པོ་ཏ་ལའི་རྩིགས་སྐྱོར་སྒོར་མོ།

        2013-05-30

དེང་སང་རྒྱལ་ཁབ་ཕྱི་ནང་ནས་བོད་ལ་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་མཁན་ཚོ།རྩེ་ལ་ཕེབས་སྐབས་ནུབ་ཀྱི་ལམ་བརྒྱུད་རྩིགས་སྐྱོར་སྒོར་མོ་དེར་རླངས་འཁོར་ཁ་སྒྱུར་ས་བྱེད་ཀྱི་ཡོད།འོན་ཀྱང་དེ་སྔ་རྩིགས་སྐྱོར་སྒོར་མོ་དེ་སྐྲུན་དགོས་དོན་གང་ཡིན་པ་དང་།དགོས་པ་གང་ཡིན་ནི་དེང་གི་གཞོན་སྐྱེས་ཚོར་རྒྱུས་མངའ་དེ་ཙམ་མེད།དེ་ནི་སྔར་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོ༼དྲུང་ཇ༽ཞེས་ཉིན་ལྟར་ཚོགས་དགོས་པའི་བྱེད་སྒོ་གཅིག་དང་།ལྷག་པར་དུ་ས་གནས་སྲིད་གཞུང་གི་གཞུང་དོན་བྱེད་སྒོ་མང་པོ་ཞིག་རྩེ་ཕོ་བྲང་དུ་གནང་གི་ཡོད།སྐབས་དེར་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་ཆིབས་རྟ་ཡིན་པར་བརྟེན་དཔོན་རིགས་ཚོ་བྱེད་སྒོར་ཞུགས་སྐབས་རྟ་དང་གཡོག་པོ་ཚོ་རྟ་ལམ་སྒོར་མོར་ཕེབས་སྒུག་ཞུས་ནས་སྡོད་དགོས་ཀྱི་ཡོད་པ་རེད།དེ་དོན་སྐོར་དམངས་ཁྲོད་ཀྱི་གཞས་ཤིག་ཡོད་པ་དེ་ལུང་དུ་དྲངས་ན།དེའི་དགོས་པ་གང་ཡིན་མདོ་ཙམ་མཁྱེན་ཐུབ།རྟ་ལམ་སྒོར་མོའི་སྒང་གི།སྒེར་གཡོག་སྤུ་ཕྲུག་ལོང་སྦྱར།།སོག་ཞྭ་སྙེས་ལ་བརྒྱབས་ནས།།གཉིད་ལམ་ག་རེ་བཏང་བྱུང་།།
  • ལེ་ཚན་སྔོན་མ།:རྩེ་པོ་ཏ་ལའི་ལྕོག་བཞི།
  • ལེ་ཚན་རྗེས་མ།:སྤེན་བད།
  • དོ་སྣང་ཆེ་བའི་རྩོམ།