་དེའི་སློབ་འབྲིང་དགེ་རྒན་ཡང་ཏུང་ཧྭ་ཡིས་མཁོ་འདོན་བྱས་པ་ཡིན་ནོ།  །

སྦ་སྨྱུག་རོང་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

མཚོ་ཁ་སྡེ་པ་ལ་དུད་གྲངས༤༣དང་མི་གྲངས༢༡༡ཡོད།

པར་རྩའམ་ཚེར་མ་རོང་སྡེ་པ་ལ་དུད་གྲངས༢༧དང་མི་གྲངས༡༠༩ཡོད། སྡེ་འདིའི་མིང་ལ་པར་རྩའམ་བར་མཚམས་སྡེ་པ་དང་ལུག་རི་གྲོང་སྡེ་པ་བཅས་ཟེར་སྲོལ་ཡོད་པ་ཡིན་ནོ། །

ལུག་རི་གྲོང་སྡེ་པ་ལ་དུད་གྲངས༤༩དང་མི་གྲངས༢༢༤ཡོད།

སྐེད་རི་གྲོང་སྡེ་པ་ལ་དུད་གྲངས༥༡དང་མི་གྲངས༣༧༩ཡོད།

སྨད་ཤོད་གྲོང་སྡེ་པ་ལ་དུད་གྲོངས༧༩དང་མི་གྲངས༦༩༧ཡོད།

ལྷོ་ཁོག་གྲོང་སྡེ་པ་ལ་དུད་གྲངས༤༡དང་མི་གྲངས༣༠༦ཡོད་དོ།   །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ་༢༠༡༣ལོའི་ཟླ་༨པའི་ནང་དུ་རྫོང་དེའི་མི་དགེ་རྒན་ཡང་ཏུང་ཧྭ་ཡིས་མཁོ་འདོན་བྱས་པ་ཡིན་ནོ།  །

བརྒྱད་ཟུར་རྫོང་གི་སྲིད་འཛིན་ས་མིང་།

རྒུ་རུ་གྲོང་རྡལ་གྱི་སྲིད་འཛིན་སྡེ་པའི་མིང་།

རྒུ་རུ་གྲོང་སྡེ་པ་ལ་དུད་གྲངས༣༤༦དང་མི་གྲངས༡༠༦༨ཡོད། དེ་མིན་ད་དུང་དབྱིས་རིགས༦༥དང་རྒྱ་རིགས༧༢༨བཅས་ཀྱང་ཡོད།

ཚ་རུ་གྲོང་སྡེ་པ་ལ་དུད་གྲངས༤༢༢དང་མི་གྲངས༡༠༧༨ཡོད། དེ་མིན་ད་དུང་དབྱིས་རིགས༣༠དང་རྒྱ་རིགས༥༥༤བཅས་ཀྱང་ཡོད།

བྱ་ཁྱུང་གྲོང་སྡེ་པ་ལ་དུད་གྲངས༣༨༥དང་མི་གྲངས༡༠༤༧ཡོད། དེ་མིན་ད་དུང་དབྱིས་རིགས༤༧དང་རྒྱ་རིགས༧༥༡བཅས་ཀྱང་ཡོད།

རྫ་རི་གྲོང་སྡེ་པ་ལ་དུད་གྲངས༢༡༩དང་མི་གྲངས༨༠༢ཡོད། དེ་མིན་ད་དང་དབྱིས་རིགས༣དང་རྒྱ་རིགས༣༠༠བཅས་ཡོད།

ཐང་མགོ་སྡེ་པ་ལ་དུད་གྲངས༡༢༤དང་མི་གྲངས༦༣༡ཡོད། མི་རིགས་གཞན་པ་མེད།

བོན་པོ་གྲོང་སྡེ་པ་ལ་དུད་གྲངས༡༦༩དང་མི་གྲངས༧༢༩ཡོད། དེ་མིན་ད་དུང་དབྱིས་རིགས༡དང་རྒྱ་རིགས༣༠༦ཡོད།

འོད་ཕྱུག་སྡེ་པ་ལ་དུད་གྲངས༡༦༩དང་མི་གྲངས༣༣༣ཡོད། ས་ཆ་ཅུང་ཟད་མཐོ་བས་མི་རིགས་གཞན་པ་མེད་དོ།།

