ཏུའུ་ཡུང་པིན།

    ཀྲུང་གོའི་བོད་རིག་པའི་དྲ་བ།    2012-08-03

ཏུའུ་ཡུང་པིན།
 

ཞིབ་འཇུག་པ་གཞོན་པ། ༡༩༦༠ལོའི་ཟླ་༡༠པར་སི་ཁྲོན་ཞིང་ཆེན་ལྕགས་ཟམ་རྫོང་དུ་སྐྱེས། ༡༩༨༣ལོའི་ཟླ་༧པར་ཟི་ཁྲོན་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་པའི་ཚན་ཁག་གི་སློབ་རབས་པས་སློབ་གནས་ཐོབ་པ་དང་། ༡༩༨༨ལོའི་ཟླ་༧པར་སི་ཁྲོན་སློབ་གྲྭ་ཆེན་མོའི་ལོ་རྒྱུས་རིག་པའི་ཚན་ཁག་གི་ཤེས་རབསཔའི་སློབ་གནས་ཐོབ། ༡༩༩༥ལོའི་ཟླ་༩པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་དུ་རྒྱུགས་འཕྲོད་དེ་སློབ་གཉེར་བྱས་ཤིང་། ༡༩༩༨ལོའི་ཟླ་༧པར་ལོ་རྒྱུས་རིག་པའི་མཁས་རམས་པའི་སློབ་གནས་ཐོབ།

ཞིབ་འཇུག་བྱ་གཞི།

༡. རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་བྱ་གཞི་གཙོ་གྲས་ཀྲུང་གོའི་གནས་ཚུལ་དཔེ་ཚོགས་ལས་ལྷ་སའི་སྐོར་ཞེས་པའི་ཞིབ་འཇུག་ཚོགས་པའི་ཁོངས་མི། གཙོ་སྐྱོང་བྱེད་མཁན་མཁས་རམས་པ་དགེ་ལེགས་ཡིན།  ལེགས་པར་གྲུབ་ཟིན་ཅིང་ཀྲུང་གོའི་རིག་གནས་ཀུན་འདུས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 

༢. ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་བྱ་གཞི་གཙོ་གྲས་དེང་རབས་བོད་ལྗོངས་ཀྱི་ཆེད་དོན་ཞིབ་འཇུག་ཅེས་པའི་འགན་གཙོ་བོ་ཁུར་བ།   གཙོ་སྐྱོང་བྱེད་མཁན་སྤྱི་ཁྱབ་ལས་འཛིན་ཟུར་པ་་རྡོ་རྗེ་ཚེ་བརྟན་ཡིན། གྲུབ་ཟིན་རུང་་པར་དུ་བསྐྲུན་མེད། 

༣. རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཞིབ་འཇུག་བྱ་གཞི་གཙོ་གྲས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན་སྐོར་གྱི་ཞིབ་འཇུག་ཞེས་པའི་ནང་དོན་ཁག་ཅིག་གི་འགན་ཁུར་བ། མཁས་རམས་པ་དགེ་ལེགས་ཀྱིས་གཙོ་སྐྱོང་བྱས། པར་དུ་འཁོད་ཟིན། 

༤. ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་བྱ་གཞི་གཙོ་གྲས་ཨ་མེ་རི་ཀ་བའི་བོད་ལྗོངས་ལྟ་ཚུལ་སྐོར་གྱི་ཞིབ་འཇུག་ཅེས་པར་འགན་ཁུར་བ། ༢༠༠༡ལོ་ནས་༢༠༠༤བར། ཁག་འགའ་གྲུབ་སྟེ་ཞིབ་འཇུག་སྙན་ཞུ་དུ་མ་ཕུལ་བ་དང་དཔྱད་རྩོམ་དུ་མ་སྤེལ་ཚར། 

