ཚངས་དབྱངས་རྒྱ་མཚོ།

ཕོར་རྐང་།        2024-10-16

སྐྱིད་ཆུ་ཤང་ཤང་བཞུར་ས། །

སྐྱིད་ཤོད་མེ་ཏོག་ཐང་ནས། །

འཕྱོངས་རྒྱས་ཟླ་བ་སྒྲོལ་མ། །

མེ་ལོང་ནང་ལ་མངོན་བྱུང་། །

ཕོ་བྲང་མཐོ་བས་མ་ཡིན། །

གསེར་ཏོག་ལྕི་བས་མ་ཡིན། །

རིག་འཛིན་ཚངས་དབྱངས་རྒྱ་མཚོས །

གསེར་ཁྲི་གཡུགས་ནས་འཁྱམས་སོང་། །

བར་སྐོར་ནང་གི་མིག་ཆུ། །

སྐྱིད་ཤོད་ལྷ་སའི་གླིང་ནས།།

རྣ་བ་བཀབ་ཀྱང་གོ་འདུག །

འཁོར་བའི་གཞས་ཆུང་འདྲ་འདུག །

མཛེས་ལྡན་ནོར་བུ་གླིང་ཀ །

སྨྲེང་བའི་དཀྱིལ་ན་ལུས་འདུག །

འཕྱོངས་རྒྱས་ཟླ་བ་སྒྲོལ་མར། །

བརྩེ་བའི་མེ་ཏོག་རྒྱས་ཡོད། །

པོ་ཏ་ལ་རུ་མ་བཞུགས། །

དབུས་མོའི་འཛུམ་ལ་འཁྲེང་ཡོད། །

མཆི་མའི་ཆར་པ་བབས་ཀྱང་། །

བསྐྱུར་འདོད་སེམས་ལ་མ་བཞད། །

གཡུ་ཆུང་ཟམ་པའི་སྒང་ལ། །

བདེ་མོའི་ཚིག་བཞི་བྲིས་ཡོད། །

སྡེ་ཆེན་རི་གྲོང་ནང་ལ། །

བརྩེ་བའི་མེ་ཏོག་གཏོར་ཡོད། །

ཟླ་བ་མཚོ་ལ་ཆགས་ཡོད། །

མི་འགྱུར་དམ་ཚིག་བཞག་ཡོད།།

དུང་སེམས་མེ་ཏོག་སྨིན་ཡོད། །

འཕྱོངས་རྒྱས་ཟླ་བ་སྒྲོལ་མ། །

མགུར་གླུ་ཤུལ་དུ་ལུས་ཡོད། །

བགྲོད་ལམ་རྒྱང་ལ་ཕྱོགས་ཡོད། །

མལ་སའི་ནང་གི་འཁྲུལ་སྣང་། །

རྒྱལ་ཁམས་བསྐོར་ནས་སོང་ཡོད། །


  • ལེ་ཚན་སྔོན་མ།:ལྷ་ས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།