ས་རྔ་རོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཐན་སྐེད་གྲོང་སྡེ་པ་ལ་དུད་གྲངས༡༩༣དང་མི་གྲངས༩༨༤ཡོད། མི་རིགས་གཞན་པ་མེད་ས་རྔ་རོང་ཤང་གི་སྡེ་པ་གསུམ་བཞི་ཙམ་ཡོད་པར་བཤད།

འབུར་སྒང་སྡེ་པ་ལ་གྲོང་ཆུང་འགའ་ཡོད་པ་རྣམས་གཤམ་གསལ། སྲིད་སྐུ་གྲོང་པ།ཝ་ཏི་གྲོང་པ།  འབུར་སྒང་གྲོང་པ། ཐན་སྐེད་གྲོང་པ། ལོ་བརྒྱ་ཐོག་བརྩེགས་གྲོང་པ།  དགེ་རྒྱས་གྲོང་པ། གསེར་ཆུ་གྲོང་པ། འདི་ལ་བསེ་ཅོ་གྲོང་པའང་ཟེར། དཔེ་ཡག་སྡེ་པའི་གྲོང་ཆུང་རྣམས་ཀྱི་མིང་ནི། བོན་པོ་གྲོང་། དཔེ་ལེགས་གྲོང་པ། ཟུང་མགོའི་གྲོང་པ། དཔེ་ཡག་ཕན་སྡེ་པའི་གྲོང་ཆུང་རྣམས་ཀྱི་མིང་། སྲན་ཐོན་གྲོང་པ། དཔེ་ཡག་ཕན་གྲོང་པ། ས་ཡག་གྲོང་པ། ར་བ་གཉིས་གྲོང་པ། སྲིད་རྡོ་གྲོང་པ་བཅས་ཡོད། ས་ཆ་འདི་ལ་འབྲུ་རིགས་ནི། ནས་དང་། གྲོ། རྒྱ་གྲོ་མའམ་ཞོག་ཁོག  །མ་རྨོས་ལོ་ཐོག་སྔོ་ཚལ་གྱི་རིགས་སོགས་སྐྱེས་ཡོད། གཞན་ཡང་བེ་ལོ་ཤིང་མོ་དང་། དབྱར་རྩ་དགུན་འབུ་བཅས་རྐོ་རྒྱུའང་ཡོད་པར་བཤད་དོ། །

བུ་ལ་གྲོང་སྡེ་པ་ལ་དུད་གྲངས༢༠༧དང་མི་གྲངས༩༥༨ཡོད། མི་རིགས་གཞན་པ་མེད།

ཧྲན་ཐན་གྲོང་སྡེ་པ་ལ་དུད་གྲངས༡༨༡དང་མི་གྲངས༧༡༨ཡོད། མི་རིགས་གཞན་པ་མེད།

སྦའུ་རོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ལ་གཉིས་བར་སྡེ་པ་ལ་དུད་གྲངས༡༡༦དང་མི་གྲངས༣༡༠ཡོད། དེ་མིན་ད་དུང་དབྱིས་རིགས་མེད་ཀྱང་རྒྱ་རིགས་ཀྱི་མི༡༠༠ཡོད།

ཁུ་སྤུང་གྲོང་སྡེ་པ་ལ་དུད་གྲངས༢༩༠དང་མི་གྲངས༦༨༧ཡོད། དེ་མིན་ད་དུང་དབྱིས་རིགས་མེད་ཀྱང་རྒྱ་རིགས༣༨༤ཡོད། སྡེ་འདིའི་མིང་ལ་ཁོ་སྤུང་གྲོང་ཡང་ཟེར་སྲོལ་ཡོད། ཡང་བཤད་ཅིག་རྒྱབ་ན་སྦའུ་རོང་གི་ཁྲོམ་མཐའ་ཡུལ་ཤོག་ཟེར་ས་དེ་ལ་སྡེ་པ་ཆེན་པོ་གཉིས་ཡོད། རྟ་དམར་འཕུར་སྟེ་ལ་གྲོང་ཆུང་གཉིས་ཡོད། རྟ་གཏོང་ཐང་གྲོང་པ་དང་། ལྟོ་ཁུང་གྲོང་པ། སྨད་སྡེའི་གྲོང་ཆུང་གསུམ་ནི། དགེ་རྒྱས་གྲོང་པ་དང་། བགོ་གླེང་གྲོང་པ།  རྩི་བཀུར་གྲོང་པའོ། ས་ཆ་འདི་ལ་འབྲུ་རིགས་ནི། ནས་དང་གྲོ། སྲན་མ། འབྲས། སོ་བ། ཡུང་མ། རྒྱ་གྲོ་མ། སྔ་ཚལ་རིགས་དུམ་ཡོད་པར་མ་ཟད། ཤིང་ཏོག་གི་རིགས་ཀྱང་དུ་མ་དང་བོད་སྨན་གྱི་རྩི་ཐོག་གྱི་རིགས་མང་པོ་སྐྱེས་ཡོད་པར་བཤད་དོ། །