༥. ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་བྱ་གཞི་གཙོ་གྲས་པུའུ་ཧྲིའི་དུས་སྐབས་སུ་ཨ་མེ་རི་ཀས་བོད་ལ་འཛིན་པའི་སྲིད་ཇུས་དང་དེས་ཀྲུང་ཨ་འབྲེལ་བར་ཐེབས་པའི་ཤུགས་རྐྱེན་སྐོར་གྱི་ཞིབ་འཇུག་ཅེས་པའི་འགན་ཁུར་བ། ༢༠༠༡ལོ་ནས་༢༠༠༨ལོ་བར། སྤྱི་ཁྱབ་ལས་འཛིན་གཞོན་པ་དགེ་ལེགས་དང་པི་ཧྭ་གཉིས་བློ་འདྲི་ས་ཡིན། ཁག་འགའ་ལེགས་པར་གྲུབ་ཟིན་ཅིང་རིང་པོ་མ་འགོར་བར་ཡོངས་སུ་འགྲུབ་ཐུབ། མཇུག་མཐའི་ཞིབ་འཇུག་གི་གྲུབ་འབྲས་རྒྱལ་ཕྱིའི་བོད་ཀྱི་གནད་དོན་ལ་ཞིབ་འཇུག་བྱས་པའི་སྙན་ཞུ་ཞེས་པ་ནང་ཁུལ་ནས་པར་སྐྲུན་བྱེད་ལ་ཉེ་ཞིང་། ཨ་མེ་རི་ཀས་བོད་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་སྟངས།  བོད་བརྒྱུད་ནང་བསྟན་ཕྱི་རྒྱལ་དུ་དར་ཚུལ་དང་དེའི་ཤུགས་རྐྱེན་ཞེས་པ་གཉིས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༠༥ལོར་པར་དུ་བསྐྲུན། 

༦. རྒྱལ་ཁབ་ཀྱི་ཞིབ་འཇུག་ལས་གཞི་གཙོ་གྲས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་ཕན་ཚུན་མཐུན་ཐབས་སྐོར་གྱི་ཞིབ་འཇུག་ཅེས་པའི་ནང་དོན་ཁག་ཅིག་སྒྲུབ་འགན་ཁུར་བ། ༢༠༠༤ལོ། 

ཁྲེན་ཧུང་ཧྲུའུ་ཅིས་གཙོ་སྐྱོང་བྱས། ད་ལྟ་ཁག་ཅིག་གྲུབ་ཟིན། བོད་རིག་པའི་སྐོར་གྱི་བརྩམས་ཆོས་དང་བསྒྱུར་ཡིག ༡༩༨༨ལོ། 

ཨ་མེ་གླིང་བྱང་མའི་བོད་རིག་པའི་ཞིབ་འཇུག  ཨ་མེ་རི་ཀ ཐནཀོ་ལུན་ཧྥུས་བརྩམས།  བོད་རིག་པའི་ཞིབ་འཇུག་འཕྲིན་གསར་དེབ་༤པའི་ཐོག་བཀོད།  བོད་ནི་ཀྲུང་གོའི་མངའ་ཁོངས་ཁ་ཕྲས་དུ་མི་རུང་བའི་ཤིག་་ཡིན་ཟེར་དོན་ཅི།  ཨ་མེ་རི་ཀ  ཝུའུ་ཐེན་ཝེས་བརྩམས། བོད་རིག་པའི་ཞིབ་འཇུག་འཕྲིན་གསར་དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ། ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་བསྒྱུར་རྩོམ་ཕྱོགས་སྒྲིག་དེབ་བཅུ་པའི་ཐོག་བཀོད། ༡༩༩༤ལོ། ༡༩༩༢ལོ། 

སྡེ་དགེ་རྒྱལ་པོའི་མངའ་ཁོངས་ཀྱི་ཆོས་ལུགས་ཀྱི་གྲུབ་སྟངས་ཐུན་མོང་མ་ཡིན་པ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རིགས་གཞུང་དུས་དེབ་དེབ་དང་པོའི་ཐོག་བཀོད།མི་ཉག་བཀའ་བསྟན་ཁྲོད་ཀྱི་བོད་ལུགས་ཤིང་བརྐོས་བར་རིས། དབྱིན་ཇི།  ཧའེ་ཏེ་སི་ཏ་ཏུའོ་ཡིས་བརྩམས། ཕྱི་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་བསྒྱུར་རྩོམ་ཕྱོགས་སྒྲིག་དེབ་༨པའི་ཐོག་བཀོད། ༡༩༩༣ལོ། 

