དར་མདོའི་ཡ་མཚན་ཆེ་བའི་བྲག་ཚ་ཆུ།

        2011-08-30

དར་མདོར་ཚ་ཆུ་མང་པོ་ཡོད་པ་དེ་ཞིང་ཆེན་ཡོངས་ལ་སྐད་གྲགས་འགྲོ་བ།ཚ་ཆུ་དེ་དག་ནང་དར་མདོ་གྲོང་དང་སྤྱི་ལེ་བཅུ་ཙམ་རྒྱང་བའི་ལྷོ་ཕྱོགས་གཉལ་ལུང་འགོར་མིག་སྔར་ད་དུང་གསར་སྦོལ་བྱས་མེད་པའི་ཚ་མགོ་ཆེ་ཆུང་མང་པོ་ཡོད་པའི་ནང་གཙོ་བོ་བཞི་ཡོད།ཚ་མགོ་གཉིས་ནི་ཅུང་ཆེ་ཞིང་ཚ་ཆེ་བས།དེར་སྤྲོ་འཆམ་འགྲོ་མཁན་ཚོས་སྒོ་ང་དང་ཞོག་ཁོག་བཙོས་ནས་ཟ་ཆོག་གཞན་ཡ་མཚན་ཆེ་བའི་བྲག་ཚ་མགོ་ཆེ་ཆུང་གཉིས་ཡོད།དེ་གཉིས་ནི་ཟེ་ཚྭའི་འགྱུར་རྡོ་རིམ་གྱིས་ཆགས་པའི་ཡར་སྐྱེ་རྒྱུ་ཡོད་པའི་བྲག་ཚ་མགོ་ཡིན་ཞིང་མཐོ་བ་དེ་ས་ངོས་ལས་སྨི་གསུམ་ཙམ་སྐྱེ་ཡོད་པ་དང་བྲག་སྟེང་གི་ཚ་མིག་དཀྱིལ་གཞུང་ལ་སྒོ་ང་གཅིག་བཙོ་ཐུབ་པ།དམའ་བོ་དེ་གཞོང་པ་འདྲ་པོ་ཞིག་ཡིན་པ།བཤད་སྲོལ་ལ་བྲག་ཚ་ཆུ་དེས་ཕོ་བའི་ནད་ལ་ཡག་པོ་ཕན་ཟེར།ཚ་མགོ་ཅུང་ཆེ་བ་གཉིས་ཚ་ཉལ་བྱེད་ས་ཡག་པོ་བཟོ་མེད་རུང་རྐང་པའི་ནད་ལ་ཕན་པ་ཆེ་བས་འདིར་ཡོང་མཁན་མང་པོ་ཡོད་པ་རེད།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
 
  • ལེ་ཚན་སྔོན་མ།:མཚོ་ཕུ་ལྷ་མཚོ།
  • ལེ་ཚན་རྗེས་མ།:དུང་དཀར་ལུང་པའི་གནས་རྡོ་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།