འབྲོང་ལུང་ཡུལ་ཤོག་གི་སྡེ་པ་སོ་སོའི་ངོ་སྤྲོད།

ཀླུ་ལུང་གྲོང་སྡེ་པ་ལ་དུད་གྲངས༥༨དང་མི་གྲངས༢༦༨ཡོད། དེ་མིན་ད་དུང་དབྱིས་རིགས་མེད་ཀྱང་རྒྱ་རིགས་ཀྱི་མི༢༣ཡོད།

རྒན་རྒྱ་གྲོང་སྡེ་པ་ལ་དུད་གྲངས༦༣དང་མི་གྲངས༢༩༩ཡོད། དེ་མིན་ད་དུང་དབྱིས་རིགས༣དང་རྒྱ་རིག༤༥བཅས་ཡོད་དོ། །

སྤོས་ཡས་ཀའམ་ཧུང་པ་རོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ལྟེ་གནས་གྲོང་སྡེ་པ་ལ་དུད་གྲངས༨༠དང་མི་གྲངས༥༠༠ཡོད། དེ་མིན་ད་དུང་དབྱིས་རིགས༥དང་རྒྱ་རིགས༢༢ཡོད།

ལུག་རྭ་གྲོང་སྡེ་པ་ལ་དུད་གྲངས༨༥དང་མི་གྲངས༢༦༣ཡོད། དེ་མིན་ད་དུང་དབྱིས་རིགས༢༩༩དང་རྒྱ་རིགས༡༢བཅས་ཡོད་དོ། །

ཇ་ཐང་རོང་གི་ཁེ་རྡོ་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ལས་དབང་གྲོང་སྡེ་པ་ལ་དུད་གྲངས༣༠༢དང་མི་གྲངས༥༧༤ཡོད། དེ་མིན་ད་དུང་དབྱིས་རིགས༡༠དང་རྒྱ་རིགས༡༤༡༦ཡོད།

ཁེ་རྡོ་གྲོང་སྡེ་པ་ལ་དུད་གྲངས༢༡༣དང་མི་གྲངས༨༠༠ཡོད། དེ་མིན་ད་དུང་དབྱིས་རིགས་མེད་ཀྱང་རྒྱ་རིགས་ཀྱི་མི༡༡༩༨ཡོད།

ལྗང་ལུང་གྲོང་སྡེ་པ་ལ་དུད་གྲངས༡༤༨དང་མི་གྲངས༤༣༣ཡོད། དེ་མིན་ད་དུང་དབྱིས་རིགས༣༢༡དང་རྒྱ་རིགས༦༡ཡོད།

ལི་ལྟེའུ་གྲོང་སྡེ་པ་ལ་དུད་གྲངས༧༥དང་མི་གྲངས༥༧ཡོད། དེ་མིན་ད་དང་དབྱིས་རིགས༥༧དང་རྒྱ་རིགས༣༧༢ཡོད།

བྲག་ཐོག་གྲོང་སྡེ་པ་ལ་དུད་གྲངས༤༩དང་མི་གྲངས༡༤ཡོད། དེ་མིན་དབྱིས་རིགས་མེད་ཀྱང་རྒྱ་རིགས༢ ༥༤ཡོད།

རྒྱག་པ་སྒང་སྡེ་པ་ལ་དུད་གྲངས༡༥༤དང་མི་གྲངས༤༢༥ཡོད། དེ་མིན་ད་དུང་དབྱིས་རིགས༡༦༡དང་རྒྱ་རིགས༡༡ཡོད།

