སྨན་པ་མཁའ་ལེགས་བཟོད་པ།(2)

དཀོན་རྡོར་དང་བཀྲ་ཤིས། ཐུབ་བསྟན། ཨོ་རྒྱན        2011-01-04


གོང་བཀོད་ཀྱི་གནས་ཚུལ་ནི་གསར་འགོད་པས་ཁོང་ཉིད་ཀྱི་མཚན་སྙན་གཟི་བརྗིད་ལག་ཁྱེར་མང་པོའི་ནང་དུ་མཚོན་བྱེད་རེ་ཟུང་བཀོད་པ་ཡིན་ལ་ཁོང་གི་བོད་ཀྱི་གསོ་རིག་འཛིན་སྐྱོང་སྤེལ་གསུམ་སྐོར་གྱི་མཛད་རྗེས་ནི་ངག་གིས་བརྗོད་ཀྱིས་མི་ལངས་ལ་རིས་སུ་བཀོད་ཐབས་བྲལ་བ་ཞིག་ལགས།   མ་གཞིར་ལས་འཁྱུར་བྱས་རྗེས་སེམས་བདེ་བག་ཕེབས་ཀྱིས་ངལ་གསོ་བྱས་ཆོག་ཀྱང་དུས་རྒྱུན་དུ་ནད་པ་རྣམས་ཀྱིས་ཨུ་ཚུགས་བྱས་ནས་ཁྱིམ་དུ་ནད་བལྟ་བར་ཡོང་པས་དོགས་བདེ་བའི་ཆེད་དུ་ང་རང་གིས་སྨན་ཁང་འདི་བཙུགས་པ་ཡིན།  ང་རང་གིས་བསམ་ན་ཅི་ཐུབ་གང་ཐུབ་ཀྱིས་མང་ཚོགས་ལ་ཕན་རེ་ཐོབ་ན་མི་ཚེ་སྟོང་ཟད་དུ་མི་འགྲོ་ཞིང་། རང་གི་སྨན་རྒྱུན་ཡང་མི་ཆད་པས་ཕྱི་རབས་པ་རྣམས་ཀྱིས་སྔར་ལས་ལྷག་པའི་འཕྲིན་ལས་སྤེལ་ཐུབ་རྒྱུ་རེད་ཅེས་ཐུགས་དགོངས་ཡངས་ཤིང་མིག་རྒྱང་རིང་བའི་སྒོ་ནས་དེ་ལྟར་གསུངས། དངོས་གནས།  མཁའ་ལྟར་ཡངས་ཤིང་མཚོ་ལྟར་ཟབ་པའི་གསོ་རིག་གི་བདུད་རྩི་སྙིང་པོས་འགྲོ་མང་སྡུག་གི་མཚོ་ལས་བསྒྲལ་བའི་རླབས་ཆེན་གྱི་མཛད་རྗེས་ལ་ཡི་རངས་ཀྱི་མཐེ་བོང་མི་བསྒྲེངས་མཁན་མེད་ལ་བསྟོད་བསྔགས་ཀྱི་མེ་ཏོག་མི་འབུལ་མཁན་སུ་ཞིག་མཆིས།  ཕྱིན་ཆད་ཀྱི་འགྲོ་ལམ་དུ་ཁོང་གི་སྒོ་གསུམ་གྱི་བྱ་གཞག་ནི་ཟིལ་ཆུ་ལྟར་དུ་ནམ་ཡང་ཉམས་པ་མེད་པའི་སྨོན་འདུན་ཞུས།
  • ལེ་ཚན་སྔོན་མ།:ཞིང་འབྲོག་མང་ཚོགས་ཀྱི་སྨན་པ་བཟང་པོ་རྒྱ་མཚོ།
  • ལེ་ཚན་རྗེས་མ།:སྨན་པ་ཆེན་པོ་ཚེ་རིང་ཕུན་ཚོགས།
  • དོ་སྣང་ཆེ་བའི་རྩོམ།