རེན་ནའེ་ཆའང་གིས་སི་ཁྲོན་གྱིས་བོད་ཁུལ་གསར་སྤེལ་ལ་བཏོན་པའི་བྱས་རྗེས། སི་ཁྲོན་གྱི་བོད་རིག་པའི་དཔྱད་རྩོམ་ཕྱོགས་སྒྲིག་ཏུ་བཀོད།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༤ལོ། 

བོད་གསར་པའི་བགྲོད་ལམ་འཚོལ་བ། དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ།  ཕྱི་རྒྱལ་གྱིས་བོད་རིག་པར་ཞིབ་འཇུག་བྱེད་པའི་འཕེལ་ཕྱོགས་དེབ་༧པའི་ཐོག་བཀོད།  བོད་ཀྱི་དེང་རབས་ལོ་རྒྱུས་༡༩༡༣—༡༩༥༡—རབ་བྱུང་བའི་རྒྱལ་ཁབ་ཀྱི་ཉམས་ཉེས།  ཨ་མེ་རི་ཀ   མེར་ཝུནཀོར་སི་ཐན་གྱི་བརྩམས།  ༡༩༩༧ལོ།   

དགེ་འདུན་ཆོས་འཕེལ་གྱི་བརྩམས་ཆོས་དང་བསྒྱུར་ཆོས་སྐོར་གྱི་དཔྱད་པ། ཀྲུང་གོའི་བོད་རིག་པ་དུས་དེབ་༣པའི་ཐོག་བཀོད།  ཀྲུང་གོའི་བོད་རིག་པའི་དེང་རབས་ཅན་གྱི་བགྲོད་ལམ། སྤྱི་ཚོགས་ཚན་རིག་གི་འཐབ་ཕྱོགས་དེབ་༤པ་དང་། ཞིན་ཧྭའི་རྩོམ་ཡིག་བསྡུས་འགོད་དེབ་༡༡པ། ཀྲུང་གོའི་མི་དམངས་སློབ་ཆེན་གྱི་བསྐྱར་དཔར་དུས་དེབ་དང་ཚགས་པར་དཔྱད་གཞིའི་ཡིག་རིགས་རིག་གནས་ཞིབ་འཇུག་དེབ་༤པ་བཅས་ཀྱི་ཐོག་བཀོད།༡༩༩༨ལོ། 

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཆུང་མ་དང་བུ་མོ་རྩད་གཅོད་བྱས་ཚུལ། ཀྲུང་གོའི་བོད་ལྗོངས་དེབ་དང་པོའི་ཐོག་བཀོད།དབྱིན་ཇིས་ཀྲུང་གོའི་བོད་ཀྱི་ལས་དོན་ལ་ཐེ་གཏོགས་བྱེད་མཁན་གྱི་ལམ་སྣེ་བ་སྟེ་རུང་ཧོ་ཕེང་དང་། པེར། ལི་ཅི་ཧྲེང་། བོད་ལྗོངས་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་དང་པོའི་ཐོག་བཀོད། བོད་ཀྱི་ལོ་རྒྱུས་རིག་གནས་ཚིག་མཛོད།  གཞན་དང་མཉམ་དུ་བསྒྲིགས་པ།  ཀྲའེ་ཅང་མི་དམངས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་མཉམ་འབྲེལ་གྱིས་པར་དུ་བསྐྲུན། རྒྱལ་ཁབ་དཔེ་དེབ་བྱ་དགའ་ཐོབ།  དགེ་འདུན་ཆོས་འཕེལ་གྱི་ཕ་ཡུལ་དུ་བསྐྱོད་པ།  བོད་ཀྱི་དམངས་སྲོལ་དེབ་དང་པོའི་ཐོག་བཀོད།  དགེ་འདུན་ཆོས་འཕེལ་གྱི་ཕེབས་ལམ་བསྙེགས་པ། ཨ་མདོ་ཞིབ་འཇུག་དེབ་དང་པོ་དང་གཉིས་པའི་ཐོག་བཀོད། ༡༩༩༩ལོ།  