ཤར་ཁ་རོང་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ལུང་བཟང་གྲོང་སྡེ་པ་ལ་དུད་གྲངས་གྲངས༩༣དང་མི་གྲངས༥༨༧ཡོད། དེ་མིན་ད་དུང་དབྱིས་རིགས་མེད་ཀྱང་རྒྱ་རིགས་ཀྱི་མི༢ཡོད། སྡེ་འདིའི་མིང་ལ་བློ་བཟང་སྡེ་པའང་ཟེར་སྲོལ་ཡོད་པར་བཤད། ཞིབ་བཤད་ཀྱི་སྐོར་ཤར་ཁ་རོང་ཡུལ་ཤོག་ལ་སྡེ་པ་གཉིས་ཡོད། ༡སྟོད་ཀྱི་སྡེ་པ་ལ་གྲོང་པ་ཆུང་ཆུང་གསུམ་ཡོད། ལྷ་སྤོས་གྲོང་དང་། བྱི་བ་གྲོང་། འབའ་གཞས་གྲོང་བཅས་སོ། ༢ སྟོད་པའི་སྡེ་པ་ལ་གྲོང་ཆུང་བཞི་ཡོད། ལོ་གཞོན་གྲོང་དང་། མཁར་ཆེན་གྲོང་། མོ་ཁུག་གྲོང་། མ་ལོས་གྲོང་པ་བཅས་ཡོད།  ཞིང་ལས་དང་འབྲོག་ལས་ཀྱི་ཐད་ནས་བཤད་ན་རོང་པ་མང་ལ་འབྲོག་པ་ཉུང་ཉུང་མ་གཏོགས་མེད།  མི་རྒོད་དགོན་པ་དང་། གནས་ཆེན་བྱི་བ་སྟག་རྩེ་སོགས་ཀྱང་ས་ཆ་འདིར་ཡོད་དོ།   །

བྱི་བ་གྲོང་སྡེ་པ་ལ་དུད་གྲངས༧༩དང་མི་གྲངས༤༦༥ཡོད། དེ་མིན་ད་དུང་དབྱིས་རིགས་མེད་ཀྱང་རྒྱ་རིགས༤ཡོད།

ལེབ་ཆེན་ཡུལ་ཤོག་གི་སྲིད་འཛིན་སྡེ་པའི་མིང་།

ཚུ་ཞབས་སྡེ་པ་ལ་དུད་གྲངས༣༣༤དང་མི་གྲངས་༡༢༩༦ཡོད། སྡེ་འདི་ལ་འབྲོག་ར་ཆེན་པོ་ཞིག་ཡོད་པར་བཤད་དོ། །

མ་ལོག་གྲོང་སྡེ་པ་ལ་དུད་གྲངས༡༦༡དང་མི་གྲངས༥༡༨ཡོད། ཁྱོན་བསྡོམས་ཤང་འདི་ལ་དུད་ཚང༧༢༠དང་མི་གྲངས༢༧༨༨ཡོད་པར་བཤད་དོ།   །ད་དུང་བརྒྱད་ཟུར་རྫོང་གི་མི་ཉག་གི་ས་ཆའི་ཤང་དགུའི་མིང་རྣམས་འདིར་ཡི་གེ་མང་ཆེ་བས་གནས་སྐབས་བྲིས་མེད་དོ།  །གོང་གི་བརྒྱད་ཟུར་རྫོང་གཅིག་གི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༣ལོའི་ཟླ༨པའི་ནང་དུ་རྫོང་དེའི་ལས་བྱེད་པ་རྒན་པ་ཀྲུའུ་རིན་ཆེན་སོགས་ཀྱིས་མཁོ་འདོན་བྱས་པ་ཡིན་ནོ།  །

ཀླུ་ལྡིང་ལྕགས་ཟམ་རྫོང་གི་སྲིད་འཛིན་ས་ཆའི་མིང་།

ཕན་པ་ཡུལ་ཤོག་ལ་སྡེ་པ༨ཡོད།   འཐེན་པ་ཡུལ་ཤོག་ལ་སྡེ་པ་༩ཡོད།  གླིང་གཅེས་གྲོང་རྡལ་ལ་སྡེ་པ༡༢ཡོད།   ལུང་པ་ཕུག་གྲོང་རྡལ་ལ་སྡེ་པ༢༢ཡོད།     གཏེར་སྦས་ཡུལ་ཤོག་ལ་སྡེ་པ༡༥ཡོད།  གདན་ཐོག་ཡུལ་ཤོག་ལ་སྡེ་པ༡༨ཡོད།  ལྕགས་ལུང་ཡུལ་ཤོག་ལ་སྡེ་པ་༡༢ཡོད།    ལྕགས་ཟམ་ཁ་གྲོང་རྡལ་ལ་སྡེ་པ༡༩ཡོད།    ངང་ཕྲུག་ཡུལ་ཤོག་ལ་སྡེ་པ༤ཡོད།  ཚོ་གཉིས་ཡུལ་ཤོག་ལ་སྡེ་པ༧ཡོད།   གཞན་ཡང་དུང་དཀར་ལུང་པའི་འབོ་ཆས་གྲོང་རྡལ་དང་ཤིས་གཤིས་ཡུལ་ཤོག་བཅས་ཀྱང་ཡོད་པ་ཡིན།   འདི་ཡན་ཆད་ཀྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མི་ཉག་གི་སྲིད་འཛིན་སྡེ་པ་རྣམས་ཀྱི་མིང་རེ་ཞིག་རྫོགས་སོ།  །འདིའི་རྒྱུ་ཆ་རྣམས་ནི་སྤྱི་ལོ༢༠༡༤ལོའི་ཟླ༤པའི་ནང་དུ་རྫོང་དེའི་མི་དགེ་རྒན་ཞིག་གིས་མཁོ་འདོན་བྱས་པ་ཡིན་ནོ།    །

ལིའང་ཧྲན་རང་སྐྱོང་ཁུལ་བོད་ཀྱི་སྲིད་འཛིན་ས་མིང་སྐོར།

སྐར་ལེགས་རྫོང་གི་སྲིད་འཛིན་ས་མིང་།

སྐར་ལེགས་རྫོང(甘洛县)གི་ལོ་ཧྥོའུ་འམ་ལུང་ཕུག་ཤང་གི་སྡེ་མིང་སྐོར། ལོ་བུ་ཧྥོའུ་འམ་ལུང་པ་ཕུག་སྡེ་པ་དང་།  གཡོ་རུ་སྡེ་པ།  རྒྱ་དཔལ་སྡེ་པ།  ལག་རྗེས་སྡེ་པ།  ཁྱོད་ལ་སྡེ་པ་བཅས་སོ། །

རྫས་ལྷ་ཡུལ་ཤོག་གི་སྡེ་མིང་། ནང་འཛོམ་ཉོ་སྡེ་པ། རྫས་ལྷ་སྡེ་པ། ཚ་རྟ་སྡེ་པ། ཟ་དཀར་སྒོ་སྡེ་པ་བཅས་སོ། །

མཐུན་སྒྲིལ་ཡུལ་ཤོག་གི་སྡེ་མིང་། ལོ་མ་སྡེ་པ། ཨེ་དུའུ་དགེ་སྡེ་པ།  རྒྱ་གེ་ཟ་སྡེ་པ། དབང་པ་སྡེ་པ་བཅས་སོ། །

ཧྥོའུ་ཚེ་གེ་གྲོང་རྡལ་གྱི་སྡེ་མིང་། བོའུ་ལེ་ཚུ་སྡེ་པ། དམར་པོ་སྡེ་པ། སུའུ་ལ་ཀེ་སྡེ་པ། སྒ་ཧྥོའུ་སྡེ་པ། མོའུ་ཀ་སྡེ་པ། གཡས་ས་ཧྥོའུ་སྡེ་པ་བཅས་ཡོད་ཅིང་།   རྫོང་འདིའི་མངའ་ཞབས་ན་བོད་རིགས་མི་བདུན་སྟོང་ལྷག་ཡོད་པར་བཤད་པ་དང་།  སྤྱིར་ཞི་ཀྲང་གྲོང་ཁྱེར་ལ་བོད་རིགས་མི་བཞི་སྟོང་བརྒྱ་ལྷག་ཙམ་ཡོད་ཅིང་།  ད་དུང་བོད་རིགས་མི་བཞི་བརྒྱ་ལྷག་རྫོང་ཁག་གཞན་པ་ལ་གནས་ཡོད་པར་བཤད་དོ།  ཤིས་ཁྲེང་གྲོང་ཁྱེར་ན་གནའ་སྔ་མོ་མཆོད་རྟེན་འགའ་ཤས་ཡོད་པའི་ལོ་རྒྱུས་ཀྱང་བཤད་སྲོལ་ཡོད་པ་ཡིན་ནོ། །