བོད་ཀྱི་ལོ་རྒྱུས་རིག་གནས་ཚིག་མཛོད་ཀྱི་དཔྱད་བརྗོད་དང་མཚམས་སྦྱོར། ཀྲུང་གོའི་བོད་ལྗོངས་དེབ་དང་པོའི་ཐོག་བཀོད།    སྡེ་དགེ་བས་བོད་ཀྱི་རིག་གནས་ཐད་བཞག་པའི་བྱས་རྗེས་གླེང་བ། 

བོད་རིག་པའི་དཔྱད་རྩོམ་དཔེ་ཚོགས་མཁས་པའི་དགའ་སྟོན་འདོན་ཐེངས་དང་པོའི་ཐོག་བཀོད། པེ་ཅིན་དཔེ་སྐྲུན་ཁང་།  

དགེ་འདུན་ཆོས་འཕེལ་དང་རྡོ་སྦིས་ཤེས་རབ་རྒྱ་མཚོ་གཉིས་ཀྱི་འབྲེལ་བའི་སྐོར་གླེང་བ། མཚོ་སྔོན་མི་རིགས་སློབ་གླིང་གི་རིག་གཞུང་ཞིབ་འཇུག་དུས་དེབ་དང་པོའི་ཐོག་བཀོད།   མི་གཞན་གྱིས་དགེ་འདུན་འཕེལ་ལ་ཤུགས་རྐྱེན་ཐེབས་ཚུལ་སྐོར་གླེང་བ། ཀྲུང་གོའི་བོད་རིག་པའི་དེབ་དུས་༤པའི་ཐོག་བཀོད།  བོད་ཀྱི་ཤེས་རིག་སྐོར་གྱི་རི་མོ་བོད་ཀྱི་གནའ་དུས་དང་དེང་དུས་ཀྱི་དཔེ་རིས་ཀྱི་དཔྱད་བརྗོད། ཀྲུང་གོའི་བོད་ལྗོངས་དེབ་༣པའི་ཐོག་བཀོད།  བོད་བརྒྱུད་ནང་བསྟན་མང་ཚོགས་ཅན་དུ་འགྱུར་བའི་འཕེལ་ཕྱོགསCDཞོར་དུ་དམངས་གཙོ་བཅོས་བསྒྱུར་གྱིས་བོད་བརྒྱུད་ནང་བསྟན་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ། ཐབས་ཇུས་དང་དོ་དམ་དེབ་༤པ་དང་ཀྲུང་གོའི་བོད་རིག་པའི་དུས་དེབ་༣པའི་ཐོག་བཀོད།  གནད་བསྡུས།  དགེ་འདུན་ཆོས་འཕེལ་དང་ནུབ་བོད་ལེགས་བཅོས་སྐྱིད་སྡུག  བོད་ལྗོངས་ཞིབ་འཇུག་དེབ་༢པའི་ཐོག་བཀོད།  དེང་རབས་བོད་ཀྱི་ནང་བསྟན་གྱི་གླེང་གཞི། ཀོར་སི་ཐན་གྱིས་བརྩམས།  དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བ། ནང་ཁུལ་པར་སྐྲུན།  བོད་ཀྱི་མི་ཆོས་རིང་ལུགས་པའི་ཐོག་མ་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་དང་དཔྱད་པ། མཁས་རམས་པའི་དཔྱད་རྩོམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།   


  • ལེ་ཚན་སྔོན་མ།:བོད་ཀྱི་སྨན་རྩིས་མཁས་པ་བྱམས་པ་འཕྲིན་ལས་མཆོག་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:བསོད་ནམས་རྡོ་རྗེ།
  • དོ་སྣང་ཆེ་བའི་རྩོམ།