གཡུལ་གཤིས་བུར་ཀ་རྫོང་གི་སྲིད་འཛིན་ས་མིང་།

གཡུལ་གཤིས་བུར་ཀ་རྫོང(越西县)གི་མེ་ཕུར་ཡུལ་ཤོག་གི་སྡེ་མིང་།  མེ་ཕུར་སྡེ་པ།  འཛེམ་འབོ་སྡེ་པ།  འཛོམ་འབུས་སྡེ་པ་བཅས་སོ། །

ལེ་ཚུ་པ་ཡུལ་ཤོག་གི་སྡེ་མིང་། ལ་ཅེས་ཀོས་སྡེ་པ། སྒ་ཧྥོའུ་སྡེ་པ། ཤིང་གཅོད་སྐེ་སྡེ་པ། ལས་སེ་ཡེ་སྡེ་པ་བཅས་སོ། །

ནུབ་རི་ཡུལ་ཤོག་གི་སྡེ་མིང་། ཕ་གསན་སྡེ་པ། འཚེ་ཁག་སྡེ་པ། བཀན་ཧྥོའུ་སྡེ་པ་བཅས་སོ། །

དཔའ་ངར་བོད་རིགས་ཤང་ནི། (保安藏族乡)གཡུལ་ཤུལ་རྫོང་མཁར་གྱི་ནུབ་བྱང་རྒྱུད་སྤྱི་ལེ༣༨ཆོད་པའི་སར་ཆགས་ཡོད།  ཡུལ་ཤོག་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་སྨིས་གྲུ་བཞི་མ༣༤..༢༢དང་མི་གྲངས་ཁྱོན༤༢༧༨ཡོད་པར་བོད་རིགས་གཙོ་བོ་དང་རྒྱ།  དབྱིས། ཧུའུ་བཅས་འདྲེས་མར་སྡོད་པའི་མི་རིགས་ཀྱི་གྲངས་ཅུང་ཟད་མང་སའི་ཡུལ་ཤོག་ཞིག་ཡིན།  ༡༩༨༤ལོའི་ཟླ༧པར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བོད་རིགས་ཤང་འཛུགས་པའི་ཆོག་མཆན་ཐོབ་ཡོད།གཡུལ་ཤུལ་རྫོང་ལ་མི་རིགས་ཀྱི་ཡུལ་ཤོག་གཅིག་ཁོ་ན་ཡིན།  དཔའ་ངར་ཡུལ་ཤོག་ལ་ཡུན་རིང་བའི་ལོ་རྒྱུས་རིག་གནས་ཡོད་པ་མ་ཟད་གནའ་དུས་དར་གོས་སོགས་མང་པོ་ཡོད་པ་དང་།འགྲུལ་ལམ་ངེས་པར་དུ་ས་ཆ་དེ་རྒྱུད་ནས་འགྲོ་དགོས་ས་ཞིག་ཡིན་ཏེ།སྐབས་དེར་མི་རྣམས་བདེ་སྡོད་ལས་གཞོལ་བྱས་ཤིང་ཚོང་ལས་ཧ་ཅང་དར་རྒྱས་ཆེ།  གནའ་སྔ་མོའི་གྲོང་མཁར་དང་དེའི་རྒྱ་སྒོ་ཡང་ད་བར་རང་སོར་བཞག་ཡོད།   དམར་དམག་རྒྱང་སྐྱོད་བྱས་ནས་དཔའ་ངར་ཡུལ་ཤོག་གི་ཁོངས་སུ་རྒྱུད་དུས་མི་རིགས་ཁག་གི་དགའ་བསུ་དང་བརྩི་སྲུང་ཐོབ་པས་དམར་དམག་རྒྱལ་ཁའི་ངང་དཔུང་འཛོམས་བྱེད་སར་བྱས་རྗེས་གལ་ཆེན་བཞག་ཡོད་པ་ཡིན་ནོ།  །ཞར་བྱུང་ལིའང་ཧྲན་ཁུལ་གྱི་བོད་རིགས་ཀྱི་གྲངས་ཀ་ལ་མཚོན་ན་ཁྲི་བདུན་དང་སྟོང་བརྒྱད་ལྔ་བརྒྱ་བདུན་ཅུ་དོན་དྲུག་ཡོད་པར་བཤད་དོ།།


  • ལེ་ཚན་སྔོན་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༣༽
  • ལེ་ཚན་རྗེས་མ།:མི་ཉག་གི་དེབ་ཐེར་ལྗང་གུ །༼༥༽